མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
མེ་སོར་དུ་བྱམས་བརྩེ་ཁང་ཞེས་པའི་ནད་པའི་སྡོད་ཁང་དབུ་འབྱེད།
Uncategorized
མེ་སོར་དུ་བྱམས་བརྩེ་ཁང་ཞེས་པའི་ནད་པའི་སྡོད་ཁང་དབུ་འབྱེད།
vot.org
-
27/08/2021
བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་དེ་རིང་ཟླ་བ་༨ པའི་ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེ་སོར་ནང་དུ་ Compassion Home འམ་བྱམས་བརྩེ་ཁང་ཞེས་པའི་ནད་པའི་སྡོད་ཁང་ཞིག་དབུ་འབྱེད་གནང་སོང་།དེའང་ལྷོ་ཕྱོགས་ Karnataka མངའ་སྡེའི་ནང་ཆགས་པའི་སྦེལ་ཀོབ་ལུགས་བདེ་གཉིས་དང་། ཧུན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་སོགས་བོད་མིའི་གཞིས་ཆགས་ཆེ་ཁག་གི་གཞིས་མི་རྣམས་ནད་གཞི་ཛ་དྲག་སྨན་ཁང་ཆེ་བར་བསྟེན་གཏུག་ཆེད་མེ་སོར་གྲོང་ཁྱེར་དུ་ལན་མང་བསྐྱོད་དགོས་པ་ལྟར་ཐེངས་འདིར་འབྲས་ནད་ཚོགས་པའི་ངོས་ནས་བྱམས་བརྩེ་ཁང་ཞེས་པ་དེ་དབུ་འབྱེད་གནང་བ་ཞིག་ཡིན་པ་དང་། དེ་རིང་བྱམས་བརྩེ་ཁང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་སླེ་ལུང་རིན་པོ་ཆེ་མཆོག་དང་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ་བཅས་ཀྱི་ས་གནས་འགོ་འཛིན། གཞི་ཆགས་ཁག་གི་སྨན་ཁང་གི་འགན་འཛིན་རྣམ་པ། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། དེ་བཞིན་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་འགན་འཛིན་དང་སྨན་རྩིས་ཁང་གི་ལས་བྱེད་ལ་སོགས་པའི་མི་སྣ་ཁག་ཅིག་ལྷན་འཛོམས་གནང་འདུག གཞི་རྩའི་མེ་སོར་གྲོང་ཁྱེར་གྱི་ཁུལ་དུ་བཙུགས་པའི་བྱམས་བརྩེ་ཁང་དེའི་ནང་ནད་པ་ཉལ་སའི་ཉལ་ཁྲི་བཅུ་གསུམ་དང་ནད་པ་རྣམས་ལ་ཞལ་ལག་ཆ་ཚང་རིན་མེད་ངང་གནང་རྒྱུ་མ་ཟད་ནད་པ་འོར་འདྲེན་ཆེད་མྱུར་སྐྱོབ་རླངས་འཁོར་ཞིག་ཀྱང་འདུག
Latest news
Sunday 16/06/2024
16/06/2024
Saturday 15/06/2024
15/06/2024
Friday 14/06/2024
14/06/2024
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
14/06/2024
ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
14/06/2024
- Advertisement -