Tibetan Royal Year of 2151 | Year of the Wood Dragon

བོད་མི་རྣམས་ཀྱིས་ཞི་ཅིན་ཕིང་ཨ་རིའི་ San Francisco ནང་འབྱོར་སྐབས་ངོ་རྒོལ་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཁ་སང་ཨ་རིའི་ San Francisco གྲོང་ཁྱེར་དུ་ APEC ལྷན་ཚོགས་ཆེད་འབྱོར་བ་དང་བསྟུན་བོད་མི་དང་ཧོང་ཀོང་བ། དེ་བཞིན་ཡུ་གུར་བ་རྣམས་ཟུང་སྦྲེལ་གྱིས་ངོ་རྒོལ་སྐད་འབོད་བརྒྱུད་སྣེ་ལེན་གནང་འདུག

ཁ་སང་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་ San Francisco ནང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མཉམ་སྦྲེལ་ཡུལ་ཁག་གི་ཆེས་མཐོའི་དབུ་ཁྲིད་དབར་གྱི་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་ཕྱིར་ཁུལ་དེའི་གནམ་ཐང་དུ་འབྱོར་མ་ཐག་རྒྱ་རིགས་གཞོན་སྐྱེས་གྲངས་ ༤༠༠ ཡས་མས་ཤིག་གིས་ཁོ་པར་སྣེ་ལེན་གང་ལེགས་བྱས་འདུག་ཀྱང་།  བྱང་ཀེ་ལི་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གྲོགས་པོ་ཚོགས་པ་བཅས་བཞིའི་གོ་སྒྲིག་འོག་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་རྣམས་ཀྱིས་བོད་དང་ཧོང་ཀོང་། ཤིན་ཅང་བཅས་ཀྱི་ནང་རང་དབང་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ། ལྷག་དོན་ རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་ཆེད་གཏོང་གིས་རྒྱ་བསྒྱུར་སློབ་གསོ་སྤེལ་ནས་མི་རིགས་རྩ་མེད་བཟོ་བཞིན་པར་བློ་འཚབ་ཡོད་པ་སོགས་ཀྱི་འཕྲེད་དར་བསྣམས་ཏེ་ངོ་རྒོལ་ཤུགས་ཆེ་གནང་འདུག

ཁ་སང་གི་ངོ་རྒོལ་ལས་འགུལ་སྐབས་བོད་མི་དང་ཡུ་གུར་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ་རྣམས་ཀྱིས་སྔ་དྲོ་ཕྱག་ཚོད་ ༩༌༣༠ ནས་ཕྱི་དྲོ་ཕྱག་ཚོད་ ༣ བར་ཁུལ་དེར་རྟེན་གཞི་བྱས་པའི་ San Francisco གནམ་ཐང་གི་ཕྱི་ཕྱོགས་སུ་འདུ་འཛོམས་གནང་སྟེ་ཞི་ཅིན་ཕིང་གི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་སྐྱོན་བརྗོད་ཀྱིས་ངོ་རྒོལ་སྐད་འབོད་གནང་འདུག

ཁོང་རྣམས་ཀྱིས་སྐབས་དེར་ཞི་ཅིན་ཕིང་ལ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མིར་མུ་མཐུད་བཙན་གནོན་བྱེད་བཞིན་པར་མ་ཟད་བོད་མིའི་ཆོས་རིག་དང་སྐད་ཡིག་བཅས་པ་རྩ་མེད་བཟོ་བཞིན་པར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་འགྱུར་མངོན་གསལ་ཐུབ་པ་བྱུང་བ་དང་། ཨ་རིའི་སྲིད་འཛིན་མཆོག་ལ་རྒྱ་ནག་གི་འགོ་ཁྲིད་དང་ལྷན་བོད་དོན་གླེང་དགོས་པ་དང་དེ་བཞིན་བོད་མིར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་ཞུ་ཐུབ་པ་བྱུང་ཡོད་པ་རེད།

ཨ་རིའི་གྲོང་ཁྱེར་ San Francisco ནང་འགྲོ་བཞིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་གྱི་ལྷན་ཚོགས་ཐོག་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་མཉམ་ཞུགས་ཀྱིས་དེ་རིང་ཕྱི་དྲོ་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་དང་ཐུག་འཕྲད་བྱེད་ཀྱི་ཡོད་པ་འབྲེལ། བྱང་ཀེ་ལི་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ།  Bay foot བོད་ཀྱི་མཐུན་གྲོགས་ཚོགས་པ་བཞི་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཁྲོད། སྔ་དྲོ་ཁུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ཕྱི་ཕྱོགས་སུ་སྐད་འབོད་དང་དེ་ནས་ APEC ལྷན་ཚོགས་ཚོགས་ཡུལ་ Moscone ལྟེ་གནས་ཁང་གི་ཚོགས་ཁང་བར་ཞི་བའི་གོམ་བགྲོད་སོགས་གནང་ཡོད།

ཕྱོགས་མཚུངས་སུ་ལྷོ་བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་དང་དོན་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་རྣམ་པའི་ཐུག་འཕྲད་དང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་ལ་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་བོད་རྒྱ་གྲོས་མོལ་བསྐྱར་གསོ་གནང་དང་འབྲེལ་བའི་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག་པ་དང་། ལྷོ་བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་ཀྱིས་ཐེངས་འདིར་འགོ་ཁྲིད་རྣམ་གཉིས་དབར་གྱི་ཐུག་འཕྲད་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་ཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་བསྟུད་མར་གནང་མཁན་སོགས་ཀྱིས་དོ་སྣང་ཆེན་པོ་གནང་མུས་ཡིན་པར་འགྲེལ་བརྗོད་དང་སྦྲགས། སྐུ་ཞབས་བྷ་ཌན་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ཀྱི་གོ་སྐབས་ཆེ་བཞེས་ཐོག་ཕྱི་ལོ་ ༢༠༢༠ ལོར་གཏན་འབེབས་བྱུང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ནང་གསལ་དགོངས་དོན་འོག་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་སྟེ་བོད་དོན་ལ་ཐག་གཅོད་ཐུབ་རྒྱུ་དང་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་འགན་ཁུར་ཐུབ་པ་བཟོ་རྒྱུ། དེ་བཞིན་བོད་ནང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་འཕྲལ་མར་མཚམས་འཇོག་ཐུབ་རྒྱུ་དང་ལྷག་དོན་ཨ་རིའི་གྲོས་ཚོགས་གོང་མར་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བའི་ཐོག་ཨ་རིའི་སྲིད་འཛིན་མཆོག་གི་མཚན་རྟགས་དང་འབྲེལ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུར་ཕྱིར་བཤོལ་མ་གནང་བར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་པ་གསུངས་འདུག

རྩ་བའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་དེ་ནི་ཨ་རིས་མགྲོན་བདག་གནང་བའི་ལོ་རེའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ལྷན་ཚོགས་ཀྱི་ཟུར་དུ་གནང་གི་ཡོད་པ་དང་། ཞི་ཅིན་ཕིང་གི་ཨ་རི་ནང་གི་སྐོར་སྐྱོད་འདི་ནི་ལོ་དྲུག་དང་ཕྱེད་ཀའི་ནང་ཨ་རིའི་ས་ཐོག་ཏུ་སླེབས་པ་ཆེས་ཐོག་མ་དེ་ཡིན་ཅིང་། དེ་འབྲེལ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། དེ་རིང་རེས་གཟའ་ལྷག་པའི་ཕྱི་དྲོར་ཨ་རིའི་ San Francisco གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གནས་པའི་ལོ་རྒྱུས་དང་ལྡན་པའི་ Filoli Estate གླིང་གའམ་སྤྲོ་ཁང་དུ་ཆེས་མཐོའི་ཐུག་འཕྲད་གནང་གི་ཡོད་པ་དང་དགུང་ཚིགས་ཀྱི་དུས་ཚོད་བཅས་ཁྱོན་ཕྱག་ཚོད་བཞིའི་རིང་ཐུག་འཕྲད་གནང་རྒྱུ་ཡིན་པ་རེད། པར་ཁག་བི་བི་སི་ BBC དང་སྤྱི་ཚོགས་དྲ་ལམ་ཁག་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།