Tibetan Royal Year of 2151 | Year of the Wood Dragon

བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

དེ་རིང་ཟླ་ ༡༢ ཚེས་ ༢༡ ཉིན་རྒྱབ་ཕྱག་ཚོད་ ༡༢༌༣༠ ཡོལ་ཙམ་ལ་བི་ཧཱར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་༸རྒྱལ་བའི་བཞུགས་གནས་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་དང་ལྷན་དུ་སྐར་མ་ ༢༠ ཙམ་གྱི་མཇལ་མོལ་གྲུབ་མཚམས་སུ་སྤྱི་ཁྱབ་བློན་ཆེན་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་གནང་ཡོད་པ་རེད།

རྩ་བའི་སྤྱི་ཁྱབ་བློན་ཆེན་མཆོག་ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་རྒྱུའི་མཛད་འཆར་ཡོད་ཀྱང་། སྐབས་མཚམས་མཛད་འཆར་གཞན་རྐྱེན་པས་ཕེབས་ཐུབ་མེད་པ་རེད།

གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་གི་དབར་ཐུགས་འབྲེལ་ཧ་ཅང་གཟབ་མོ་ཡོད་པ་དང་། ༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་ནམ་མཛད་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་གིས་དམིགས་བསལ་མཇལ་ཁ་ཞུ་ཡི་ཡོད།

དེ་རིང་སྔ་དྲོ་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་དགེ་འདུན་ལྷན་ཚོགས་སུ་ཕེབས་པའི་བྷར་མ་དང་ཤྲི་ལང་ཀའི་ནང་པའི་བླ་ཆེན་ཁག་གཅིག་ལ་དམིགས་བསལ་མཇལ་སྩལ་འདུག

བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་བརྙན་པར།

སྐུ་པར་ཁག་གཅིག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།