Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཧྥ་རན་སི་མང་ཚོགས་བརྒྱ་ཆ་ ༨༦ གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པ་ཞུས་འདུག

ཧྥ་རན་སི་མང་ཚོགས་བརྒྱ་ཆ་ ༨༦ གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པ་ཞུས་འདུག

ཁ་སང་ཟླ་ ༩ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧྥ་རན་སི་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་བསྟུན། རྒྱལ་སྤྱིའི་གསར་འགོད་པ་དང་དཔྱད་ཞིབ་པ་ཁག་ཅིང་གིས་ཁུལ་དེའི་སྲིད་འཛིན་སྐུ་ཞབས་ Francois Hollande མཆོག་ནས་ཧྥ་རན་སི་དང་རྒྱ་ནག་དབར་གྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་བ་དང་། ལྷག་པར་དུ་རྒྱ་གཞུང་གིས་བཙན་གནོན་སོགས་རྐྱེན་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་གི་མ་རེད་ཅེས་བརྗོད་བཞིན་ཡོད་ཀྱང་། ཁུལ་དེའི་ས་གནས་མང་ཚོགས་བརྒྱ་ཆ་ ༨༦ གིས་སྲིད་འཛིན་ཨོ་ལན་ཌི་ Hollande མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་ཀྱི་རེད་ཅེས་འབོད་སྐུལ་ཞུས་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་ཧྥ་རན་སི་ནང་ཆིབས་བསྒྱུར་མ་བསྐྱང་པའི་གོང་དུ་ཁུལ་དེར་རྟེན་གཞི་བྱས་པའི་ IFOP POLL ཞེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱེད་མཁན་གྱི་ལྟེ་གནས་ཁང་གིས་སྲིད་འཛིན་ཨོ་ལན་ཌི་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་དང་འབྲེལ་མང་ཚོགས་ཀྱི་དགོངས་ཚུལ་ཁག་ཅིག་བསྡུ་རུབ་བྱས་ཡོད་པ་དང་། སྐབས་དེར་ཧྥ་རན་སི་ས་གནས་མང་ཚོགས་བརྒྱ་ཆ་ ༨༦ གིས་མང་མོས་ཐོག་སྲིད་འཛིན་ Hollande མཆོག་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་གནང་པའི་ཐོག་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་མཛད་པ་དང་བསྟུན་གཞུང་འབྲལ་གྱི་ཕེབས་བསུའི་མཇལ་འཕྲད་ཞུ་དགོས་གལ་ཡིན་པ་བཅས་ཞུས་འདུག གཞི་རྩའི་ད་རེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་གནང་རྒྱུའི་ལས་གཞི་དེ་གཙོ་བོ་ཁུལ་དེའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Andre Gattolin...

Latest news

- Advertisement -spot_img