Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ས་གནས་ཀྱི་དཔོན་རིགས་ཁག་ཅིག་ལ་མཇལ་ཁ་སྩལ་བཞིན་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་གནས་མཆོག་རྡོ་རྗེ་གདན་དུ་ག་ཡཱ་ས་གནས་ཀྱི་ཁྲིམས་དཔོན་ཆེན་མོ་སྐུ་ཞབས་ MD. INAM KHAN ལགས་དང་ཁོང་གི་ནང་མིས་གཙོས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་ཅིག་ལ་མཇལ་ཁ་སྩལ་འདུག

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་དེ་ཁུལ་དེར་རྟེན་གཞི་བྱས་པའི་རྣམ་གྲྭ་དགའ་ལྡན་འཕེལ་རྒྱས་གླིང་དུ་བཞུགས་ཞག་མཛད་བཞིན་པའི་ཁྲོད། ཁ་སང་ཕྱི་ཚེས་ ༡༦ ཉིན་ག་ཡཱ་ས་གནས་ཀྱི་ཁྲིམས་དཔོན་ཆེན་མོ་སྐུ་ཞབས་ MD. INAM KHAN ལགས་དང་ཁོང་གི་ནང་མི་རྣམས་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་༸རྒྱལ་བའི་བཞུགས་གནས་ཕོ་བྲང་དུ་ཆེད་ཕེབས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་མཇལ་ཁ་ཞུས་འདུག

སྤྱིར་ཟླ་བ་སྔོན་མའི་ཚེས་ ༢༡ ཉིན་བི་ཧཱར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་ནས་ཀྱང་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་༸རྒྱལ་བའི་བཞུགས་གནས་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་དེ་བཞིན་ཟླ་བ་འདིའི་ཚེས་ ༤ ཉིན་༸གོང་ས་མཆོག་གིས་བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ Tejashwi Yadav ཏེ་ཇསྭཱི་་ཡཱ་ད་ཝ་ལགས་སུ་མཇལ་ཁ་སྩལ་ཡོད་པ་མ་ཟད། གཟའ་འཁོར་སྔོན་མའི་ནང་འཁོན་རིགས་བསྟན་པའི་སྲོལ་འབྱེད་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གི་ནང་མི་༸སྐུ་འཁོར་ལྷན་རྒྱས་དང་རྙིང་མའི་བླ་ཆེན་ཁག་ཅིག དེ་བཞིན་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དདང་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དབུས་གཞན་བླ་ཆེན་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་ནས་ཁུལ་དེར་བཞུགས་ཞག་མཛད་བཞིན་པའི་རིང་ལ་མཛད་འཆར་གྱི་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་སྐུ་མདུན་དུ་གནས་གཟིགས་མཛད་པ་དང་། ཁུལ་དེར་གོ་སྒྲིག་ཞུས་པའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་དབར་དུས་མཐུན་གྱི་འབྲེལ་ཟམ། དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་བཀའ་དྲིན་མཛད་པ། དེ་བཞིན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་པ་མ་ཟད། ཕྱི་ཚེས་ ༢༩ དང་ ༣༡ བར་ཕྱི་ནང་གི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་དང་རྗེས་གནང་བཀའ་དྲིན་སྩལ་བ། ལྷག་པར་དུ་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་བཞད་དང་བསྟུན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་ལས་ཟུར་གཙོས་བོད་མིའི་ཚོགས་སྡེ་ཁག་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།