Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཧུན་སུར་རབ་རྒྱས་གླིང་དུ་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༧༡ ལོར་དབུ་བརྙེས་ནས་དེ་རིང་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། དེ་རིང་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ནང་སྔ་དྲོའི་ཕྱག་ཚོད་ ༨་༣༠ ཐོག་དགེ་འདུན་པ་དང་གཞིས་མི་རྣམས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལྷན་འཛོམས་ཀྱིས་ལྷ་སྲུང་འཕྲིན་བསྐུལ་དང་འབྲེལ་བསངས་གསོལ་དང་། ཚོགས་མགོན་དུ་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་མཛད་སྒོ་ཟབ་རྒྱས་ཐོག་ནས་སྲུང་བརྩི་ཞུས་གནང་སོང་།ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྟ་མགྲིན་ཚེ་དབང་ལགས་ཀྱིས་མཛད་སྒོའི་ཐོག་གཞིས་ཆགས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་མ་ཟད། ལས་གཞི་གང་ཞིག་ཡིན་ཡང་དངུལ་གྱི་རྒྱབ་སྐྱོར་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པས་འདི་ལོ་རབ་རྒྱས་གླིང་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སླད་གཞིས་མི་དང་། ལྷག་པར་ཕྱི་རྒྱལ་ཁག་ལ་བཞུགས་པའི་གཞིས་མི་རྣམས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་འོག་དེ་རིང་ཀྱི་དུས་ཚིག་དེའི་ཐོག་ཡུལ་མི་དབུལ་ཕོངས་ཀྱི་སློབ་ཕྲུག་རྣམས་ལ་གྱོན་ཆས་དང་འཛིན་ཆས་བགོ་འགྲེམས་དང་ཤིང་སྡོང་འདེབས་འཛུགས་ཀྱི་ལས་གཞི་སྤེལ་གནང་ཡོད་པ་རེད།རྩ་བའི་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ Mysore Resettlement and Development  འམ་ MYRADA ཞེས་ལྷོ་ཕྱོགས་མངའ་སྡེ་འདྲ་མིན་གྱི་རྫོང་ ༡༨ ཙམ་གྱི་ནང་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་སླད་ཕྱག་ལས་གནང་མཁན་གྱི་མེ་སོར་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་བྱེད་ William D...

རྒྱ་གཞུང་ལ་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་བཏོན་སོང་།

ཁ་སང་ཟླ་ ༩ ཚེས་ ༡༠ ཉིན་སྔ་དྲོ་ཚོུད་ ༩།༣༠ སྟེང་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག དམིགས་གསལ་སྐུ་མགྲོན་བོད་ཀྱི་བེུད་ལྷནཚོགས་ཀྱི་སློབ་སྟོན་པ་དང་ཚོགས་གཙོ་ཟུར་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། བེུད་སྤྱི་འཐུས་དང་ལས་ཟུར་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་སྟེ་ལོ་ངོ་ ༣༣ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་དོན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལུས་སྲོག་བློས་གཏོང་གནང་མཁན་གྱི་བེུད་སྙིང་སྟོབས་ཅན་རྣམས་ལ་རྗེས་དྲན་ཞུས་པ་དང་སྦྲགས། རྒྱ་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ་དང། དེ་བཞིན་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་བླ་རང་སྒར་དང་ཡར་ཆེན་སྒར་དུ་གཏོར་བཤིག་གི་ལས་དོན་སྤེལ་བཞིན་པ་མཚམས་འཇོག་དགོས་པ། བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བར་གནོན་ཤུགས་སྤྲོད་དགོས་པ་སོགས་ཀྱི་དོན་ཚན་ ༤ ཅན་གྱི་དགོས་འདུན་ཞིག་ཀྱང་བཏོན་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་སྩལ་དོན། བེུད་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་ལྷག་བསམ་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་འབྲེལ། ཚོགས་པའི་ངོས་ལས་གཞི་གང་ཞིག་སྤེལ་བ་རྣམས་ལས་བསྡོམས་ནང་དུ་འཁོད་ཐུབ་པ་ཙམ་མིན་པར་རྒྱུན་སྐྱོང་ཐུབ་པ་གནང་དགོས་གལ་དང། བེུད་ལྷནཚོགས་ཀྱི་ངོས་ནས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་བཙན་བྱོལ་བོད་མི་རྣམས་ཀྱི་དབར་ལ་ཤེས་ཡོན་དང་རིག་གཞུང་གོང་འཕེལ་ཐད་ཕྱག་ལས་གནང་དགོས་གལ་ཡིན་པ་མ་ཟད།...

ཧུན་སུར་རབ་རྒྱས་གླིང་དུ་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ དབུ་འཛུགས་གནང་པ།

དེ་རིང་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་སྒར་ཧུན་སུར་རབ་རྒྱས་གླིང་གི་མི་མང་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱིས་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། རྒྱུད་སྨད་གྲྭ་ཚང་གི་མཁན་པོ་བློ་བཟང་ཕན་བདེ་ལགས། རྫོང་དཀར་ཆོས་སྡེའི་མཁན་པོ། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་། གཞིས་ཆགས་ཀྱི་གྲོང་སྡེ་ཁག་གི་རྒྱ་དཔོན་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ། དེ་བཞིན་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ས་གནས་ཁག་ ༣༠ ནས་ཆེད་བཅར་ཞུས་པའི་རྒྱུན་ལས་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་ ༡༠༥ ལྷག་ལྷན་འཛོམས་ཐོག་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢  དབུ་འཛུགས་གནང་སོང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ངོས་ནས་ད་བར་གྱི་ལས་དོན་གནང་ཁག་ལ་བསྔགས་བརྗོད་གནང་པ་དང་འབྲེལ། ང་ཚོའི་བོད་ཀྱི་བེུད་ནུས་སྟོབས་གོང་འཕེལ་སོགས་ཀྱི་ལས་དོན་ཐམས་ཅད་ནི་རྒྱལ་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ལས་དོན་གལ་ཆེ་ཤོས་དེ་ནི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཐབས་ཀྱི་བྱ་བ་བསྒྲུབ་དགོས་པ་གལ་ཆེ་བ་ཡིན་སྐོར་གསུངས་པ་མ་ཟད། ལྷག་དོན་འདི་ལོ་འོས་བསྡུའི་ལས་རིམ་ནང་༸གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་སྐོར་ཡང་གསུངས་ཡོད། དབུས་བོད་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་གི་འཛིན་སྐྱོང་དང་། ལས་དོན་བྱེད་ཕྱོགས། ལྷག་དོན་ཆབ་སྲིད་དང་ཆོས་ཕྱོགས། ཤེས་ཡོན། བོད་ཀྱི་ཁོར་ཡུག སྤྱི་ཚོགས་ཞབས་སུ་སོགས་ཀྱི་ལས་དོན་ཇི་བྱས་ཀྱི་ལས་སྡོམས་དང་འབྲེལ་བའི་གསུང་བཤད་གནང་པ་ལས།...

ཧུན་སུར་རབ་རྒྱས་གླིང་དུ་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་གྲྭ་ཚང་དུ་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། དད་ལྡན་སེར་སྐྱ་མང་ཚོགས་ ༢༠༠༠༠ ལྷག་ལ་རྟེན་འབྲེལ་བསྟོད་པ་དང་རྟོགས་བརྗོད་མདུན་ལེགས་མ། དེ་བཞིན་དཔལ་གསང་བ་འདུས་པའི་ཁྲིད་ཆེན་བརྒྱད་ཀྱི་བཤད་ཁྲིད་ལེགས་གྲུབ་མཛད་པ་དང་བསྟུན། ཧུན་སུར་རབ་རྒྱས་གླིང་གི་གཞིས་ཁག་དང་རྒྱུད་སྨད་གྲྭ་ཚང་ཟུང་འབྲེལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་གཏང་རག་ཏུ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བོད་མི་རྣམས་དཀའ་ངལ་ཞིག་གི་འོག་ནས་གཅིག་འགྱུར་གྱི་འདུ་ཤེས་ཤུགས་ཆེན་པོ་ཡོད་པ་མ་ཟད། དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་གི་ཐོག་ནས་དད་ལྡན་སེར་སྐྱ་མང་ཚོགས་ཚོས་གདུང་ཤུགས་དྲག་པོས་བརྟན་བཞུགས་བསྟར་འབུལ་ཞུས་སྟབས། དེའི་ནུས་པ་ངེས་པར་དུ་ཐོན་ངེས་རེད་བཀའ་གནང་ཡོད་པ་རེད།      དེ་བཞིན་༸གང་ཉིད་མཆོག་གིས་འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པར་ཡང་དག་པའི་ཐོག་ནས་ཆོས་ཉམས་སུ་ལེན་ཐུབ་པ་བྱ་གལ་ཡིན་པ་བཀའ་བསྩལ་མཛད་པ་དང་སྦྲགས་ཏེ། དེ་ཡང་རང་དོན་བསྒྲུབ་པར་ཆོས་ཉམས་ལེན་བྱ་རྒྱུ་དང་དེ་མཚུངས་སུ་བླ་མའི་ཞབས་བརྟན་བསྒྲུབ་པ་ལའང་ཆོས་ཉམས་ལེན་བྱ་རྒྱུ་ལས་གཞན་ཞབས་བརྟན་བསྒྲུབ་རྒྱུ་མེད་སྐོར་གསུངས་གནང་མཛད་པ་མ་ཟད།      ད་དུང་༸གང་ཉིད་མཆོག་གིས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱིའི་སྣོད་ཀྱི་བཀོད་པ་ལ་ཆ་མཚོན་ན་དགོས་ངེས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཡོད་པ་ལྟར་ནང་སྒྲུབ་པ་ཉམས་ལེན་གྱི་ཐོག་ལ་དེ་བས་ཀྱང་དང་འདོད་དང་ཤུགས་སྣོན་འཕར་མ་བརྒྱག་དགོས་པའི་བཀའ་བསྩལ་ཕེབས་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཧུར་སུར་རབ་རྒྱས་གླིང་དུ་ཆོས་འབྲེལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས། ཁ་སང་ཉིན་རྒྱབ་ཏུ་བོད་མིའི་གཞིས་སྒར་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།

Latest news

- Advertisement -spot_img