མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2151 | Year of the Wood Dragon
中文
Facebook
RSS
Soundcloud
Twitter
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
- Advertisement -
TAG
སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ ༧༠ སྐོར་ཞིག་ལ་བོད་དོན་གསུང་བཤད་གནང་པ།
Homepage
སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་ ༧༠ སྐོར་ཞིག་ལ་བོད་དོན་གསུང་བཤད་གནང་པ།
vot.org
-
14/02/2017
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཟླ་ ༢ ཚེས་ ༡༡ ཉིན་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ། གསར་འགོད་པ་སོགས་དང་མཇལ་འཕྲད་གནང་པའི་བརྒྱུད་གཞུང་འབྲེལ་གྱི་ལས་དོན་ཁག་ཅིག་གནང་མུས་ལྟར། དེ་རིང་ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཁུལ་དེའི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་བདུན་ཅུ་སྐོར་ཞིག་ལ་བོད་དོན་སྙན་གསེང་དང་། ཉི་ཧོང་དང་བོད་གཉིས་ཀྱི་འབྲེལ་ལམ་ཐོག་གསུང་བཤད་གནང་ཡོད་པ་རེད། དེའང་གྲོས་ཚོགས་ཀྱི་ལས་རིམ་ཐོག་ཉེ་ཆར་གསར་འཛུགས་གནང་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གཙོས་པའི་ཁྱོན་གྲོས་ཚོགས་འཐུས་མི་བདུན་ཅུ་ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཆེས་ཐོག་མར་ཁུལ་དེའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པར་ཆེ་བསྟོད་ཞུས་པ་མ་ཟད། ད་བར་ཉི་ཧོང་གི་ངོས་ནས་ཁུལ་དེའི་ནང་གི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་ཁག་དང་། བོད་དོན་ཐོག་ལ་མུ་མཐུད་རྒྱབ་སྐྱོར་གནང་བཞིན་པར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། སླད་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད་པ་རེད། གཞི་རྩའི་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་གསུང་བཤད་མ་གནང་གོང་དུ་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Makino Seshu ལགས་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་ཡོད་པ་མ་ཟད། ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་དེའི་ཁྲོད་ཁུལ་དེའི་གྲོང་ཁྱེར་རྙིང་གྲས་ Kyoto དང་། Osaka གཉིས་ཀྱི་ནང་ཆེད་ཕེབས་ཀྱིས་ས་གནས་བོད་རིགས་དང་མཐོ་རིམ་སློབ་གྲྭའི་སློབ་མ་སོགས་ལ་གསུང་བཤད་ཀྱང་གནང་ཡོད་པ་རེད།
Latest news
Friday 17/05/2024
17/05/2024
༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་བསྩལ་འདུག
17/05/2024
དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
17/05/2024
རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
17/05/2024
ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོར་བསྐོ་བཞག་བྱུང་བར་འཚམས་འདྲི།
17/05/2024
- Advertisement -