Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

NBA རྩེད་འགྲན་ཐོག་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་ལོ་གསར་འཚམས་འདྲིར་སྐྱོན་བརྗོད།

NBA རྩེད་འགྲན་ཐོག་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་ལོ་གསར་འཚམས་འདྲིར་སྐྱོན་བརྗོད།

བྱང་ཨ་མི་རི་ཀའི་ཁུལ་དུ་སྙན་གྲགས་ཆེ་བའི་སིལ་སྤོལ་རྩེད་འགྲན་ཐོག་རྒྱ་ནག་ཕྱི་སྲིད་བློན་ཆེན་ Qin Gang ཆིང་ཀང་གིས་བརྙན་པར་བརྒྱུད་རྒྱ་ནག་གི་ལོ་གསར་པའི་འཚམས་འདྲི་ཞུས་པའི་གནད་དོན་དེར་ཨ་རིའི་གནད་ཡོད་མི་སྣ་ཁག་ཅིག་ནས་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་དྲིལ་བསྒྲགས་ཀྱི་སྡིངས་ཆ་སྐྲུན་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེར་གནང་འདུགཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་དུ་རྟེན་གཞི་བྱས་པའི་ Capital One Arena རྩེད་རའི་ནང་ Washington Wizards ཝ་ཤིང་ཊོན་ཝི་ཛརཌ་དང་ Orlando Magic ཨོར་ལན་ཌོ་རུ་ཁག་གཉིས་བར་སིལ་སྤོལ་རྩེད་འགྲན་གནང་སྐབས། རྩེད་འགྲན་གྱི་བར་སེང་སྐབས་རྒྱ་ནག་ཕྱི་སྲིད་བློན་ཆེན་གསར་པ་ Qin Gang ཆིང་ཀང་གིས་བརྙན་པར་བརྒྱུད་རྩེད་འགྲན་པ་གཙོས་ཨ་རི་ནང་གི་རྒྱ་རིགས་དང་མི་མང་རྣམས་ལ་དེ་སྔ་ཁོ་པས་ཨ་རི་ནང་རྒྱ་ནག་གཞུང་ཚབ་བྱས་སྐབས་ཀྱི་མྱོང་བ་ཁག་ཅིག་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་ལོ་གསར་པའི་ནང་ཨ་རི་དང་རྒྱ་ནག་མི་མང་བར་གྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ཡོད་པ་སོགས་ཀྱི་འཚམས་འདྲི་ཞུས་པ་ཞིག་རྒྱང་སྲིང་ཞུས་ཡོད་པ་རེད།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་ལོ་གསར་འཚམས་འདྲི་དེ་ནི་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་པོ་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག་པ་དེ་ལྟར་ཡང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco...

Latest news

- Advertisement -spot_img