Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཧུན་སུར་རྒྱུད་སྨད་གྲྭ་ཚང་དུ་༸གོང་ས་མཆོག་གིས་དཔལ་གསང་བ་འདུས་པའི་བཀའ་དབང་དབུ་འཛུགས་མཛད་པ།

ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༧༡ ལོར་དབུ་བརྙེས་ནས་དེ་རིང་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། དེ་རིང་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ནང་སྔ་དྲོའི་ཕྱག་ཚོད་ ༨་༣༠ ཐོག་དགེ་འདུན་པ་དང་གཞིས་མི་རྣམས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལྷན་འཛོམས་ཀྱིས་ལྷ་སྲུང་འཕྲིན་བསྐུལ་དང་འབྲེལ་བསངས་གསོལ་དང་། ཚོགས་མགོན་དུ་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་མཛད་སྒོ་ཟབ་རྒྱས་ཐོག་ནས་སྲུང་བརྩི་ཞུས་གནང་སོང་།ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྟ་མགྲིན་ཚེ་དབང་ལགས་ཀྱིས་མཛད་སྒོའི་ཐོག་གཞིས་ཆགས་ཀྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་མ་ཟད། ལས་གཞི་གང་ཞིག་ཡིན་ཡང་དངུལ་གྱི་རྒྱབ་སྐྱོར་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པས་འདི་ལོ་རབ་རྒྱས་གླིང་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སླད་གཞིས་མི་དང་། ལྷག་པར་ཕྱི་རྒྱལ་ཁག་ལ་བཞུགས་པའི་གཞིས་མི་རྣམས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་འོག་དེ་རིང་ཀྱི་དུས་ཚིག་དེའི་ཐོག་ཡུལ་མི་དབུལ་ཕོངས་ཀྱི་སློབ་ཕྲུག་རྣམས་ལ་གྱོན་ཆས་དང་འཛིན་ཆས་བགོ་འགྲེམས་དང་ཤིང་སྡོང་འདེབས་འཛུགས་ཀྱི་ལས་གཞི་སྤེལ་གནང་ཡོད་པ་རེད།རྩ་བའི་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ Mysore Resettlement and Development  འམ་ MYRADA ཞེས་ལྷོ་ཕྱོགས་མངའ་སྡེ་འདྲ་མིན་གྱི་རྫོང་ ༡༨ ཙམ་གྱི་ནང་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་སླད་ཕྱག་ལས་གནང་མཁན་གྱི་མེ་སོར་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་བྱེད་ William D...

བཟའ་ཆས་སྦྱིན་གཏོང་བརྒྱུད་༸སྐུའི་འཁྲུངས་སྐར་སྔ་སྣུར་ཐོག་ནས་སྲུང་བརྩི།

རྒྱ་གར་ལྷོ་ཕྱོགས་ཧུན་སོར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་༸དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་བཟའ་ཆས་སྦྱིན་གཏོང་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག དེའང་གནངས་ཉིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷརྨ་སཱ་ལཱ་གཙོ་གྱུར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་འབངས་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་རྣམ་པ་འདྲ་མིན་བརྒྱུད་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་དང་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཧུན་སོར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་མཚོན་ན་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་༸སྐུའི་འཁྲུངས་སྐར་སྔ་སྣུར་ཐོག་སྲུང་བརྩི་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་རྟེན་འབྲེལ་ཚུལ་དུ་ཧུན་སོར་གྱི་ཉེ་འདབས་སུ་ཆགས་པའི་ཊུ་ལུཀ་རྫོང་གི་གྲོང་གསེབ་ནང་གནས་པའི་རྒྱ་གར་གྱི་ཡུལ་མི་ཉམ་ཐག་ཁྱིམ་ཚང་ ༡༡༡༣ ལ་འབྲས་དང་གྲོ་ཞིབ་སོགས་སྐམ་ཟས་བགོ་འགྲེམས་གནང་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུགརྩ་བའི་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ད་ལན་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། ཧུན་སོར་གཞིས་ཆགས་ཀྱི་ཕན་བདེ་སྨན་ཁང་ནང་ཧིན་སྒོར་ཁྲི་དྲུག་ལྷག་གི་འགྲོ་གྲོན་བཏང་སྟེ་སྐམ་གློག་འཕྲུལ་ཆས་བཞི་གནང་འདུག་པ་མ་ཟད། ཉེ་འཁོར་རྒྱ་གར་གྱི་སློབ་གྲྭའི་ནང་འཛིན་རིམ་བཅུ་པ་དང་བཅིུས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་གཏོང་བཞིན་པའི་སློབ་ཕྲུག་གྲངས་ ༡༠༠༠ ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ཁ་རས་བགོ་འགྲེམས་གནང་བ་དང་། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱིས་ཧུན་སོར་བོད་མིའི་གཞིས་ཆགས་ནངགོ་སྒྲིག་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་ནང་དུ་ Wifi ཞེས་རྐུད་མེད་དྲྭ་རྒྱའི་མཐུན་རྐྱེན་བཅས་སྦྱར་འདུག རྒན་ཚེ་དབང་བསྟན་འཛིན་ལགས་ཀྱིས་༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིགྲྭ་མང་ཡོངས་ནས་༸སྐུའི་འཁྲུངས་སྐར་ཉིན་བསང་གསོལ་དང་སྨོན་ལམ་གསུང་འདོན། དེ་བཞིན་རང་ཤག་ཏུ་བཞུགས་ནས་མ་ཎི་གསོག་གྲུབ་ཀྱིས་གཙོ་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་ཚེ་སྒྲུབ་གནང་རྒྱུ་ཡིན་པ་གསུངས་སོང་། གཞི་རྩའི་ལོ་ལྟར་ཕྱི་ཟླ་ ༧ ཚེས་...

ཧུན་སུར་རྒྱུད་སྨད་གྲྭ་ཚང་དུ་༸གོང་ས་མཆོག་གིས་དཔལ་གསང་བ་འདུས་པའི་བཀའ་དབང་དབུ་འཛུགས་མཛད་པ།

དེ་རིང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྨད་གྲྭ་ཚང་དུ་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་ ༢༠༠༠༠ ལྷག་ལ་དཔལ་གསང་བ་འདུས་པའི་བཀའ་དབང་དངོས་གཞི་དབུ་འཛུགས་མཛ་དཡོད་པ་རེད།   བཀའ་ཆོས་ཀྱི་ཆེས་ཐོག་མར་མགོན་པོ་༸གང་ཉིད་མཆོག་གིས་དགེ་བསྙེན་གྱི་སྡོམ་པ་ཞུ་འདོད་ཡོད་པའི་ཆོས་ཞུ་བ་མི་སྐྱ་ཕོ་མོ་ཚོར་བསླབ་པའི་གཞི་ལྔ་དང་འབྲེལ་བའི་དགེ་བསྙེན་གྱི་སྡོམ་པ་སྩལ་གནང་བ་དང་སྦྲགས།  གསང་བ་འདུས་པའི་བཀའ་དབང་གི་སྔོན་འགྲོའི་སྤྱི་བཤད་དང་འབྲེལ་ནས་གང་ཟག་རང་ཉིད་ཀྱི་རྒྱུད་ལ་གསང་སྔགས་ཀྱི་ཉམས་ལེན་ཡོང་བ་ལ་ངེས་པར་དུ་སྟོང་པ་ཉིད་ཀྱི་ལྟ་བ་མེད་ཐབས་མེད་པ་ཞིག་དང་དེའི་རྒྱས་རྟེན་དུ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་དགོས་གལ་དང། དེ་ལྟར་ཡོང་བར་དབུ་རྩ་ཤེས་སོགས་དཔེ་ཀློག་གནང་གལ་ཡིན་སྐོར་བཀའ་སྩལ་ཡོད་པ་རེད།   ལྷག་དོན་དུ་སྤུས་ལྡན་པའི་བོད་ཀྱི་ནང་པ་སངས་རྒྱས་ཀྱི་བསྟན་པ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱར་སྐྱ་སེར་ཁྱད་མེད་པར་ཚང་མར་འགན་ཁུར་ཡོད་སྟབས། ང་ཚོ་ཚང་མས་དེའི་ཐད་ལ་སློབ་སྦྱོང་བྱས་ཏེ་འཛིན་སྐྱོང་སྤེལ་གསུམ་ཞུ་དགོས་གལ་ཡིན་པའི་བཀའ་སློབ་མཛད་ཡོད་པ་རེད།  ༸གང་ཉིད་མཆོག་གིས་དེང་སྐབས་བོད་དུའང་ཁྱིམ་པ་ཕོ་མོ་ཚོས་དཔེ་ཆ་ལ་དོ་སྣང་དང་ནང་པའི་གཞུང་ལ་སློབ་སྦྱོང་བྱེད་མཁན་ཉིན་རེ་ཉིན་རེ་བཞིན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པར་མགོན་པོ་མཆོག་གིས་ཡི་རངས་བསྔགས་བརྗོད་ཡོད་པ་བཀའ་སྩལ་མཛད་འདུག  དེ་བཞིན་མགོན་པོ་མཆོག་གིས་ང་ཚོ་ཚང་མས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པའི་དུས་རབས་ ༢༡ པའི་ཆོས་པ་ཞིག་བྱ་དགོས་གལ་ཆེ་བ་སོགས་ཀྱི་བཀའ་སྩལ་གནང་ཡོད་པ་རེད།    

Latest news

- Advertisement -spot_img