Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་མ་གཏོགས་བོད་གཞུང་དང་ལྷན་གྲོས་མོལ་བྱེད་ཀྱི་མིན་ཞེས་བརྗོད་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

The Press Trust of India གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin གྱིས་རྒྱ་གཞུང་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་མ་གཏོགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷན་དུ་གྲོས་མོལ་བྱ་རྒྱུ་མིན་པ་བརྗོད་འདུག

Wang Wenbin
Wang Wenbin

གྲོས་མོལ་གྱི་ནང་དོན་དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་གནས་བབ་སྐོར་ཡིན་པ་ལས། མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྐོར་མིན་པ་འཁོད་འདུག
Wang Wenbin གིས་སྐབས་དེར་ད་དུང་། རྒྱ་ནག་གཞུང་གི་ངོས་ནས་འབྲེལ་མོལ་དང་གྲོས་མོལ་ཐད་ཆ་རྐྱེན་གཙོ་བོ་གཉིས་ཡོད་པ་དེ་དག་ནི་དང་པོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་ལམ་དང་གྲོས་མོལ་བྱ་རྒྱུ་ཡིན་པ་ལས་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་མོལ་བྱ་རྒྱུ་མིན་པ། གཉིས་པ། འབྲེལ་མོལ་དང་གྲོས་མོལ་ག་རེ་བྱེད་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་སྐུ་འཁོར་ཁག་གཅིག་གི་མ་འོངས་སྐུ་སྒེར་གྱི་གནས་བབ་སྐོར་མ་གཏོགས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བའི་སྐོར་ལ་མིན་ཞེས་བརྗོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཟེར་བ་ནི་བོད་རང་བཙན་གྱི་དམིགས་ཡུལ་བཅངས་མཁན་ཁ་བྲལ་བའི་སྒྲིག་འཛུགས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
PTI གསར་ཤོག་གིས་སྤེལ་བའི་གནས་ཚུལ་དེའི་ནང་རྒྱ་ནག་གཞུང་གི་ཉེ་བའི་ལོ་ཤས་ནང་ཐེངས་དང་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་བྲལ་བ་ཞེས་བཤད་མེད་པ་དང་། དེའི་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་བོད་ནང་ཕྱིར་ཞབས་སོར་འཁོད་རྒྱུའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་པའི་རྣམ་པ་བཏོན་ཡོད་སྐོར་གསུངས་འདུག

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་མཆོག་གིས། ཉེ་ལམ་རྒྱ་གར་གྱི་གསར་འགོད་པ་ཁག་གཅིག་གི་བཅར་འདྲིར་ལན་འདེབས་ཁྲོད། བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་དབར་གཞུང་འབྲེལ་མིན་པའི་ཐོག་ནས་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་བཙུགས་བྱས་ཏེ། ད་ཆ་ལོ་གཅིག་ཙམ་འགྲོ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། ང་ཚོས་ཕུགས་འགྱངས་རིང་པོའི་ཐབས་ལམ་འཚོལ་ཐབས་དང་འབྲེལ་ནས་འབྲེལ་ལམ་དེ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་དང་། དེའང་ང་ཚོའི་ཕྱོགས་ནས་མིན་པར་རྒྱ་ནག་གིས་ཚུར་འབྲེལ་བ་བྱས་པ་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ད་ལྟའི་སྐབས་འདིར་ལམ་སེང་གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་བ་བྱ་རྒྱུ་ནི་དངོས་ཡོད་གནས་སྟངས་དང་མི་མཐུན་པ་ཡིན་སྐོར་གསུངས་ཡོད་པ་རེད།
གཞི་རྩའི་བོད་རྒྱ་གཉིས་དབར་ཕྱི་ལོ་ ༢༠༠༢ ལོར་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟུང་ཕྱོགས་གཉིས་དབར་འབྲེལ་མོལ་རིམ་པ་དགུ་ཙམ་བྱུང་ཡང་། ཕྱི་ལོ་ ༢༠༡༠ ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡོངས་སུ་འགག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།