Tibetan Royal Year of 2151 | Year of the Wood Dragon

གཅིག་སྒྲིལ་གྱི་དགུ་ཐུག

Tibetan News Headlines

  • Anyone who cares about  human rights and democracy must work together to fight authoritarian regime: Chemi Lhamo at Geneva Summit
  • Tibetan Schools achieve outstanding result in CBSE board, 2 makes it for Excellence award
  • China’s greed for Lithium is killing the Tibetan plateau
  • Dharamshala holds 24th regional Tibetan freedom movement election
  • MPs rebuke AFP for allowing Chinese police into Australia

རེས་གཟའ་ལྷག་པ། ༢༠༢༤།༠༥།༡༥

  • རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་མཉམ་རུབ་གནང་དགོས་པའི་སྐུལ་མ་གནང་འདུག
  • འདི་ལོའི་བོད་པའི་སློབ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཆེས་བཟང་ཤོས་དེ་ཡིན་པ་གསུངས་སོང་།
  • རྒྱ་ནག་གིས་གཞི་རྒྱ་ཆེ་བའི་ Lithium གཏེར་ལས་བསྔོག་འདོན་རྐྱེན་པས་བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པ།
  • སྐབས་ ༢༤ པའི་རྡ་ས་ས་གནས་རང་བདེ་ཚོགས་ཆུང་གི་དངོས་གཞིའི་འོས་བསྡུ་གནང་འདུག
  • རྒྱ་ནག་ཉེན་རྟོག་པས་ཨོསྟྲེ་ལི་ཡར་ཆེད་བསྐྱོད་ཀྱིས་རྒྱ་རིགས་མི་སེར་ཞིག་འཛིན་བཟུང་བྱས་པར་སེམས་འཚབ།

ཁ་སང་ཕྱི་ཟླ་ ༢ ཕྱི་ཚེས་༡༤ དང་བོད་ཟླ་བཅུ་གཉིས་ཀྱི་བོད་ཚེས་ ༢༩ སྟེ། འདི་ལོའི་ལོ་མཇུག་གི་དགུ་ཐུག་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཏམ་བརྗོད་ཚོགས་པས་བཞུགས་སྒར་མེག་ལོཊ་གྷནཇ་ཡི་སྣུམ་འཁོར་འབབ་ཚུགས་སུ་གཅིག་སྒྲིལ་གྱིས་དགུ་ཐུག་ཞེས་པའི་ལས་འགུལ་ཞིག་གོ་སྒྲིག་བརྒྱུད། ས་གནས་བོད་རིགས་རྣམས་ལ་རིན་མེད་ཐོག་བོད་ཀྱི་སྲོལ་རྒྱུན་ཐུག་པ་འདེགས་འབུལ་ཞུས་པ་མ་ཟད། འདས་ལོ་མེ་བྱ་ལོའི་བཀྲ་མ་བཤིས་པའི་བར་ཆད་ཐམས་བཅད་གླུད་ནང་བརྫངས་ཏེ་ལོ་གསར་པའི་རྟེན་འབྲེལ་དུ་གནང་སོང་།


དེ་ཡང་གཙོ་བོ་ཁོང་རྣམས་ནས་འདས་པའི་མེ་བྱ་ལོའི་ནང་བོད་པའི་སྤྱིའི་ཚོགས་ཁྲོད་བེད་སྤྱོད་མེད་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་དེ་དག་དང་། ལྷར་པར་དུ་བོད་མིའི་གཅིག་སྒྲིལ་ལ་གནོད་གཞིར་གྱུར་བའི་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང་། ལུང་ཚན་དང་ཤོག་ཁག་རིང་ལུགས་ཀྱི་བྱ་སྤྱོད་མང་དག་ཞིག་བྱུང་བ་དེ་དག་དོར་ཐབས་སུ། ཉི་ཤུ་དགུའི་གླུད་ཀྱི་ནང་ལ་ཆོས་ལུགས་འཐེན་འཁྱེར་གྱི་ན་ཚ། ལུང་ཚན་རིང་ལུགས་ཀྱི་ན་ཚ། ཤོག་ཁག་རིང་ལུགས་ཀྱི་ན་ཚ། ཆོལ་ཁའི་འཐེན་འཁྱེར་གྱི་ན་ཚ་ཞེས་གཏོར་མ་བཟོས་ཏེ། གླུད་ནང་བརྫངས་གནང་སོང་།
ཁ་སང་གཅིག་སྒྲིལ་གྱིས་དགུ་ཐུག་དེའི་ཐོག་བཞུགས་སྒར་ཁུལ་དུ་ཕྱག་ལས་གནང་སྟེ་བཞུགས་མཁན་གྱི་བོད་རིགས་ལས་བྱེད་དང་། ནང་མི་ཉེ་འགྲམ་དུ་མེད་པའི་ཁྱེར་རྐྱང་གི་གཞོན་སྐྱེས་གཙོས་པའི་མི་མང་མང་དག་ཞིག་ནས་མཉམ་བཞུགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།