མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
བཞུགས་སྒར་ཁུལ་གྱི་ Skyway འམ་གནམ་ཐག་བགྲོད་ལམ་དང་དེའི་འབབ་ཚུགས་དབུ་འབྱེད་གནང་བ།
གསར་འགྱུར།
བཞུགས་སྒར་ཁུལ་གྱི་ Skyway འམ་གནམ་ཐག་བགྲོད་ལམ་དང་དེའི་འབབ་ཚུགས་དབུ་འབྱེད་གནང་བ།
Voice of Tibet
-
19/01/2022
དེ་རིང་ཞོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་ཧི་མ་ཅཱལ་གྱི་རྒྱལ་ས་སིམ་ལ་ནས་ཐད་ཕུར་གནམ་གྲུ་བརྒྱུད་དྷ་རམ་ས་ལར་ཆེད་བཅར་གྱིས་དྷ་ཤོད་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་གྱི་ཉེ་འདབས་བར་དུ་འཛུགས་སྐྲུན་གནང་བའི་ Skyway འམ་གནམ་ཐག་བགྲོད་ལམ་དང་དེའི་འབབ་ཚུགས་དབུ་འབྱེད་གནང་སོང་བ་མ་ཟད། དྷ་ཤོས་ནས་མེག་གྷན་བར་དུ་སྤྱི་ཁྱབ་བློན་ཆེན་མཆོག་གི་དབུས་བའི་གནད་ཡོད་མི་སྣ་དག་གནམ་ཐག་བགྲོད་ལམ་བརྒྱུད་ཆེད་ཕེབས་གནང་སོང།སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་སྐབས་དེར་དྷ་རམ་ས་ལ་ནི་རྒྱལ་སྤྱིའི་ཁྱོན་ཡོངས་དང་ལྷག་པར་རྒྱ་གར་བ་རྣམས་ཀྱི་དད་གུས་ཆེན་པོ་ཞུ་ས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཤིག་ཡིན་པ་དང་། ༸གང་ཉིད་མཆོག་འདིར་སྐུ་བཞུགས་གནང་བ་ལ་བརྟེན་ནས་དྷ་རམ་ས་ལ་དེ་བཞིན་རྒྱལ་སྤྱི་རང་བཞིན་ལྡན་པའི་ཡུལ་སྐོར་བ་རྣམས་སྤྲོ་འཆམ་ཕེབས་སའི་གནས་ཤིག་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། བོད་མི་དང་རྒྱ་གར་བ་རྣམས་འཆམ་མཐུན་གྱི་སྒོ་ནས་གཅེན་གཅུང་གྱི་འདུ་ཤེས་བཟུང་སྟེ་གནས་དགོས་པ་མ་ཟད། ལས་དོན་ཆེ་ཕྲ་ཆུང་གསུམ་ཅི་ཞིག་ཡིན་རུང་མཉམ་རུབ་ཀྱི་སྒོ་ནས་འབད་དགོས་པ་ནི་གལ་ཆེན་ཡིན་པ་གསུངས་སོང་།གཞི་རྩའི་གསར་དུ་འཛུགས་སྐྲུན་གནང་བའི་ Skyway འམ་གནམ་ཐག་བགྲོད་ལམ་དེ་བཞིན་ཡུལ་སྐོར་བ་རྣམས་ལ་འགྲུལ་ལམ་སྟབས་བདེ་དང་། ཁོར་ཡུག་ལ་དུག་རླངས་སོགས་ཀྱི་དོ་ཕོག་མི་ཡོང་སླད་ཆེད་འཛུགས་གནང་བ་ཙམ་མ་ཟད། བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་ཉེ་འདབས་སུ་ཆེད་འཛུགས་བྱས་པའི་གནམ་ཐག་བགྲོད་ལམ་དེའི་འབབ་ཚུགས་ཀྱི་ཕྱིའི་བཀོད་པ་ཡང་བོད་བའི་བཟོ་དབྱིབས་ལྡན་ཞིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྷ་ཤོད་བར་སྐར་མ་བརྒྱད་ཀྱི་ནང་ཚུད་མི་སྣ་འོར་འདྲེན་གནང་གི་འདུག་ལ་ད་ལྟའི་ཆར་ཁྱོན་གནམ་ཐག་བགྲོད་ལམ་གྱི་སྐྱེལ་སྒམ་བཅོ་བརྒྱད་འདུག་པ་དང་། དེ་རིང་ནས་མི་སྣ་འོར་འདྲེན་བྱ་རྒྱུ་དངོས་སུ་དབུ་འཛུགས་ཀྱང་གནང་སོང་།
Latest news
Thursday 12/11/2026
12/11/2026
སྲིད་སྐྱོང་མཆོག་ནས་དཔལ་འབྱོར་བཀའ་བློན་དང་ལྷན་དུ་ཨ་རི་ནང་གི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་གནང་འདུག
12/11/2026
གདན་སའི་དགེ་འདུན་པ་རྣམས་སྲིད་དོན་དང་འབྲེལ་བའི་བྱེད་སྒོའི་ནང་བཙན་གྱིས་ཞུགས་བཅུག་པ་གསལ་སྟོན།
12/11/2026
བློ་བཟང་ཆོས་སྒྲོན་བསམ་གཏན་ལགས་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག
12/11/2026
ལོ་ན་ ༡༤ ནས་འཛིན་བཟུང་བྱས་པའི་ཡུ་གུར་བ་བུད་མེད་ཅིག་བཙོན་ཁང་ནང་འདས་གྲོངས་སུ་སོང་འདུག
12/11/2026
- Advertisement -