Tibetan Royal Year of 2151 | Year of the Wood Dragon

གཞུང་འབྲེལ་མཛད་སྒོ་སོགས་འདྲ་ཆགས་པོའི་འགྲོ་ལུགས་ལས་ནང་སེམས་ཀྱི་འབྲེལ་བ་གལ་ཆེ་བ་ཡིན།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

རྒྱ་ནག་གཞུང་གི་གནོན་ཤུགས་རྐྱེན་པས་ཉེ་ཆར་རྒྱ་གར་གཞུང་གི་ངོས་ནས་རྒྱ་གར་གྱི་དཔོན་རིག་རྣམས་ལ་བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་མེད་པའི་བཀོད་ཁྱབ་བཏང་བའི་གནད་དོན་བྱུང་བ་དང་འབྲེལ། ཉེ་ཆར་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ཞིག་གིས་༸གོང་ས་མཆོག་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་རྒྱ་གར་གཞུང་ནས་གནང་ཕྱོགས་ཐད་ལ་ཐུགས་ཕམ་སོགས་གང་ཡང་མེད་པ་དང་། ལྷག་དོན་༸གང་ཉིད་མཆོག་གི་ངོས་ནས་གཞུང་འབྲེལ་མཛད་སྒོ་དང་གཏམ་བཤད་སོགས་འདྲ་ཆགས་པོའི་ལས་རིམ་ལས་ནང་སེམས་ཀྱི་འབྲེལ་ལམ་དེ་གནད་ཆེར་ངོས་བཞེས་གནང་གི་ཡོད་པ་བཀའ་བསྩལ་འདུག

དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༠ ཉིན་ News18 ཞེས་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་གྱི་ Virtuosity ལེ་ཚན་ཐོག་གསར་འགོད་པ་གྲགས་ཅན་སྐུ་ཞབས་  Vir Sanghvi ལགས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་ཆར་རྒྱ་གར་གཞུང་གིས་ལོ་ངོ་ ༦༠ སྔོན་ལ་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་རྒྱ་གར་དུ་འབྱོར་བའི་རྗེས་དྲན་གྱི་མཛད་སྒོར་རྒྱ་གར་གྱི་དཔོན་རིགས་རྣམས་མཉམ་ཞུགས་གནང་རྒྱུ་མེད་པའི་བཀོད་ཁྱབ་བཏང་རྐྱེན་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་དབུ་བཞུགས་ཐོག་གནང་གཏན་འཁེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་དེ་ཕྱིར་འཐེན་གནང་དགོས་བྱུང་བའི་གནད་དོན་དང། འདས་པའི་ལོ་ངོ་ ༦༠ ནང་བོད་མིའི་ངོས་ནས་དབུ་མའི་ལམ་གྱི་བརྒྱུད་ནས་རྒྱ་ནག་དང་ལྷན་དུ་བསྟུན་མཁས་ཇི་ཙམ་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད་དོན་གང་ཡིན་ཐད་ལ་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་འདུག

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གཞུང་གི་ངོས་ནས་བོད་མིའི་གཞུང་འབྲེལ་མཛད་སྒོའི་ཐོག་རྒྱ་གར་གྱི་དཔོན་རིག་མཉམ་ཞུགས་བྱེད་རྒྱུ་མེད་པའི་གནད་དོན་ཐོག་ཐུགས་ཕམ་སོགས་གང་ཡང་བྱུང་མེད་པ་དང། མཛད་སྒོ་ཆེན་པོ་ཚོགས་རྒྱུའི་ལས་རིམ་འགྲོ་ལུགས་ཁག་ལས་བོད་མི་དང་རྒྱ་གར་གཞུང་མང་གཉིས་ཀྱི་དབར་སེམས་ཀྱི་འབྲེལ་ལམ་དེ་གལ་ཆེར་ངོས་འཛིན་གནང་གི་ཡོད་པ་དང། ལྷག་དོན་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ས་ཡ་དྲུག་གི་སྙིང་སྟོབས་དང་ཆོད་སེམས་བརྟན་པོ་ཡོད་པ་རེད་ཅེས་བཀའ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་གཞུང་གིས་གདན་ཞུས་ཐོག་༸གོང་ས་མཆོག་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ལྷན་དུ་རྒྱ་གར་ནང་ཐོག་མར་ཆིབས་སྒྱུར་གནང་བ་དང་འབྲེལ་ཏེ་རྒྱ་གར་གཞུང་མང་གཉིས་ཀྱི་ལྷན་དུ་འབྲེལ་བ་གཏིང་ཟབ་ཆགས་པ་དང་། རྗེས་སུ་ ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་སྐབས་རྒྱ་གར་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་མཐུན་འགྱུར་རོགས་རམ་གང་ལེགས་གནང་དང་གནང་མུས་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་འདས་པའི་ལོ་ངོ་ ༦༠ ནང་བཙན་བྱོལ་བོད་མི་རྣམས་ནས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན་སོགས་མི་ཉམས་རྒྱུན་འཛིན་གནང་ཐུབ་པ་མ་ཟད། སྐྱབས་བཅོལ་བ་གཞན་ལས་ལྷག་པ་བྱུང་སྐོར་བཀའ་བསྩལ་འདུག

བོད་མིའི་ངོས་ནས་ཀྱང་རྒྱ་གར་ནང་དུ་དཔལ་ནཱ་ལེནྡཱའི་རིག་གནས་རྣམས་བསྐྱར་གསོ་གནང་སྟེ་རྒྱ་གར་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཆོད་སེམས་དང་འདུན་པ་ཡོད་པ་བཀའ་ནན་མཛད་ཡོད། 

རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་ལ་གཟིགས་ཕྱོགས་ཇི་ཡོད་དང་འབྲེལ་༸གོང་མཆོག་ནས་ཕྱི་ལོ་ ༡༩༧༩ ནས་བཟུང་སྟེ་བོད་རྒྱ་གཉིས་ཀྱི་དབར་འབྲེལ་ལམ་མགོ་འཛུགས་དང་ཆད་པ་སོགས་ཀྱི་བརྒྱུད་རིམ་ཆ་ཚང་ངོ་སྤྲོད་གནང་བ་མ་ཟད། རྒྱ་གཞུང་གི་ལྟ་བ་མཁྲེགས་འཛིན་ཅན་གྱི་འགོ་ཁྲིད་ཚོས་༸གོང་ས་མཆོག་དང་བོད་མིའི་ཐོག་དོགས་ཟོན་དང་དམ་དྲག་གི་སྲིད་བྱུས་འཛིན་བཞིན་ཡོད་པ་རེད། རྒྱ་ནག་མི་དམངས་ཀྱི་ངོས་ནས་བོད་མིས་རྒྱ་ནག་ནས་ཁ་བྲལ་བ་རྩོད་ཀྱི་མེད་པ་རིམ་པས་ཤེས་མུས་དང་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཡང་ཐོབ་བཞིན་ཡོད་པ་སོགས་བཀའ་བསྩལ་འདུག

དེ་བཞིན་༸སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་བཀའ་ལན་གནང་བའི་ཁྲོད། མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་ནས་མང་གཙོའི་ལམ་ལུགས་ལ་ཡིད་མོས་གནང་མཁན་ཞིག་ཡིན་སྟབས། གང་ཟག་གཅིག་གི་འགོ་ཁྲིད་ལམ་ལུགས་ལ་ཡིད་ཆེས་གནང་གི་མེད་པ་དང། ཆོས་ཕྱོགས་ཐོག་ནས་ཡིན་ནའང་ཤེས་བྱ་དང་ཉམས་ལེན་གཞིར་བཞག་མང་གཙོའི་ལམ་ལུགས་ཐོག་ནས་མ་འོངས་པར་འགོ་ཁྲིད་འོས་འདེམས་གནང་ཚེ་བོད་བརྒྱུད་ནང་བསྟན་དེ་མ་འོངས་པར་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གནས་རྒྱུ་ཡིན་པ་དེ་ལྟར། རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་དང་མ་ཕེབས་དེ་བོད་མི་རྒྱ་ཆེ་མང་ཚོགས་ལ་རག་ལུས་ཡོད་པ་སོགས་བཀའ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།