Tibetan Royal Year of 2151 | Year of the Wood Dragon

དོན་གྲུབ་དབང་ཆེན་ལགས་ནས་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་ཉན་ཞིབ་ཐོག་ལྷན་བཞུགས།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཉེ་འཆར་ཕྱི་ཟླ་༡༢ ཕྱི་ཚེས་༢༥ ཉིན་བོད་ནས་བྲོས་བྱོལ་གྱིས་ཨ་རིའི་ California མངའ་སྡེའི་San Fransicco གྲོང་ཁྱེར་དུ་བདེ་འབྱོར་བྱུང་བ་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་མི་རི་ཀའི་གྲོས་ཚོགས་ནང་དུ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག

དེ་ཡང་ཁ་སང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱིས་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གོ་སྒྲིག་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་༣༠༡ གི་ནང་དུ་དོན་གྲུབ་དབང་ཆེན་ལགས་དང་ལྷན་ཞུགས་ཐོག་Tibet From All Angles འམ་བོད་ཐོག་ཕྱོགས་ཡོངས་ནས་ལྟ་བ་ཞེས་པའི་བརྗོད་གཞི་གཙོ་བཟུང་གིས་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་དང་། ལས་རིམ་དེའི་ཐོག་ཚོགས་ཆུང་དེའི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་། ཚོགས་གཞོན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས། དེ་བཞིན་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པ་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་དང་དེ་སྔ་སྐུ་ཞབས་Bushསྲིད་གཞུང་སྐབས་ཀྱི་ཕྱི་སྲིད་སློབ་བསྟོན་པ་སྐུ་ཞབས་Michael Green ལགས། གཞན་ཡང་འབྲེལ་ཡོད་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་སོགས་ནས་མཉམ་བཞུགས་གནང་འདུག

སྐབས་དེར་དོན་གྲུབ་དབང་ཆེན་ལགས་ནས་གཙོ་བོ་ཁོང་གིས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་དགོས་པའི་དམིགས་ཡུལ་དང་། གློག་བརྙན་དེ་ཁྱབ་སྤེལ་བྱུང་རྗེས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་སྟངས། དེ་བཞིན་བཙོན་ཁང་ནང་སྡུག་སྦྱོང་མྱངས་སྟངས་དང་། བཙོན་ནས་གློད་གྲོལ་བྱུང་ཡང་ཆབ་སྲིད་ཀྱི་རང་དབང་མེད་པའི་གནས་སྟངས་འོག་བསྡད་དགོས་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག མ་ཟད་དོན་གྲུབ་དབང་ཆེན་ལགས་ནས་སྐབས་དེའི་ཉན་ཞིབ་ཀྱི་གོ་སྐབས་དང་བསྟུན། ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ངོས་ནས། དེ་སྔ་ཡུལ་དེའི་གྲོས་ཚོགས་སུ་འདོན་སྤེལ་གནང་པའི་ Reciprocal access to Tibet act འམ་ཨ་རི་དང་རྒྱ་ནག་གཉིས་དབར་རང་དབང་འདྲ་མཉམ་ཐོག་མི་སྣ་འགྲོ་བསྐྱོད་ཆོག་པའི་གྲོས་ཆོད་དང་། ཨ་རི་གཞུང་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་གལ་ཆེ་དོན་ཆེ་ཞིག་ཏུ་བརྩི་དགོས་པའི་གྲོས་ཆོད་གཉིས་ངེས་པར་དུ་གཏན་འབེབས་གནང་གལ་ཡིན་པའི་འབོད་སྐུལ་ཡང་ཞུས་འདུག

ཐེངས་འདིའི་ཉན་ཞིབ་ཀྱི་ལས་རིམ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་ནས་སྐབས་དེའི་ལས་རིམ་ཐོག་ཆེད་བཅར་གྱིས་དོན་གྲུབ་དབང་ཆེན་ལགས་ཀྱི་སྐད་བསྒྱུར་གནང་མཁན་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་བཀའ་དྲི་ཁག་ཅིག་ཞུས་ཡོད།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།