Tibetan Royal Year of 2151 | Year of the Wood Dragon

བི་ཧཱར་གཞུང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་སྟ་གོན་གནང་བཞིན་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་རིང་མིན་ཕྱི་ཟླ་ ༡༢ པའི་ནང་ཟླ་དཀྱིལ་ཙམ་ལ་རྒྱ་གར་བི་ཧཱར་མངའ་སྡེ་ནང་རྟེན་གཞི་བྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བཀྲིན་མཛད་གཏན་ཁེལ་ཡོད་པ་ལྟར། ད་ཆ་མངའ་སྡེའི་གཞུང་དང་རྡོར་གདན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་འགན་འཛིན་གྲྭ་དཀོན་མཆོག་ལགས་སོགས་འབྲེལ་ཡོད་ལས་བྱེད་རྣམ་པས་མགོན་པོ་༸གང་ཉིད་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་རྒྱུ་དང་འབྲེལ་ནས་ཚ་ཚ་འུར་འུར་ངང་སྟ་གོན་གནང་བཞིན་འདུག

དེ་ཡང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་ ༡༢ པའི་ཟླ་དཀྱིལ་ཙམ་ལ་བི་ཧཱར་མངའ་སྡེར་བདུན་ཕྲག་གཉིས་ལྷག་གི་རིང་ཆིབས་བསྒྱུར་གྱིས་མཛད་འཆར་ཁག་གཅིག་བསྐྱང་གཏན་ཁེལ་ཡོད་སྟབས། ཁ་ཉིན་རེས་གཟའ་མིག་དམར་ཉིན་མངའ་སྡེའི་རྫོང་དཔོན་སྐུ་ཞབས་ Thiyagarajan SM ལགས་དང་ཉེན་རྟོག་དཔོན་སྐུ་ཞབས་ Ashish Bharti ལགས་རྣམ་གཉིས་རྡོར་གདན་གྱི་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆེད་ཕེབས་ཀྱིས་རྡོར་གདན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་འགན་འཛིན་གྲྭ་དཀོན་མཆོག་ལགས་དང་མགོན་པོ་༸གང་ཉིད་མཆོག་གི་ཆིབས་བསྒྱུར་སྟ་གོན་དང་འབྲེལ་བཞུགས་གནས་༸རྒྱལ་བའི་ཕོ་བྲང་གི་ཉེན་སྲུང་དང་བཀའ་ཆོས་སྕལ་ཡུལ་དུས་དབང་ཐང་ཆེན་གྲ་སྒྲིག འགྲིམ་འགྲུལ་འགག་སྒོ། བྱ་རའི་ལྕོག་མཁར་སོགས་ཀྱི་ལས་གཞི་འཆར་སྒྲིག་དང་འབྲེལ་བཀའ་སྡུར་གནང་འདུག དེ་བཞིན་རིམ་པས་ཕྱི་ནང་གི་དད་ལྡན་མང་ཚོགས་ཀྱི་ཟས་གོས་གནས་མལ་དང་འབྲེལ་བའི་མགྲོན་ཁང་དང་ཟ་ཁང་སོགས་ལ་ཞིབ་འཇུག་གནང་གི་ཡོད་པ་རེད་འདུག

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༢༠ ནས་ཚེས་ ༢༢ བར་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་གཏན་ཁེལ་ཡོད།

དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་ཀྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༣༡ ཉིན་གྱི་སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། ལྷག་པར་དུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་བཞད་དང་བསྟུན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་ལས་ཟུར་གཙོས་བོད་མིའི་ཚོགས་སྡེ་ཁག་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།