Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་དེ་ཉིད་ཡིད་ཆེས་བྱ་འོས་ཀྱི་རྒྱལ་ཁབ་ཅིག་མིན་པར་གསུངས་ཡོད།

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རིང་མིན་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ G20 ལྷན་ཚོགས་ཚོགས་ཀྱི་ཡོད་པ་དང་བསྟུན། དེ་རིང་རྒྱལ་ས་ལྡི་ལི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་དང་འཛམ་གླིང་གི་དབུ་ཁྲིད་རྣམ་པར་རྒྱ་ནག་དེ་ཉིད་ཡིད་ཆེས་བྱ་འོས་ཀྱི་རྒྱལ་ཁབ་ཅིག་མིན་པའི་བརྡ་ལན་གནང་བར་མ་ཟད། G20 ལྷན་ཚོགས་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་མངོན་འདོད་གསལ་འདོན་གནང་བའི་ཐོག་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་སོང་།

རྒྱལ་ས་ལྡིའི་ Press Club Of India ནང་ཚོགས་པའི་གསར་འགོད་ལྷན་ཚོགས་སྐབས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་གིས་ ༡༩༦༥ ལོར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་དེ་ཞིང་ཆེན་འདྲ་མིན་གྱི་མིང་ཐོག་ནས་དུམ་བུར་བཏང་ཡོད་པ་དང་། བོད་ནང་གི་བོད་མི་ཚོར་བསམ་ཡུལ་ལས་འདས་པའི་མནར་གཅོད་གཏོང་བཞིན་པ་སོགས་ངོ་སྤྲོད་དང་སྦྲགས། བོད་མིའི་ཉམས་མྱོང་གཞིར་བཞག་ནས་ G20 ལྷན་ཚོགས་ཀྱི་དབུ་ཁྲིད་ཚོར་རྒྱ་ནག་དེ་ཡིད་ཆེས་བློ་འགེལ་བྱ་འོས་ཀྱི་རྒྱལ་ཁབ་ཅིག་མིན་པའི་བརྡ་ལན་སྤྲོད་ཀྱི་ཡོད་ཅེས་གསུངས་ཡོད།     

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱུན་ལྡན་ནས་རྒྱ་ནག་གི་དཔོན་རིགས་ཆེ་ཁག་རྒྱལ་ས་ལྡི་ལི་སོགས་སུ་འབྱོར་སྐབས་ངོ་རྒོལ་སྐད་འབོད་སོགས་གནང་གི་ཡོད་ཀྱང་། ཐེངས་འདིའི་ G20 ལྷན་ཚོགས་སྐབས་ས་གནས་སྐོར་སྲུང་བའི་ངོས་ནས་འགྲེམས་འགྲུལ་དང་འགྲོ་འོང་སོགས་ཀྱི་ཉེན་སྲུང་ཆེས་དམ་བསྒྲགས་ཆེན་པོ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པར་ལྟོས་མེད་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ས་ལྡི་ལིར་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།  

དེ་རིང་རྒྱལ་ས་ལྡི་ལི་ནང་ཚོགས་པའི་གསར་འགོད་ལྷན་ཚོགས་དེའི་སྐབས་ད་དུང་བོད་མིར་རྒྱབ་སྐྱོར་གནང་མཁན་གསར་འགོད་པ་སྐུ་ཞབས་ Vijay Kranti ལགས་དང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ BTSM ཚོགས་གཙོ་སྐུ་ཞབས་ Ravender མཆོག་བཅས་ཆེད་ཕེབས་གནང་འདུག་པ་ལྟར། སྐུ་ཞབས་ Vijay Kranti ལགས་ཀྱིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་ད་ལྟའི་རྒྱ་དཀར་ནག་དབར་གྱི་ས་མཚམས་རྩོད་རྙོག་སྐོར་སོགས་སྙིང་བསྡུས་སུ་ངོ་སྤྲོད་གནང་སྟེ་རྒྱ་གར་གཞུང་གི་ངོས་ནས་ད་ཆ་འཕགས་བོད་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་སུ་ཕན་ཚུན་དབར་རྩོད་པ་ལས་ལོ་རྒྱུས་ཀྱི་ཐོག་ནས་བོད་ནང་ཡོད་པའི་རྒྱ་རིགས་རྣམས་ཁྲིམས་འགལ་ཡིན་པའི་གསལ་བསྒྲགས་གནང་དགོས་ཞེས་གསུངས་སོང་། 

དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ BTSM ཚོགས་གཙོ་སྐུ་ཞབས་ Ravender མཆོག་གིས་ཀྱང་རྒྱ་ནག་གཞུང་གི་ངོས་ནས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་བསྐྱར་གསོ་མ་བྱེད་ཀྱི་བར་དུ་ཁོང་གི་ཚོགས་པས་ལས་འགུལ་གྱི་རྣམ་པ་གཞི་རྒྱ་ཆེ་རུ་གནང་རྒྱུ་ཡིན་ཞེས་གསལ་བསྒྲགས་ཀྱང་གནང་སོང་།  

འབྲེལ་ཡོད་གསར་གནས།

གསར་གནས།