Tibetan Royal Year of 2151 | Year of the Wood Dragon

སྲིད་བློན་མོ་དྷི་མཆོག་དང་ལྷན་བློན་ཆེན་ ༧༡ ནས་དམ་འབུལ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཁ་སང་ཕྱི་དྲོ་ཆུ་ཚོད་ ༧།༣༠ མ་ཟིན་ཙམ་ལ་མོ་དྷི་མཆོག་གིས་རྒྱ་གར་སྲིད་འཛིན་གྱི་དྲུང་ནས་སྲིད་བློན་གྱི་དམ་འབུལ་བཞེས་ཡོད་པ་དང་འབྲེལ། ད་རེས་ཁོང་སྲིད་བློན་གྱི་དམ་འབུལ་བཞེས་པ་དེ་ཐེངས་གསུམ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་བློན་དང་པོ་ནྷེ་རུའི་རྗེས་སུ་སྲིད་བློན་རིམ་པའི་ཁྲོད། ལོ་གསུམ་བསྟུད་མར་སྲིད་བློན་གྱི་ཐུགས་འགན་བཞེས་པ་དང་པོ་ཞིག་ཆགས་ཀྱི་ཡོད།

ཁ་སང་ཕྱི་ཟླ་ ༦ ཚེས་ ༩ ཉིན་རྒྱ་གར་སྲིད་འཛིན་གྱི་ཕོ་བྲང་དུ་སྲིད་འཛིན་ Droupadi Murmu མཆོག་གི་དྲུང་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གཙོས་པའི་བློན་ཆེན་གཞན་ ༧༡ ནས་དམ་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཁྱིམ་མཚེས་རྒྱལ་ཁབ་བཱང་ལ་དེཤ་དང་། ཤྲི་ལཱང་ཀཱ འབྲུག བལ་ཡུལ། Mauritius, Seychelles དེ་བཞིན་ Maldives བཅས་གྱི་སྲིད་འཛིན་དང་སྲིད་བློན་གཙོས་པའི་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་དང་། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན། ཚོང་ལས་སྡེ་ཁག་གི་མི་སྣ། རྒྱ་གར་གྱི་གྲོས་ཚོགས་ཁང་གསར་པ་བཟོ་མཁན་གྱི་ལས་བཟོ་བ་སོགས། ཁྱོམ་མི་གྲངས་ ༩༠༠༠ བརྒལ་བ་ནས་མཛད་སྒོ་དེར་ལྷན་ཞུགས་གནང་འདུག

སྤྱིར་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༩ ནས་ཕྱི་ཟླ་ ༦ ཚེས་ ༡ བར་ཁྱོན་ཉིན་གྲངས་ ༤༤ རིང་འོས་བསྡུ་རིམ་པ་བདུན་གནང་སྟེ། འདི་ཚེས་ ༤ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན། གྲོས་ཚོགས་འོག་མའི་ཞབས་སྟེགས་ཁྱོན་ ༥༤༣ ནས་ BJP ཆབ་སྲིད་ཚོགས་པས་སྣེ་ཁྲིད་པའི་ National Democratic Alliance (NDA) ཞེས་རྒྱལ་ཡོངས་མང་གཙོའི་མཐུན་སྦྲེལ་ཚོགས་པར་གྲོས་ཚོགས་འོག་མའི་ཞབས་སྟེགས་ ༢༩༣ དང་། ཀོང་རེ་སི་ཆབ་སྲིད་ཚོགས་པའི་སྣེ་ཁྲིད་པའི་ Indian National Developmental Inclusive Alliance ཞེས་ INDIA མཐུན་སྦྲེལ་ཚོགས་པར་ཞབས་སྟེགས་ ༢༣༤  དེ་བཞིན་གཞན་ ༡༦ བཅས་ཐོབ་ཡོད་པ་རེད།

རྩ་བའི་རྒྱ་གར་གྱི་གཞུང་འཛིན་བྱེད་པ་ལ་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཉུང་མཐར་གྲོས་ཚོགས་ཀྱི་ཞབས་སྟེགས་ ༢༧༢ ཐོབ་དགོས་པ་དེ་ལྟར་ཡང་། BJP ཆབ་སྲིད་ཚོགས་པར་འོས་གྲངས་ ༢༤༠ མ་གཏོགས་ཐོབ་མེད་པར་བརྟེན། འདང་ངེས་ཀྱི་འོས་གྲངས་ཐོབ་མེད། BJP ཆབ་སྲིད་ཚོགས་པའི་སྣེ་ཁྲིད་པའི་ NDA རྒྱལ་ཡོངས་མང་གཙོའི་མཐུན་འབྲེལ་ཚོགས་པའི་ནང་ཡོད་པའི་ Telugu Desam Party ལ་ཞབས་སྟེགས་ ༡༦ དང་། Janata Dal (United) ལ་ཞབས་སྟེགས་ ༡༢ དེ་བཞིན་ Shiv Sena ལ་ཞབས་སྟེགས་ ༧ སོགས་ཐོབ་ཡོད་པར་བརྟེན། ད་ལྟའི་སྲིད་བློན་མོ་དྷི་མཆོག་གིས་གཞུང་དེ་ཉིད་མཉམ་མཐུན་གྱི་གཞུང་ཞིག་ཆགས་ཀྱི་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་འདི་ག་རླུང་འཕྲིན་ཁང་གིས་ཁ་སྔོན་བོད་མི་མང་སྤྱ་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། བོད་རང་བཙན་འཐབ་རྩོད་པ་དང་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཀའ་འདྲི་ཞུས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ད་རེས་འོས་བསྡུའི་གྲུབ་འབྲས་ཁྲོད་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་ཀ་ལ་འོས་ཤོག་ཤུགས་ཆེན་པོ་ཐོབ་ཡོད་སྟབས། རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་གླེང་སློང་མང་དུ་ཡོང་ཐུབ་པའི་གོ་སྐབས་ཤིག་ཡོད་པ་མ་ཟད། གོ་སྐབས་དེ་ཟིན་ཐུབ་རྒྱུ་དེ་ཉིད་གནད་འགག་ཡིན་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་རྒྱ་གར་གྱི་མཉམ་མཐུན་གྱི་སྲིད་གཞུང་ཟིན་པའི་ཐག་གཅོད་དེ་རན་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་ཐེངས་འདིའི་འོས་བསྡུའི་བརྒྱུད་ནས་ BJP ཆབ་སྲིད་ཚོགས་པའི་ངོས་ནས་མི་མང་གི་བསམ་ཚུལ་སོགས་ལ་བསྟུན་མཁས་བྱེད་པའི་གནད་འགག་གསལ་བཏོན་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

གནས་ཚུལ་ཐོན་པ་ཁག་ལ་གཞིགས་ན་རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོའི་ཐོག་ཀོང་རེ་སི་ཆབ་སྲིད་ཚོགས་པ་གཙོས་པའི་ INDIA མཐུན་སྦྲེལ་ཚོགས་པའི་གནད་ཡོད་མི་སྣ་རྣམས་གདན་འདྲེན་ཞུས་ཡོད་ཀྱང་། ཁོང་རྣམ་པས་མི་དྷིས་འོས་བསྡུའི་དྲིལ་བསྒྲགས་སྐབས། འཆལ་གཏམ་དང་རྫུན་གཏམ་བཤད་ཡོད་པར་བརྟེན། ངོ་བཅར་ཞུས་མེད་པ་དེ་ལྟར་ཡང་། ཀོང་རེས་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ Mallikarjun Kharge མཆོག་རྒྱ་གར་གྱི་རྩ་ཁྲིམས་དགོངས་དོན་བཞིན་གྲོས་ཚོགས་གོང་མའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་དང་འཐུས་མི་ཞིག་ཡིན་པའི་ཆ་ནས་བཅར་ཡོད་པ་གསུང་གི་འདུག

ཁ་སང་དམ་འབུལ་སྐབས་ BJP ཆབ་སྲིད་ཚོགས་པའི་བློན་ཆེན་ ༦༠ དང་དེ་བཞིན་ NDA རྒྱལ་ཡོངས་མང་གཙོའི་མཐུན་སྦྲེལ་ནང་གི་ཆབ་སྲིད་ཚོགས་པ་གཞན་རྣམས་ལ་བློན་ཆེན་ ༡༡ གྱི་གོ་གནས་གནང་ཡོད་པའི་ཁྲོད་ Telugu Desam Party ལ་ ༢ དང་ Janata Dal (United) ལ་ ༢ དེ་བཞིན་ཚོགས་པ་གཞན་རྣམས་ལ་རེ་རེ་སྤྲད་ཡོད་འདུག

གཞི་རྩའི་ཐེངས་འདིར་སྲིད་བློན་མོ་དྷི་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་མཉམ་མཐུན་གྱི་སྲིད་གཞུང་ནང་ Cabinet Ministers བཀའ་བློན་ ༣༠ དང་། Ministers of state with independent Charge རང་དབང་ཅན་གྱི་རྒྱལ་སྲིད་བློན་ཆེན་ ༥ དེ་བཞིན་ Ministers of State རྒྱལ་སྲིད་བློན་ཆེན་ ༣༦ བཅས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།