Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་རིག་གཞུང་བཟང་པོ་དེ་འཛམ་གླིང་སྤྱི་ལ་ཁྱབ་སྤེལ་གནང་རྒྱུ་ནི་བོད་མིའི་ལས་འགན་རེད།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་བཅར་བ་གཙོས་མཇལ་བཅར་བ་བོད་མི་བཅུ་ཕྲག་ཁ་ཤས་ལ་མཇལ་ཁ་བཀྲིན་སྩལ་བ་འབྲེལ་ཏེ་བོད་ཀྱི་ཐུན་མིན་རིག་གཞུང་བཟང་པོ་དེ་འཛམ་གླིང་སྤྱི་ལ་ཁྱབ་སྤེལ་གནང་རྒྱུ་ནི་བོད་མིའི་ལས་གན་རེད་ཅེས་བཀའ་སྩལ་འདུག

དེ་རིང་གི་མཇལ་ཁའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བཙན་བྱོལ་བ་ཞིག་ཆགས་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་གནང་བ་ནི་གཟི་བརྗིད་དང་ལྷག་པར་སེམས་པ་བཟང་པོ་དང་འགྲོ་བ་ཀུན་ལ་ཕན་སེམས་གནང་རྒྱུ་གཙོས་ཉམ་ཐག་ལ་རོགས་རམ་གནང་རྒྱུ་ནི་བོད་ཀྱི་རིག་གཞུང་ངམ་གོམས་གཤིས་བཟང་པོ་ཞིག་ཡིན་པ་དང་། འཛམ་གླིང་སྤྱི་ལ་མིག་དཔེར་བསྟན་རྒྱུའི་རིག་གཞུང་ཞིག་ཡིན་པར་མ་ཟད་བོད་ཀྱི་ཐུན་མིན་རིག་གཞུང་བཟང་པོ་དེ་འཛམ་གླིང་སྤྱི་ལ་ཁྱབ་སྤེལ་གནང་རྒྱུ་ནི་བོད་མིའི་ལས་འགན་རེད་ཅེས་བཀའ་སྩལ་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་ཆར་བོད་ཀྱི་གནས་སྟངས་དེ་ཧ་ཅང་སྐྱོ་བོ་ཡོད་ཀྱང་དེང་གི་འཆར་རྒྱ་ནག་ནང་ལ་འགྱུར་ལྡོག་ཆེས་ཆེར་འགྲོ་བཞིན་ཡོད་པ་དང་ལྷག་པར་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་ཡོད་པ་མ་ཚད་པར་ཏཱ་ལའི་བླ་མ་ཞེས་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་སྟབས། བོད་མི་ཉུང་ཤས་ཀྱི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་བདག་གཅེས་གནང་རྒྱུ་ཙམ་མིན་པར་འཛམ་གླིང་སྤྱི་ལ་ཁྱབ་སྤེལ་གནང་སྟེ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་གནང་རྒྱུ་ནི་ང་ཚོའི་ལས་འགན་རེད་ཅེས་སོགས་ཐུགས་བརྩེ་ཆེན་པོས་ལམ་སྟོན་བཀའ་སྩལ་མཛད་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།