Tibetan Royal Year of 2150 | Year of the Water Rabbit

༸སྐུའི་ཡང་སྲིད་ངེས་ཕེབས་དང་བར་བརྒལ་སྐབས་ནུས་ལྡན་གྱི་སྐུ་ཚབ་ངེས་བསྐོ་དགོས་པའི་གསོལ་འདེབས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཀྱི་བཞུགས་མོལ་ལྷན་ཚོགས་ཀྱི་ཚོགས་བཅར་བས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངེས་པར་དུ་ཕེབས་གནང་ཡོང་བ་དང་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ་མཆོག་གི་བར་བརྒལ་སྐབས་ནུས་ལྡན་གྱི་སྐུ་ཚབ་ཅིག་ངེས་ བསྐོ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་འདུག

རེས་གཟའ་ཟླ་བ་ནས་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཡོད་པའི་ཨིམ་ཕི་རལ་གསོལ་མགྲོན་ཁང་དུ་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཀྱི་བཞུགས་མོལ་ལྷན་ཚོགས་ཤིག་ཉིན་གྲངས་ལྔའི་རིང་ཚོགས་ཡོད་པ་ལྟར། ལྷན་ཚོགས་ཀྱི་ཚོགས་བཅར་བ་ཡོངས་ལ་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ཡོད་པ་དང་མཇལ་ཁ་གྲུབ་མཚམས་སུ་བོད་ཀྱི་མདུན་ལམ་ལས་འགུལ་གོ་སྒྲིག་ཚོགས་ཆུང་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསར་འགོད་ལྷན་ཚོགས་གནང་སྟེ་བཞུགས་མོལ་ལྷན་ཚོགས་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་སོང་།

སྐབས་དེར་བོད་ཀྱི་མདུན་ལམ་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་བཀྲིས་ལམ་བཟང་ལགས་དང་གཞོན་སྐྱེས་ཚོགས་བཅར་བ་གཅིག་བཅས་མཉམ་རུབ་ཀྱིས་བཞུགས་མོལ་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྙན་སྒྲོན་གནང་བའི་ནང་གཙོ་བོ་འཛམ་གླིང་རྒྱལ་ཁབ་ཁག་བདུན་ཅུ་ཙམ་ནས་ཕེབས་པའི་ཚོགས་བཅར་བ་ཁྱོན་ ༩༠ ལྷག་མཉམ་ཞུགས་ཀྱིས་ཉིན་གྲངས་ལྔ་རིང་ཕན་ཚུན་དབར་ལ་གྲོས་བསྡུར་སྦྱང་བཤད་ལྷུག་པོ་གནང་སྟེ། འདས་པའི་ལོ་རྒྱུས་ཐོག་བོད་ཀྱི་གནས་བབ་དང་ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་གཅིག་གྱུར་གྱི་ངོས་འཛིན་བྱུང་བའི་གནད་དོན་གསུམ་དང་། དེ་བཞིན་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་སེམས་འཚབ་ཆེན་པོས་གནད་དོན་གལ་ཆེན་ཁག་གཅིག་གི་ཐོག་འབོད་སྐུལ་དོན་ཚན་བདུན་ཅན་ཞིག་གཏན་འབེབས་གནང་འདུག

༸སྐུའི་ཡང་སྲིད་ངེས་ཕེབས་ཡོང་བ་དང་༸གོང་ས༸སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ་མཆོག་གི་བར་བརྒལ་སྐབས་རྒྱ་གཞུང་གི་སིམ་འཛུལ་དང་གཡོ་བྱུས་ལ་གདོང་ལེན་གྱིས་ནུས་ལྡན་སྐུ་ཚབ་ཅིག་ངེས་པར་དུ་བསྐོ་བཞག་གནང་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་པའི་རེ་སྐུལ། དེ་བཞིན་བོད་དང་བོད་མིའི་ཐུན་མིན་གྱི་དམིགས་ཡུལ་དང་མདུན་ལམ་ཆེད་འཆམ་མཐུན་གྱི་ཁོར་ཡུག་དང་ནུས་ལྡན་གྱི་འཐབ་རྩོད་གནང་མཁན་གྱི་མི་རབས་དང་སྤྱི་ཚོགས་བསྐྲུན་རྒྱུར་ཚོགས་བཅར་བ་ཡོངས་ཀྱིས་དང་བླངས་ཐོག་དམ་བཅའ་འབུལ་རྒྱུ་དང་བོད་མི་ཡོངས་ཀྱིས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་བསྐྱར་ནན་ཞུས་པ་སོགས་འཁོད་འདུག

གསར་འགོད་ལྷན་ཚོགས་ཐོག་བཀྲིས་ལམ་བཟང་ལགས་ཀྱིས་བསྒྲགས་གཏམ་ནང་འཁོད་པའི་དགོངས་ཚུལ་རྣམས་ནི་འདས་པའི་ཉིན་ཤས་ནང་གི་དགོངས་འཆར་གཙོས་དེ་སྔའི་ལྷན་ཚོགས་ཐོག་གྲོས་བསྡུར་གནང་བ་རྣམས་སྡེ་ཚན་གཉིས་སུ་དབྱེ་ནས་དགོངས་ཚུལ་བསྡུ་རུབ་ཞུས་པའི་གྲུབ་དོན་ཞིག་ཡིན་པར་གསུངས་སོང་།

གསར་འགོད་པས་བཀྲིས་ལམ་བཟང་ལགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་དོན་ལྟར་མཇལ་ཁའི་སྐབས་སུ་བཀའ་སློབ་གཙོ་བོ་གང་ཕེབས་ཡོད་དམ་ཞེས་བཅར་འདྲི་ཞུས་པར་ཁོང་གིས་བཞུགས་མོལ་ལྷན་ཚོགས་ཀྱི་བརྒྱུད་རིམ་དང་ལྷན་ཚོགས་དེའི་ཐོག་ནས་ཚོགས་བཅར་བ་ཡོངས་ཀྱིས་ཚེ་རབས་ནས་ཚེ་རབས་བར་དུ་༸གོང་ས་མཆོག་དང་བོད་མིའི་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་རྒྱུན་གནས་དགོས་པར་ངོས་འཛིན་གཅིག་གྱུར་ཐོག་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ངེས་པར་དུ་ཕེབས་གནང་ཡོང་བ་མཁྱེན་ཞེས་གསོལ་འདེབས་ཞུས་ཡོད་ཅེས་དང་། མགོན་པོ་༸གང་ཉིད་མཆོག་གིས་ད་དུང་དགུང་གྲངས་བཅུ་ཕྲག་གཉིས་ལྷག་༸སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།