Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྱི་སློབ་གྲྭར་རྒྱ་ཡིག་སློབ་མཁན་རྒྱ་ནག་དགེ་རྒན་ཚབ་ཏུ་ཐེ་ཝན་གྱི་དགེ་རྒན་གསར་འཇུག་བྱ་རྒྱུ་ཡིན་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཉེ་སྔོན་དབྱིན་ཡུལ་གྱི་གྲོས་ཚོགས་ཉམས་ཞིབ་པ་ཞིག་གིས་རྒྱ་གཞུང་དང་ལག་འབྲེལ་གྱིས་སོ་ཉུལ་བྱེད་ཀྱི་ཡོད་པའི་གནད་དོན་དང་འབྲེལ། ཁུལ་དེའི་སློབ་གྲྭ་ཁག་གི་ནང་དུ་ཡོད་པའི་རྒྱ་ཡིག་སློབ་མཁན་རྒྱ་ནག་གི་དགེ་རྒན་དེ་དག་ཀྱང་ཉེན་འཚབ་རང་བཞིན་ཅན་དུ་གྱུར་ཡོད་སྟབས། དེའི་ཚབ་ཏུ་ཐེ་ཝན་གྱི་དགེ་རྒན་གསར་འཇུག་བྱ་རྒྱུ་ཡིན་པ་རེད་འདུག

དེ་ཡང་འདི་ཚེས་ ༡༦ ཉིན་ Daily Mail གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་སྔོན་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་ཉམས་ཞིབ་པ་ Chris Cash ཟེར་བ་ཞིག་གིས་ཡུལ་དེའི་གྲོས་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་རྣམས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ཏེ་རྒྱ་གཞུང་ཚབ་ལ་མཁོ་སྤྲོད་བྱས་ཀྱི་ཡོད་པར་བརྟེན་ཁུལ་དེའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་དོན་དང་འབྲེལ། དབྱིན་ཡུལ་གྱི་ཆབ་སྲིད་ནང་རྒྱ་གཞུང་གིས་རྣམ་པ་འདྲ་མིན་སྒོ་ནས་ཐེ་བྱུས་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཁུལ་དེའི་སློབ་གྲྭ་ཁག་གི་རྒྱ་ཡིག་སློབ་མཁན་རྒྱ་ནག་དགེ་རྒན་དེ་དག་བརྒྱུད་རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ཡོང་གི་ཡོད་སྟབས། ཁ་སྔོན་ཡུལ་དེའི་ནང་སྲིད་བློན་ཆེན་ལྕམ་སྐུ་ Suella Braverman མཆོག་དང་། རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Tom Tugendhat མཆོག་རྣམ་གཉིས་ཀྱིས་བློན་ཆེན་ཚོགས་འདུའི་ཐོག་ད་ཡོད་རྒྱ་ཡིག་དགེ་རྒན་དེ་དག་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་ Confucius Institute ཞེས་པའི་ཁུང་ཙི་ལྟེ་གནས་ཁང་ནས་ཆེད་གཏོང་བྱེད་ཀྱི་ཡོད་པར་ལྟེ་གནས་ཁང་དེ་ངེས་པར་དུ་སྒོ་རྒྱག་དགོས་པ་གསུངས་འདུག

འོན་ཀྱང་གནས་ཚུལ་དེ་དང་འབྲེལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དབྱིན་ཡུལ་གྱི་ཤེས་རིག་བློན་ཆེན་ལྕམ་སྐུ་ Gillian Keegan མཆོག་གིས་ཁུལ་དེའི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་མཁན་རྒྱ་ནག་དགེ་རྒན་ཚབ་ཏུ་ཐེ་ཝན་གྱི་དགེ་རྒན་གསར་འཇུག་བྱ་རྒྱུ་མོས་མཐུན་གནང་ཡོད་པ་རེད་འདུག

རྩ་བའི་དབྱིན་གཞུང་གི་ངོས་ནས་ Confucius ཞེས་པའི་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་བརྒྱུད་ནས་ཁུལ་དེའི་གཙུག་ལག་སློབ་གཉེར་ཁང་ ༣༠ དང་སློབ་གྲྭ་གྲངས་ ༡༥༠ ཙམ་གྱི་ནང་རྒྱ་ཡིག་སློབ་གཉེར་གཉེར་གྱི་ཡོད་པ་དང་། དེ་དག་གི་ཁྲོད་ནས་ཡུལ་དེའི་ Crowthorne གྲོང་སྡེ་ནང་རྟེན་གཞི་བྱས་པའི་ Wellington མཐོ་སློབ་དེ་ཉིད་རྒྱ་ནག་གི་རིག་གཞུང་ཁྱབ་སྤེལ་བྱེད་ཆེད་ཡིན་པ་དང་ཆབས་ཅིག གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་མཐོ་སློབ་དེ་དག་རྒྱ་ནག་གི་སྲིད་བྱུས་རྒྱ་སྐྱེད་དང་སྨྲ་བརྗོད་རང་དབང་འགོག་ཐབས་ཀྱི་ལག་ཆ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ཡིག་གི་བསླབ་གཞི་དེ་དག་ལས་རྒྱ་དམར་གྱི་སྲིད་བྱུས་རྒྱ་སྐྱེད་ཀྱི་དཔང་རྟགས་ཤིག་ཡིན་པ་གསུངས་འདུག

རྒྱ་ནག་གིས་རྒྱ་ཡིག་སློབ་ཁྲིད་ཐབས་ལམ་དེ་བཞིན་ Chinese Buddy དང་། Chairman’s Bao ཞེས་པའི་མཉན་ཆས་དེ་དག་གི་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་འབྲེལ། ལྷག་པར་དུ་ Chairman’s Bao ལྟ་བུ་མཚོན་ན་བྱིས་པ་རྣམས་ལ་གནས་ཚུལ་གྱི་ལམ་ནས་རྒྱ་སྐད་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། དེའི་ནང་ཡུ་གུར་མི་རིགས་ལ་མནར་གཅོད་གཏོང་ཡུལ་ཁག་ཏུ་ཡུལ་སྐོར་བ་རྣམས་ཞེད་སྣང་མེད་པར་དགའ་བོའི་ངང་སྤྲོ་འཆམ་དུ་ཕྱིན་པ་སོགས་ལོག་འགྲེལ་གྱི་རྩོམ་ཡིག་སྤེལ་ཡོད་སྟབས། དབྱིན་ཡུལ་གསང་བའི་ལས་ཁུངས་ངོས་ནས་རྒྱ་གཞུང་གིས་ཐབས་བྱུས་སོགས་ཀྱི་བརྒྱུད་ནས་དེ་ལྟ་བུ་འཇིགས་སྐུལ་ལ་ང་ཚོས་དོ་ནན་བྱ་དགོས་གལ་དང་། ཐེ་ཝན་ནི་ང་ཚོའི་མཐུན་གྲོགས་ཤིག་ཡིན་པའི་ཆ་ནས་རྒྱབ་སྐྱོར་བྱ་དགོས་ཤིང་། ང་ཚོའི་གཙུག་ལག་སློབ་གཉེར་ཁང་དང་། སློབ་གྲྭའི་ནང་ཐེ་ཝན་གྱི་དགེ་རྒན་གསར་འཇུག་བྱ་དགོས་པ་སོགས་གསུངས་འདུག

This image has an empty alt attribute; its file name is image-91.jpg

མ་ཟད་རྒྱ་ཡིག་དགེ་རྒན་གྱི་གནད་དོན་ཙམ་མིན་པར་དབྱིན་ཡུལ་བདེ་སྲུང་བློན་ཆེན་མཆོག་གིས་དབྱིན་ཡུལ་གྱི་མཁའ་དམག་དང་མཚོ་དམག་ཁ་ལོ་བ་ཟུར་པས་རྒྱ་ནག་གི་མཁའ་དམག་སོགས་ལ་སྦྱོང་བརྡར་སྤྲད་ཡོད་པའི་གནད་དོན་དེའི་ཐོག་ཉེན་ཁ་དང་དོགས་ཟོན་བྱ་དགོས་གལ་ཡིན་པ་དང་། བདེ་སྲུང་དྲུང་ཆེ་སྐུ་ཞབས་ Grant Shapps ལགས་ཀྱིས་ཀྱང་དབྱིན་ཡུལ་གྱི་མངོན་འདོད་དང་མ་མཐུན་པར་ཁ་གཏད་པ་རྣམས་ལ་དམག་དོན་སྦྱོང་བརྡར་སྤྲད་པ་ཤེས་རྟོགས་བྱུང་ཚེ་ཁྲིམས་གཏུག་བྱ་རྒྱུ་ཡིན་པ་གསུངས་འདུག

གཞི་རྩའི་ Confucius Institute ཞེས་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་འདི་ཉིད་རྒྱལ་ཁབ་མང་པོའི་ནང་ཡོད་པ་དང་། རྒྱལ་ཁབ་དེ་དག་གིས་ཀྱང་ལྟེ་གནས་ཁང་དེ་ལ་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཁག་ཅིག་གིས་དེ་འབྲེལ་སྒོ་བརྒྱབ་པའི་གནས་ཚུལ་ཡང་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།