༸གོང་ས་མཆོག་ལ་ Gold Mercury Award ཞེས་པའི་གཟེངས་རྟགས་འབུལ་གཏན་འཁེལ་བ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༥ ལོའི་འཛམ་གླིང་ཞི་བདེའི་མཛད་རྗེས་ལ་གུས་བསྟོད་ཀྱིས་ Gold Mercury Award ཞེས་པའི་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་པ་དང་། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་འདི་བཞིན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་དྷརྨ་སཱ་ལཱར་ཚོགས་གཏན་འཁེལ་འདུག

དེ་ཡང་ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Gold Mercury International ཞེས་པའི་རྒྱལ་སྤྱིའི་ཚོགས་སྡེའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༥ ལོའི་ Gold Mercury Award ཞེས་པའི་གཟེངས་རྟགས་འབུལ་གཏན་འཁེལ་བ་ཡོངས་གྲགས་གནང་འདུག་པ་དང་ཆབས་ཅིག འཁྲུག་རྩོད་དང་ཤོག་ཁག ཁོར་ཡུག་གི་དཀའ་ངལ་བཅས་ཀྱི་དུས་ཚོད་གཉན་འཕྲང་ཅན་འདིར་མགོན་པོ་༸གང་ཉིད་མཆོག་གི་མཐའ་ཡས་པའི་ཐུགས་དགོངས་དེ་ཉིད་ཤིན་ཏུ་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་བཀོད་འདུག

Photo: Gold Mercury International

དེ་བཞིན་༸རྒྱལ་བ་རིན་པོ་ཆེས་འཛམ་གླིང་ཞི་བདེ་དང་། རྩོད་རྙོག་སྡུམ་སྒྲིག ཆོས་ལུགས་འཆམ་མཐུན། ཁོར་ཡུག་གི་འགན་འཁྲི་བཅས་ཀྱི་ཐུགས་བཞེད་ཐོག་ནས་འཚེ་བ་མེད་པ་དང་། འགྲོ་བ་མིའི་ཆེ་མཐོང་དང་ཐོབ་ཐང་ལ་མཛད་རྗེས་རླབས་པོ་ཆེ་བསྐྱངས་གནང་མཛད་ཡོད་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོའི་གོ་ལ་སྲུང་སྐྱོབ་ཀྱི་ལམ་སྟོན་མཛད་པ་དག་གི་སྣོད་བཅུད་མཐུན་གཤིབ་དང་། ཡུན་གནས་ཀྱི་ཞི་བདེ་བར་འབྲེལ་བ་ཟབ་མོ་ཡོད་པ་གསལ་སྟོན་གནང་གི་ཡོད་ཅེས་བཀོད་འདུག

Photo: Norbu Gyachung

ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ Social, Emotional and Ethical Learning སྤྱི་སེམས་བཟང་གསུམ་གྱི་ཤེས་ཡོན་ལམ་སྟོན་ལས་གཞན་ལ་བརྩེ་སེམས་དང་བཟང་སྤྱོད་ཀྱི་འགན་འཁྲི་ལྡན་པའི་འཛམ་གླིང་གི་རིག་གཞུང་ཞིག་གཞི་རྟེན་ཚུགས་ཡོད་པ་དང་། ཐུགས་བརྩོན་དེ་དག་ལ་མ་འོངས་པའི་མི་རབས་རྣམ་པས་འགོ་རྙོག་ཅན་གྱི་འཛམ་གླིང་འདིའི་ནང་སྙིང་རྗེ་དང་ཤེས་རབ་ཀྱི་ཐོག་ནས་ལམ་སྣ་འཚོལ་བའི་ཐབས་ལམ་ལྡན་ཡོད་ཅེས་བཀོད་འདུག

Photo: Nicolas De Santis Cuadra

Gold Mercury International ཞེས་པའི་གཟེངས་རྟགས་ཚོགས་པ་དེའི་ཚོགས་གཙོ་ Nicolas De Santis Cuadra ལགས་ཀྱིས། ༸གོང་ས་མཆོག་གི་སྙིང་རྗེ་དང་འཚེ་བ་མེད་པ། ཤེས་རབ། ཁོར་ཡུག་བཅས་ཀྱི་ཐོག་ལ་ནང་པའི་གཏིང་ཟབ་པའི་ཐུགས་གཞི་དེས་འཛམ་གླིང་གི་དོ་སྣང་ལ་འགྱུར་ལྡོག་འགྲོ་ཡོད་ཅེས་གསུངས་འདུག

Photo: Dalailama/fb

དྲ་ཚིགས་དེའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གཟེངས་རྟགས་དེ་ཐོབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། དེའི་བརྒྱུད་ནས་སྙིང་རྗེ་དང་ཡུན་གནས་རང་བཞིན་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ང་ཚོའི་ཆོད་སེམས་གཅིག་མཚུངས་ཡིན་པ་མཚོན་གྱི་ཡོད་ཅིང་། ངོས་འཛིན་དེས་ང་ཚོར་མཉམ་རུབ་གྱི་འགན་འཁྲི་ཐོག་ནས་བསམ་ཤེས་དང་ཤེས་རབ། ཁོར་ཡུག་ལྷིང་འཇགས་གོང་འཕེལ་གཏང་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་དང་འབྲེལ། གཟེངས་རྟགས་ཚོགས་པའི་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་ཐོག་སེམས་ཤུགས་ལས་དོན་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག

གཞི་རྩའི་ Gold Mercury International ཞེས་པའི་རྒྱལ་སྤྱིའི་ཚོགས་སྡེ་དེ་ནི། ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་པ་དེའི་ངོས་ནས་འཛམ་གླིང་ཞི་བདེ་དང་། འཛིན་སྐྱོང་ལེགས་ཐོན་སོགས་མཛད་རྗེས་རླབས་ཆེན་འཇོག་མཁན་མི་སྣ་རྣམས་ལ་གཟེངས་རྟགས་འབུལ་སྲོལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།