Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཨ་ཉ་སེང་སྒྲ་ལགས་སུ་དྲང་བདེན་གྱི་ཁྲིམས་བཤེར་ཐེངས་གཉིས་པ་དགོས་པའི་ཞུ་སྐུལ།

ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་ཐེངས་གཉིས་པར་དྲང་བདེན་གནང་དགོས།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་ཚོགས་པ་ཁག་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་ཐེངས་གཉིས་པ་དེ་གནང་རྒྱུ་ཡིན་པ་དང་བསྟུན་རྒྱ་ནག་གཞུང་གིས་བདུན་ཕྲག་རྗེས་མར་གནང་རྒྱུའི་ཁོང་གི་ཁྲིམས་བཤེར་ཐེངས་གཉིས་པ་དེར་དྲང་བདེན་གནང་དགོས་པའི་གསར་འགོད་བསྒྲགས་གཏམ་སྤེལ་གནང་འདུག གཞི་རྩའི་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་བོད་མིའི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ནི་དེ་སྔ་ས་གནས་སྲིད་གཞུང་གི་ལས་དོན་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཕྱིར་བསྒྲགས་དང་ས་གནས་སུ་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན། དེ་བཞིན་སྟོང་ལ་ཉེ་བའི་རི་དྭགས་རྔོན་པའི་ལས་དོན་ལ་གདོང་ལེན་གནང་མཁན་གྱི་ལས་འགུལ་བ་ཞིག་ཡིན་པ་དང་། ཁོང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁས་ས་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གཙོས་པའི་ཚོགས་པ་ཁག་ཅིག་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྨན་པའི་ལས་འགུལ་སྤེལ་བ་དེ་ནི་བོད་ཀྱི་ཁོར་ཡུག་གི་གནས་བབས་ཀྱི་ཆ་ནས་དུས་ཀྱི་དགོས་མཁོ་ཞིག་ཡིན་པ་དང་སྒོས་ཁོང་ནག་ཉེས་ཅན་ཞིག་ལ་ངོས་འཛིན་རྒྱུ་ཚབ་ཏུ་དཔའ་བོ་ཞིག་ཏུ་ངོས་འཛིན་གནང་དགོས་པ་གསུངས་འདུག ཁོང་གིས་ད་དུང་འཛམ་གླིང་གི་ཁོར་ཡུག་ལས་འགུལ་བ་མང་པོ་ཞིག་ནས་ད་ཆ་ཁོར་ཡུག་སྲུང་སྐྱོབ་དང་སྦྲགས་ལས་དོན་སྣ་མིན་གཉེར་བཞིན་པ་དེ་ལྟར་ཡང་རྒྱ་གཞུང་གི་དབང་སྒྱུར་འོག་ཏུ་དེ་འབྲེལ་ཕྱག་ལས་གནང་མཁན་ཨ་ཉ་སེང་སྒྲ་ལགས་ལྟ་བུར་ནག་ཉེས་ཅན་ལ་ངོས་འཛིན་གྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་གསུངས་འདུག བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་ནི་བོད་མིའི་ཁོར་ཡུག་ལས་འགུལ་བ་ཞིག་ཆགས་ཀྱི་ཡོད་པས་ད་རེས་ཁོར་ཡུག་གི་ཉིན་མོ་དང་བསྟུན་ཁོང་གློད་བཀྲོལ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་པ་དང་ཆབས་ཅིག་བོད་པའི་ཚོགས་པ་ཁག་ནས་རྒྱ་ནག་ནང་གཞུང་ཚབ་ལས་ཁང་ཡོད་པ་རྣམས་ལ་འབྲེལ་གཏུག་གནང་སྟེ་ཨ་ཉ་སེང་སྒྲ་ལགས་ཀྱི་གནད་དོན་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པའི་རེ་བ་ཞུས་ཡོད་པ་གསུངས་སོང་། དེ་བཞིན་ཨིན་ཡུལ་ནང་གི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འཆར་འགན་འཛིན་ John Jones ལགས་ཀྱིས་རྒྱ་གཞུང་གིས་དྲག་གནོན་དང་དམ་བསྒྲགས་འོག་ད་ཆ་བོད་ནང་གི་བོད་མིར་དྲང་བདེན་མེད་པའི་ཁྲིམས་བཤེར་བྱེད་རྒྱུ་དང་ཁོར་ཡུག་གཏོར་བཅོམ་བྱེད་རྒྱུ། དེ་བཞིན་ས་གནས་སྲིད་གཞུང་གིས་དབང་ཆ་ལོག་སྤྱོད་ཐོག་བོད་མིར་གདུག་རྩུབ་གཏོང་བཞིན་པའི་གནད་དོན་དེ་དག་ལ་གདོང་ལེན་སླད་ཨ་ཉ་སེང་སྒྲ་ལགས་སུ་སྤྱི་ཚོགས་དཀྲུག་པའི་ཉེས་མིང་གིས་འཛིན་བཟུང་བཀག་ཉར་དང་། ཁྲིམས་བཤེར་རྫུན་མ་བྱས་ཡོད་པས་ད་ཆ་ཁྲིམས་ཁང་ནས་ཨ་ཉ་སེང་སྒྲ་ལགས་ཀྱི་བཅད་ཁྲ་ལ་བསྒྱུར་བ་བཏང་ནས་སྤྱི་ཚོགས་ལ་སྨན་པའི་ལས་འགུལ་མུ་མཐུད་སྤེལ་འཐུས་ཆོག་པ་བཟོ་དགོས་པ་གསུངས་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་ནས་བོད་མིར་ཆེད་མངགས་ནག་ཉེས་འཛུགས་པའི་སླད་རང་རྒྱལ་གྱི་ཁྲིམས་བསྒྱུར་བཅོས་གཏང་བའི་གོམས་འདྲིས་ཡོད་པས་རྒྱ་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་མི་རྣམས་རྒྱུ་མཚན་རྩ་བ་ནས་མེད་པར་འཛིན་བཟུང་བྱེད་རྒྱུའི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་བརྗོད་འདུག དེ་སྔོན་ཨ་ཉ་སེང་སྒྲ་ལགས་དང་དེ་བཞིན་བོད་མི་ ༤༠༠...

ཨ་ཉ་སེང་སྒྲ་ལགས་སུ་དྲང་བདེན་གྱི་ཁྲིམས་བཤེར་ཐེངས་གཉིས་པ་དགོས་པའི་ཞུ་སྐུལ།

འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Lin Qilei ལགས་ཀྱིས་ཨ་ཉ་སེང་སྒྲ་ལགས་ལགས་སུ་དྲང་བདེན་གྱི་ཁྲིམས་བཤེར་ཐེངས་གཉིས་པ་ཡོང་སླད་མགོ་ལོག་མི་དམངས་འབྲིང་རིམ་ཁྲིམས་ཁང་ལ་ཞུ་སྐུལ་གནང་འདུག ཟླ་བ་སྔོན་མའི་ནང་མགོ་ལོག་ཁུལ་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་གིས་དོན་མེད་ཟིང་འཁྲུག་དང་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བའི་ཉེས་མིང་འོག་ས་གནས་སྲིད་གཞུང་མི་སྣས་ལྐོག་ཟས་ཀྱི་བྱ་སྤྱོད་ཐེར་འདོན་གནང་མཁན་བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་དང་དེ་མིན་བོད་མི་གཞན་བརྒྱད་ལའང་ནག་ཉེས་དེའི་འོག་ལོ་བརྒྱད་བར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་ལྟར། ཁ་སང་ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པས་དབྱིན་ཡུལ་ནང་གི་ Free Tibet ཞེས་བོད་རང་དབང་ཚོགས་པར་འགྲེལ་བརྗོད་གནང་བར་གཞིགས་ན་ཁོང་ཟླ་ ༡ ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་མགོ་ལོག་རྨ་ཆེན་རྫོང་གནམ་ཐང་དུ་འབྱོར་ནས་ཁུལ་དེའི་འབྲིང་རིམ་མི་མང་ཁྲིམས་ཁང་དུ་ཨ་ཉ་སེང་སྒྲ་ལགས་ཐུག་འཕྲད་དང་འབྲེལ་ཁོང་ལ་ཁྲིམས་བཤེར་ཐེངས་གཉིས་པ་ཡོང་སླད་མགོ་ལོག་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་སྐུལ་གནང་ཡོད་སྐོར་གསུངས་འདུག ཁྲིམས་རྩོད་པ་ལིན་ཆི་ལི་ལགས་ཀྱིས་སྤྱིར་རྒྱ་གཞུང་གིས་བོད་མི་ཞུ་སྐུལ་བའི་ཐོག་རྡུང་རྡེག་ཚ་ནན་བཏང་ ཡོད་པ་དེ་གསལ་པོ་ཡིན་པ་དང་། ཁོང་ཚོར་དོགས་གཞི་ཅན་གྱི་ཁྲིམས་སྲོལ་འོག་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཀྱི་ཡོད་པ་རེད། ཨ་ཉ་སེང་སྒྲ་ལགས་སུ་དྲང་བདེན་གྱི་ཁྲིམས་ཐག་གཅད་དགོས་པའི་ཞུ་སྐུལ་གནང་བ་དང་ཆབས་ཅིག ཁོང་གིས་ཁྲིམས་བཤེར་ཐེངས་གཉིས་པ་ཞིག་གནང་ཐུབ་ཀྱང་དེར་དྲང་བདེན་གྱི་ཁྲིམས་ཐག་གཅད་རྒྱུའི་ཐུགས་རེ་དེ་ཙམ་མེད་སྐོར་གསུངས་འདུག གཞི་རྩའི་ཟླ་བ་སྔོན་མའི་ཕྱི་ཚེས་ ༦ ཉིན་མགོ་ལོག་ཁུལ་མི་དམངས་ཁྲིམས་ཁང་གིས་ཨ་ཉ་སེང་སྒྲ་ལགས་སུ་ལོ་བདུན་གྱི་བཙོན་འཇུག་ཐག་བཅད་ཡོད་ཀྱང་ཁོང་གི་ཁྲིམས་རྩོད་པ་ Lin Qilei ལགས་ཀྱིས་རང་ཉིད་ཀྱི་ Twitter ཐོག་ཨ་ཉ་སེང་སྒྲ་ལགས་ནས་ནག་ཉེས་ངོས་ལེན་གནང་མེད་པ་མ་ཟད། མུ་མཐུད་གོང་རིམ་ལ་ཞུ་གཏུག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་ཡོད་པ་རེད། ལྷག་དོན་ཨ་ཉ་སེང་སྒྲ་ལགས་ཀྱིས་གཙོས་པའི་བོད་མི་བརྒྱད་ལ་ལོ་བརྒྱད་བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་རྗེས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱིས་མཉམ་འབྲེལ་བསྒྲགས་གཏམ་འདོན་སྤེལ་གནང་བར་རྒྱ་གཞུང་གིས་དེ་གའི་དཔོན་རིགས་ཀྱིས་ལྐོག་ཟའི་གནད་དོན་ཐེར་འདོན་གནང་མཁན་བོད་མི་འབྲོག་པ་ཨ་ཉ་སེང་སྒྲ་ལགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ།...

Latest news

- Advertisement -spot_img