Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས་བཞུགས་ཞག་མཛད་ཡུལ་ Lungla དེ་རྒྱལ་ཡོངས་ཡུལ་སྐོར་བའི་ས་ཁྲའི་ནང་འཐོན་རྒྱུ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་ནས་༸གོང་ས་མཆོག་གིས་དབུས་པའི་༸སྐུ་འཁོར་ལྷན་རྒྱས་ནོར་བུ་གླིང་ཁ་ནས་ཉིན་ཚན་ལྟོས་མེད་བྲོས་བྱོལ་ལ་ཆིབས་བསྒྱུར་གྱིས་འཕགས་བོད་ས་མཚམས་སྐས་འཛེགས་མ་ཎིའི་ Ke-Dze-Mani བརྒྱུད་མོན་སྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་ས་ཚིགས་ཁག་ཅིག་ལ་ཉིན་ཞག་རེ་བཞུགས་ཞག་མཛད་དེ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༢༣ ཉིན་ DeccanHerald གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གིས་༸གོང་ས་མཆོག་དབུས་པའི་༸སྐུ་འཁོར་ལྷན་རྒྱས་ཀྱི་བཞུགས་ཞག་མཛད་ཡུལ་རླུང་ལ་ཞེས་པའི་ས་ཚིགས་དེ་རྒྱ་གར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་སུ་གྱུར་ནས་རིང་མིན་རྒྱལ་ཡོངས་ཡུལ་སྐོར་སྤྲོ་འཆམ་པའི་ས་ཁྲའི་ནང་འཐོན་རྒྱུ་ཡིན་པ་བརྗོད་འདུག

Ke Dze Mani

གཞི་རྩའི་༸གོང་ས་མཆོག་དབུས་པའི་༸སྐུ་འཁོར་ལྷན་རྒྱས་བོད་ནས་བྲོས་བྱོལ་ལ་ཆིབས་བསྒྱུར་མཛད་དེ་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས ༣༡ ཉིན་འཕགས་བོད་གཉིས་ཀྱི་ས་མཚམས་སྐས་འཛེགས་མ་ནིར་༸ཞབས་སོར་འཁོད་དེ་གོར་ཟམ་མམ་རྡོ་ཟམ་ Gorsam མཆོད་རྟེན་དང་། ཤག་ཏི་བཅས་ཀྱི་ས་ཚིགས་སུ་ཉིན་ཞག་རེ་བཞུགས་ཞག་མཛད་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༣ ཉིན་རླུང་ལར་༸ཞབས་སོར་བདེ་བར་འཁོད་ཅིང་། སྐབས་དུས་འབུམ་སྡེ་ལའི་ Bomdila སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Harmandar Singh ལགས་ཀྱིས་སྣེ་ལེན་ཞུ་བར་བཅར་ཡོད། དེའི་རྗེས་སྲིད་བློན་ནེ་རུས་ Nehru རྒྱ་གར་གྲོས་ཚོགས་འོག་མར་༸གོང་ས་མཆོག་རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་ཇི་དགོས་ཕུལ་ཡོད་པའི་གསལ་བསྒྲགས་ཀྱི་ངོ་བཤུས་དེ་ཉིད་ཉིན་དེར་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ S Dutt ལགས་ཀྱིས་རྒྱ་ནག་གི་གཞུང་ཚབ་པ་ Pan Tzu li ལ་ཕུལ་ནས་༸གོང་ས་མཆོག་རྒྱ་གར་ས་ཐོག་ཏུ་སྐུ་ཁམས་བདེ་པོར་༸ཞབས་སོར་འཁོད་ཡོད་པ་གཞུང་འབྲེལ་གྱིས་འབྲེལ་ལམ་བྱས་སྟབས། པེ་ཅིང་གི་རླུང་འཕྲིན་ཁང་ནས་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་འཁོད་ཟིན་པའི་གསར་འགྱུར་ཞིག་སྤེལ་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་ཀྱང་དེ་དེ་བཞིན་གསལ་བསྒྲགས་གནང་ཡོད་པ་རེད།

Gorsam

རླུང་ལའི་ས་གནས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཚེ་རིང་ལྷ་མོ་ལགས་ཀྱིས་ Deccanherald གསར་ཁང་ལ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་ཡུལ་བརྒྱུད་དེ་བྲོས་བྱོལ་ལ་ཕེབས་སྐབས་རླུང་ལ་གཙོས་བཞུགས་ཞག་མཛད་ཡུལ་གྱི་གལ་ཆེའི་ས་ཚིགས་ལྔ་ཉམས་གསོ་བྱེད་དེ་དེར་ཆོས་ཕྱོགས་དང་འབྲེལ་བའི་ཡུལ་སྐོར་བའི་བསྟི་གནས་ཤིག་ཏུ་འཛུགས་བསྐྲུན་གནང་རྒྱུ་ཡིན་པ་བརྗོད་འདུག

Lhasa Dwar

ཚེ་རིང་ལྷ་མོ་ལགས་ཀྱིས་ད་དུང་༸གོང་ས་མཆོག་འཕགས་བོད་གཉིས་ཀྱི་ས་མཚམས་སྐས་འཛེགས་མ་ཎིའི་བརྒྱུད་ཆིབས་བསྒྱུར་མཛད་སྐབས་དང་ཐོག་ Lhasa Dwar ཞེས་པའི་རྒྱལ་སྒོ་དང་ཉེ་འཁྲིས་སུ་སྐུ་ངལ་གསོ་གནང་མཛད་སྐབས་༸གོང་ས་མཆོག་གིས་བསྣམས་པའི་ཕྱག་མཁར་དེ་ས་གནས་དེར་འདེབས་འཛུགས་ཀྱིས་ད་ཆ་ལྗོན་ཤིང་དུ་གྱུར་ཡོད་པའི་གནས་ཆེན་ཞིག་ཡིན་པ་མ་ཟད། Lhasa Dwar ཞེས་པའི་རྒྱལ་སྒོ་ནས་སྤྱི་ལེ་ཁ་ཤས་ཏེ་ཆུ་དྭངས་མོ་ Chuthangmo བཞུགས་ཞག་དང་པོ་དང་། བྱེ་མའི་ཐང་ཞེས་པའི་ས་ཚིགས་དང་ཉེ་བའི་སྒོར་ཟམ་མམ་རྡོ་ཟམ་མཆོད་རྟེན་ལ་བཞུགས་ཞག་གཉིས་པ་མཛད་པའི་གནས་ཆེན་ཞིག་ཡིན་པ་བརྗོད་འདུག་ལ། བཞུགས་ཞག་མཛད་ཡུལ་རླུང་ལ་དང་མཐོང་ལེགས་ (Thonglek) ཞེས་པའི་ས་ཚིགས་གཉིས་ལ་༸རྒྱལ་བའི་ཕོ་བྲང་ལེགས་གྲུབ་ཟིན་པ་མ་ཟད། རླུང་ལར་མགོན་པོ་༸གང་ཉིད་མཆོག་གི་སྐབས་དེའི་དུས་ཀྱི་མཛད་འཕྲིན་ཁག་གསལ་འདོན་གནང་རྒྱུའི་འགྲེམས་སྟོན་ཁང་ཞིག་ཆེད་འཛུགས་གནང་རྒྱུའི་ལས་འཆར་ཡོད་པ་སོགས་ངོ་སྤྲོད་གནང་འདུག

Thonglek

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༸སྐུ་འཁོར་ལྷན་རྒྱས་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་བསྒྱུར་མཛད་སྐབས་མོན་ཡུལ་ཆགས་སའི་རྒྱ་གར་ཨ་རུ་ནཱ་ཅལ་ (Arunachal) མངའ་སྡེའི་ནང་དང་ཐོག་ཆུ་དྭངས་མོ་དང་། དེ་ནས་སྒོར་ཟམ་མཆོད་རྟེན། ཤག་ཏི། རླུང་ལ། མཐོང་ལེགས། རྟ་དབང་དགོན་པ། ལྗང་། སེང་གེ་རྫོང་། སྡེ་རང་། ར་ཧུང་། འབུམ་སྡེ་ལ་བཅས་སུ་ཉིན་ཞག་རེ་བཞུགས་ཞག་མཛད་ཡོད་པ་རེད།

Lungla

འབྲེལ་ཡོད་གསར་གནས།

གསར་གནས།