Tibetan Royal Year of 2151 | Year of the Wood Dragon

བུ་ཆུང་ཚེ་རིང་ལགས་སུ་ Truman -Reagan རང་དབང་གཟེངས་རྟགས་འབུལ་གཏན་ཁེལ་བ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་ཟུར་པ་དང་། ད་ལྟའི་ཆར་ལས་འགུལ་ཁང་དེ་ཉིད་ཀྱི་ཉམས་ཞིབ་སྡེ་ཚན་སྣེ་ཁྲིད་པའི་ཐུགས་འགན་བཞེས་བཞིན་པ་བུ་ཆུང་ཚེ་རིང་ལགས་སུ་ Truman–Reagan Medal of Freedom ཞེས་པའི་རང་དབང་གི་གཟེངས་རྟགས་འབུལ་གཏན་འཁེལ་འདུག

གཟེངས་རྟགས་དེ་ནི་ Victims of Communism Memorial Foundation ཞེས་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་གོ་སྒྲིག་གནང་བ་ཞིག་རེད་འདུག  ཚོགས་པ་དེའང་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་ཨ་རིའི་མང་ཚོགས་ཁྲོད་དམར་ཤོག་གི་ལྟ་གྲུབ་དང་ལོ་རྒྱུས་ཇི་ཡིན་སོགས་ཀྱི་ཐད་ལ་གོ་རྟོགས་སྤེལ་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། ཁེ་ལས་མ་ཡིན་པའི་ཚོགས་པ་དེའི་ངོས་ནས་ལོ་ལྟར་རང་དབང་གི་རྒྱལ་ཁ་སྲུང་བརྩི་དང་། འཛམ་གླིང་དམར་ཤོག་རིང་ལུགས་ནས་ཐར་ཐབས་སླད་དུས་དྲན་གོ་སྒྲིག་ཞུ་ཡི་ཡོད་པ་དང་ཆབས་ཅིག ཞི་བདེ་དང་། རང་དབང་ཆེད་བློས་གཏོང་རྒྱ་ཆེ་གནང་མཁན་གང་ཟག་སོ་སོར་ Truman-Reagan Medal of Freedom ཞེས་པའི་གཟེངས་རྟགས་དེ་འབུལ་སྲོལ་ཡོད་པ་རེད།

ཚོགས་པ་དེའི་ངོས་ནས་ཁ་སང་སྤེལ་བའི་གནས་ཚལ་ནང་བུ་ཆུང་ཚེ་རིང་ལགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མཚོན་པར་བྱེད་མཁན་གྱི་གང་ཟག་ཅིག་དང་། རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་ལ་འགོག་རྒོལ་བྱེད་མཁན་ཞིག་ཏུ་ངོས་འཛིན་དང་འབྲེལ། ཁོང་གིས་ད་བར་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་རིམ་པར་ཞུགས་ཡོད་སྐོར། ལྷག་པར་གཙུག་ལག་སློབ་གཉེར་ཁང་དང་ཉམས་ཞིབ་ཁང་འདྲ་མིན་ཐོག་བོད་ཀྱི་གནད་དོན་ཐད་གསུང་བཤད་གནང་མྱོང་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་ཚན་པའི་ཐུགས་འགན་བཞེས་པའི་ཁྲོད་རྒྱ་ནག་གིས་བོད་མིར་དྲག་གནོན་དང་མི་རིགས་དབྱེ་འབྱེད། དེ་བཞིན་བོད་ཀྱི་ཁོར་ཡུག་རྩ་གཏོར་སོགས་ཀྱི་གནད་དོན་ལ་ཁ་བཤད་གཉིས་མེད་ཀྱི་བདེན་དཔང་ར་སྤྲོད་གནང་མཁན་ཞིག་ལ་འགྲེལ་བརྗོད་གནང་འདུག

ཚོགས་པའི་ངོས་ནས་རིང་མིན་ཟླ་བ་འདིའི་ཚེས་ ༩ སྟེ། Roll Call of Nations Wreath Laing Ceremony ཞེས་ཨ་རིའི་རྒྱལ་ཡོངས་མེ་ཏོག་གི་ཞག་འཁོར་སྒྲོན་འབུལ་ཐེངས་ ༡༦ པའི་ཐོག་བུ་ཆུང་ཚེ་རིང་ལགས་སུ་གཟེངས་རྟགས་དེ་འབུལ་བཞེས་གནང་གི་ཡོད་པ་དང་། མཛད་སྒོ་དེའི་ཐོག Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གཞུང་ཚབ་ཁག་གིས་གཙོས་ཚོགས་སྡེ་འདྲ་མིན་ལྷན་འཛོམས་ཀྱིས་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་མི་མང་ས་ཡ་ ༡༠༠ ལྷག་ཡོད་པ་རྣམས་ལ་རྗེས་དྲན་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།