Tibetan Royal Year of 2151 | Year of the Wood Dragon

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་དེ་བོད་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་པའི་དྲན་སྐུལ།

Tibetan News Headlines

  • Bhartruhari Mahtab and Tapir Gao become new convener and co-convener of the all party Indian parliamentary forum for Tibet
  • 6th General body meeting of Tibetan trader’s association commences in Ludhiana
  • U.S. expands ban on Chinese imports over Uyghur rights abuses
  • Large-scale construction projects are being carried out in the border areas of Tibet and India
  • Tibetan Diaspora : Sera Jey international online school

རེས་གཟའ་པ་སངས། ༢༠༢༤།༠༨།༠༩

  • སྐུ་ཞབས་ Bhartruhari Mahtab མཆོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག
  • བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ།
  • ཡུ་གུར་རང་དབང་རྡོག་རོལ་བཏང་བར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བཀག་སྡོམ་རྒྱ་སྐྱེད།
  • འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། སེར་བྱེས་དྲ་ཐོག་སྐད་ཡིག་སློབ་གྲྭ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་མོ་འདི་ནི་བོད་ཀྱི་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་རྒྱ་དམར་གཞུང་གི་བཙན་འོག་ཏུ་སྐུ་འདས་གྲོངས་སུ་གྱུར་ནས་མི་ལོ་ཧྲིལ་པོ་ ༩ འཁོར་བའི་ཉིན་མོ་ཡིན་པ་དང་བསྟུན། རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་མྱ་ངན་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་ནས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་ཞིག་དབུ་འབྱེད་དང་འབྲེལ། རིན་པོ་ཆེའི་གནད་དོན་ནི་བོད་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་པ་དྲན་སྐུལ་གནང་སོང་།

དེ་ཡང་མྱ་ངན་རྗེས་དྲན་གྱི་ཚོགས་འདུ་འདི་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་དང་། ཞལ་སློབ། ཚ་མོ་ཉི་མ་ལྷ་མོ་ལགས་བཅས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཉེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཚོགས་བཅར་བ་བཅས་ཁྱོན་མི་གྲངས་ ༤༠ ཙམ་ལྷན་ཞུགས་གནང་འདུག

སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས། དེ་རིང་གི་ཉིན་མོ་འདིའི་བརྒྱུད་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གཙོས་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་གུས་འདུད་དང་། ཁོང་རྣམ་པའི་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པ་དེ་དག་དུས་རྒྱུན་དུ་ནས་སྙིང་ལ་བཅངས་བའི་ཐོག་དོན་དངོས་སུ་ཆུད་ཟོད་དུ་མ་འགྲོ་བའི་ལས་འགན་ནི་ང་ཚོ་ཚང་མར་ཡོད་པ་ནན་བརྗོད་གནང་སོང་བ་དང་འབྲེལ། ད་ལྟ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཡོད་པའི་བསྐལ་བཟང་གི་དུས་སྐབས་དེར་བོད་མི་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་མཉམ་སྤུངས་ཐོག་སོ་སོའི་རྩ་དོན་ལ་འབད་བརྩོན་གནང་དགོས་གལ་ཡིན་པའི་བརྡ་ལན་གནང་སོང་།

ལྷག་པར་རིན་པོ་ཆེ་དམ་པ་དེ་ཉིད་ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་གྱི་སེར་སྐྱ་མི་མང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཙན་བྱོལ་ནས་ཕ་ཡུལ་དུ་ཕྱིར་ཕེབས་གནང་བ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན། མི་མང་གི་བདེ་དོན་སོགས་རྒྱལ་ཁབ་གཅིག་གི་ངོ་བོ་ལ་གལ་ཆེ་བའི་ལས་དོན་གནང་ཡོད་སྟབས། རིན་པོ་ཆེའི་རྣམ་ཐར་ཚང་མས་གཟིགས་དགོས་གལ་ཡིན་པའི་ལམ་སྟོན་དང་། རྒྱ་གཞུང་གིས་རིན་པོ་ཆེ་མཆོག་ལ་ཁྲིམས་ཀྱི་ཐོག་ནས་ནག་ཉེས་བཙུགས་ཡོད་ཀྱང་བདེན་དཔང་ར་སྤྲོད་བྱུང་མེད་པ་མངོན་གསལ་ཡིན་སྐོར་གསུངས་ཏེ། ཁོང་གི་མཛད་པ་མུ་མཐུད་རྒྱུན་སྐྱོང་སླད་དུ་ཡང་སྲིད་རང་དབང་ཡོད་པའི་ལུང་པའི་ནང་འཁྲུངས་པའི་རེ་བ་གནང་གི་ཡོད་པ་མ་ཟད། དེ་རིང་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་དེ་བོད་ཀྱི་གནད་དོན་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། གོ་སྐབས་དེའི་བརྒྱུད་བོད་མི་རྣམས་ནས་ཤེས་ཡོན་དང་འཆམ་མཐུན། འཇོན་ཐང་། ལག་ལེན། ཡ་རབས་སྤྱོད་བཟང་སོགས་རྒྱ་ཆེ་ས་ནས་བསམ་བློ་གཏང་དགོས་གལ་ཡིན་པ་ཞིང་། གནད་དོན་དེ་ནི་ཛ་དྲག་གི་རང་བཞིན་ཞིག་ཆགས་ཀྱི་ཡོད་པའི་བརྡ་ལན་དང་འབྲེལ། རིན་པོ་ཆེའི་དམ་པ་དེ་ཉིད་དང་འབྲེལ་བའི་རྣམ་ཐར་དེ་དག་བཀླགས་ཏེ། ལག་ལེན་འཁྱོལ་བ་ཞིག་གནང་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གཙོས་པའི་བོད་མི་རིགས་ཆེད་དུ་སྐུ་ལས་སྐྱོན་མཁན་ཚང་མའི་བཀའ་དྲིན་རྗེས་དྲན་ཐུབ་རྒྱུ་དང་། ལྷག་པར་༸གོང་ས་མཆོག་གི་དགོངས་གཞི་དེའི་བརྒྱུད་ནས་བསྒྲུབ་རྒྱུ་ཡིན་པ་ལམ་སྟོན་གནང་སོང་།

འདི་གར་རླུང་འཕྲིན་ཁང་ནས་དེ་རིང་མཛད་སྒོའི་ཐོག་ཉི་མ་ལྷ་མོའི་བདེན་དོན་གླེང་བའི་གཏམ་ཞེས་པའི་དཔེ་དེབ་དེའི་ཐོག་ཕྱག་ལས་གནང་མཁན་ཉམས་ཞིབ་པ་དང་གནས་ཚུལ་ཞིབ་འབྲི་བ་བོད་དགེ་རྡོ་རྗེ་རིན་ཆེན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དེབ་དེ་ནི་ཕྱི་ལོ་ ༢༠༡༩ ལོར་འགོ་འཛུགས་བྱས་ཡོད་པ་དང་། དེའི་ནང་དོན་དུ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་པ་སྐྱོང་སྟངས་དང་། རྒྱ་གཞུང་གིས་མ་ཉེས་ཁ་གཡོག་གི་གནད་དོན་འོག་འཛིན་བཟུང་བཙོན་འཇུག་སྐབས། ས་གནས་མི་མང་དང་ཞལ་སློབ། སྤུན་མཆེད་རྣམས་ཀྱིས་ཞུ་གཏུག་དང་བཙོན་ཁང་ནང་ཐུག་འཕྲད་བྱས་པ། ལྷག་པར་ལོ་ ༡༣ བཙོན་འཇུག་གིས་སྐུ་འདས་གྲོངས་སུ་གྱུར་བའི་རྗེས་སུའང་སྐུ་ཕུང་མ་སྤྲད་པ་སོགས་ཀྱི་དོན་ཚན་ ༥༣ ནང་གནད་དོན་མང་པོ་ཞིག་གསལ་ཡོད་པ་སོགས་ངོ་སྤྲོད་དང་། ལྷག་པར་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རིན་པོ་ཆེའི་གནད་དོན་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བདེན་དཔང་ར་སྤྲོད་གནང་རྒྱུ་དམ་བཅའ་ཞུས་པའི་ལས་དོན་ལྟ་བུ་ཞིག་ཆགས་ཀྱི་ཡོད་ཅེས་དང་། ལྷག་པར་དེབ་དེ་ཉི་མ་ལྷ་མོའི་ས་གནས་ས་ཐོག་ཏུ་མཐོང་ཐོས་མྱོང་གསུམ་གྱི་སྐོར་དང་། གནས་ཚུལ་གསལ་པོ་མེད་རིགས་འགའ་ཤས་གཞིས་བཞུགས་དང་བཙན་བྱོལ་ནང་གི་འབྲེལ་ཡོད་མི་སྣ་དང་ལྷན་དུ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་བྱས་ཏེ། གསང་བའི་ཡིག་ཆ་སོགས་ལ་ཁུངས་བཏུག་ནས་ཁ་སྣོན་བྱས་ཡོད་པ་འགྲེལ་བརྗོད་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ཚ་མོ་དང་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་སོགས་ནས་རིན་པོ་ཆེའི་མཛད་རྗེས་སྐོར་གསུང་བཤད་གནང་ཡོད་པ་རེད།

གཞི་རྩའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༥༠ ལོར་ལི་ཐང་རྫོང་བདེ་སྐྱིད་གྲོང་དུ་འཁྲུངས་ཤིང་། དགུང་ལོ་ ༧ ཕེབས་སྐབས་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ནས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་གིས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་སྩལ་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་གསོལ་ཡོད་པ་རེད། ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་གྱི་སེར་སྐྱ་མི་མང་གིས་གསོལ་འདེབས་བཞིན་ཕ་ཡུལ་དུ་ཕེབས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐོག་ལ་ཕྱག་ལས་རྒྱ་ཆེར་གནང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་སླད་དུ་དགོན་པ་དང་སློབ་གྲྭ་གསར་བཞེངས་བཅས་ཀྱི་ཕྱག་ལས་རླབས་ཆེན་གནང་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ཁྲིན་ཏུའུ་རུ་འབར་རྫས་གས་ཐོར་གྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་བསྙད་ནས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། དེ་རྗེས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་གི་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་མཐར་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས ༡༢ ཉིན་ཁྲིན་ཏུའུ་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།