Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཨོ་བྷ་མཆོག་ནས་ཞི་ཅིང་ཕིང་དང་ལྷན་དྲག་གནོན་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ཨོ་བྷ་མཆོག་ནས་ཞི་ཅིང་ཕིང་དང་ལྷན་དྲག་གནོན་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ཁ་སང་ཨ་རི་ནང་ཟླ་ ༩ ཚེས་ ༡༦ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་དོན་ལས་འགུལ་བསྟི་གནས་ཁང་། སྤྱི་དམངས་སྟོབས་ཤུགས་ཚོགས་པ་བཅས་ཟུང་འབྲེལ་ཐོག་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཕོ་བྲང་དཀར་པོའི་མདུན་ཐང་དུ་ཞུ་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག སྐབས་དེར་བོད་མི་གཙོས་པའི་རྒྱ་གཞུང་གིས་སྡུག་རྩུབ་འོག་མྱངས་དང་མྱོང་བཞིན་པའི་ཤིན་ཅང་དང་ཡུ་གུར་མི་རིགས་ ༥༠ ཙམ་ལྷན་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། རིང་མིན་སྲིད་འཛིན་ཞི་ཅིང་ཕིང་ཨ་རིར་རྒྱལ་དོན་འཚམས་གཟིགས་དང་བསྟུན། སྲིད་འཛིན་ཨོ་བྷ་མ་མཆོག་ནས་རྒྱའི་ བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་ཡོངས་ཀྱི་གནད་དོན་ངེས་པར་གླེང་དགོས་པ་མ་ཟད། ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་སྟངས་གཙོ་བོར་གྱུར་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་ཐད་འདྲི་རྩད་བྱ་དགོས་པའི་ཞུ་འབོད་ཁག་ཅིག་བཏོན་གནང་འདུག ཐེངས་འདིའི་ལས་འགུལ་ཐོག་ཁོང་རྣམས་ནས་ཕྱི་རྒྱལ་གསར་ཁང་འདྲ་མིན་གྱི་གསར་འགོད་པ་ ༡༥ ལྷག་ཆེད་འབོད་ཀྱིས་གསར་འགོད་ལྷན་ཚོགས་གནང་པ་དང་། དེ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སྤུན་མཆེད་དགེ་བཤེས་ཉི་མ་ལགས་གཙོས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡུ་རོབ་འགན་འཛིན་པདྨ་སྒྲོལ་མ་ལགས་དང་གཞན་ཡང་རྒྱ་ནག་མངས་གཙོ་རྩོད་ལེན་པ་སྐུ་ཞབས་ Yang Jian li སོགས་ནས་རྒྱ་གཞུང་གིས་དྲག་གནོན་འོག་བོད་དང་ཤིན་ཅང་དེ་བཞིན་ཡུ་གུར་མི་རིགས་སོགས་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་ཀྱིས་གཏམ་བཤད་གནང་འདུག་པ་མ་ཟད། ལས་འགུལ་བ་རེ་རེའི་ཕྱག་ཏུ་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྐུ་པར་སོགས་བསྣམས་ཞིང་། ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་འདུག  

Latest news

- Advertisement -spot_img