Tibetan Royal Year of 2151 | Year of the Wood Dragon

སློབ་དཔོན་བཀྲ་ཤིས་ཚེ་རིང་ལགས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་སྐབས་དང་བསྟུན། རྒྱ་གར་ཡུ་པི་མངའ་སྡེའི་རིག་གཞུང་ལྷན་ཁང་གིས་ Alankaran Samaroha ཞེས་པའི་དུས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པའི་ཁྲོད་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བགྲེས་ཡོལ་སློབ་དཔོན་ཆེན་མོ་ Prof བཀྲ་ཤིས་ཚེ་རིང་ལགས་སུ་ Nagarjuna ཀླུ་སྒྲུབ་གཟེངས་རྟགས་འབུལ་བཞེས་གནང་འདུག

དེ་ཡང་ཁ་སྔོན་མཛད་སྒོ་དེ་ཉིད་རྒྱ་གར་ཡུ་པི་མངའ་སྡེའི་རྒྱལ་ས་ Lucknow ལཁ་ནའོ་ནང་དུ་རྟེན་གཞི་བྱས་པའི་མངའ་སྡེའི་སྲིད་སྐྱོང་བཞུགས་གནས་ Raj Bhavan ནང་དུ་ཚོགས་ཡོད་པ་དང་། མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་ Yogi Aditya Nath མཆོག་གིས་དབུས་པའི་མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་ Anandiben Patel མཆོག དེ་བཞིན་གནད་ཡོད་མི་སྣ་ཁག་སོགས་ཁྱོན་ཚོགས་བཅར་བ་ ༥༠ ལྷག་ལྷན་ཞུགས་གནང་ཡོད་པ་རེད་འདུག

མཛད་སྒོ་དེའི་ཐོག་ཤེས་རིག་སོགས་དང་འབྲེལ་བའི་གཟེངས་རྟགས་ཁག་ ༢༠ ལྷག་འབུལ་བཞེས་གནང་ཡོད་པ་དང་། དེའི་ཁྲོད་ནང་པའི་བསྟན་པར་ཞབས་འདེགས་ཞུ་མཁན་སྡེ་ཚན་གསུམ་དུ་བགོས་ཏེ། པཱ་ལི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན། དེ་བཞིན་ལེགས་སྦྱར་དང་པཱ་ལི་གཉིས་ཐོག་མཁྱེན་རྒྱ་ཡངས་པའི་མཁས་དབང་གསུམ་ལ་ངོས་འཛིན་གཟེངས་རྟགས་འབུལ་བཞེས་གནང་ཡོད་པའི་ཁོངས་སུ་མངའ་སྡེའི་ International Buddhist Association ཞེས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱིས་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བགྲེས་ཡོལ་སློབ་དཔོན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་དེ་འབུལ་བཞེས་གནང་འདུག

རྩ་བའི་ད་རེས་མངའ་སྡེ་གཞུང་གི་ངོས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་འབུལ་གནང་བ་དེ་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་། གཟེངས་རྟགས་བཞེས་མཁན་དེའང་ཡུ་པི་མངའ་སྡེའི་ནང་དུ་གནས་བཞུགས་ཡིན་དགོས་པའི་ཐོག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ནང་པའི་ལྟ་གྲུབ་དར་སྤེལ་སོགས་དང་འབྲེལ་ནས་ཕྱག་ལས་ཇི་དགེ་གནང་ཕྱོགས་བཅས་ལ་ངོས་འཛིན་གྱི་གཟེངས་རྟགས་ཤིག་ཆགས་ཀྱི་ཡོད་པ་རེད་འདུག

སློབ་དཔོན་ཆེན་པོ་བཀྲ་ཤིས་ཚེ་རིང་ལགས་ལྟ་བུ་མཚོན་ན་ད་བར་ཁོང་གིས་དེབ་དེབ་གྲངས་ ༡༠ དང་དཔྱད་རྩོམ་ཁག་ ༢༦ བཅས་ཁྱོན་ ༣༦ འགྲེམས་སྤེལ་གནང་ཡོད་པ་དང་། དཔེ་དེབ་བཅུ་ལས་ཁོང་གི་འབུམ་རམས་པའི་ཉམས་ཞིབ་དབུ་མ་འཇུག་པའི་སེམས་བསྐྱེད་དང་པོ་ནས་ལྔ་པ་བར་རང་འགྲེལ་དང་བཅས་ལེགས་སྦྱར་སྐད་དུ་བསྐྱར་གསོ་དང་། དེ་བཞིན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་འབྲེལ་བའི་དཔེ་དེབ་གཉིས། དབུ་མ་བཞི་བརྒྱ་པ་དང་འབྲེལ་བའི་དཔེ་དེབ་གཅིག གཞན་ཕལ་མོ་ཆེ་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་མཁན་དཔལ་ལྡན་ཟླ་བ་གྲགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད་འདུག

མ་ཟད་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་དུ་ལོ་ ༣༤ ཙམ་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་འབྲེལ། ཨ་རི་དང་ཨོས་ཊི་ཡ། དེ་བཞིན་ལྷོ་ཀོ་རི་ཡ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོའི་ནང་དུ་ Semester སློབ་དུས་ ༨ ཙམ་སློབ་ཁྲིད་དང་། རྒྱལ་སྤྱིའི་ལྷན་ཚོགས་སོགས་ཀྱི་ཐོག་མཉམ་ཞུགས་དང་ཕྱག་ལས་མི་ཉུང་བ་ཞིག་གནང་ཡོད་པ་རེད།

རྩ་བའི་ཕྱི་ཟླ་ ༡ པོའི་ཚེས་ ༢༦ སྟེ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར་རྒྱ་གར་དབུས་གཞུང་གི་ངོས་ནས་ལོ་ལྟར་རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུ་དང་སྲི་ཞུ་ལས་དོན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ། སྤྱི་ཚོགས་དང་མང་ཚོགས་ཀྱི་བདེ་དོན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཁག་གཅིག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་ Padma Vibhushan དང་ Padma Bhushan དེ་བཞིན་ Padma Shri བཅས་གནང་སྲོལ་ཡོད་སྟབས། འདི་ལོའི་དུས་ཚིགས་དེའི་ཐོག་ལ་དྭགས་རྟོགས་ལྡན་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཤེས་རིག་དང་། ཆོས་ཕྱོགས། དེ་བཞིན་འགྲོ་བ་མིར་དམིགས་དཔེར་འོས་པའི་མཛད་རྗེས་བཅས་ལ་ངོས་འཛིན་ཐོག་ Padma Bhushan གི་གཟེངས་རྟགས་ཕུལ་ཡོད་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།