Tibetan Royal Year of 2151 | Year of the Wood Dragon

བོད་ནང་མི་རིགས་བསྲེས་སྦྱོར་གྱི་གཉེན་སྒྲིག་བྱེད་པར་སྐུལ་མ་བཏང་ནས་རོགས་དངུལ་མུ་མཐུད་སྤྲོད་བཞིན་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱ་རིགས་དང་བོད་རིགས་བསྲེས་སྦྱོར་གྱི་གཉེན་སྒྲིག་ལ་སྐུལ་མ་གཏོང་བའི་ལས་འགུལ་མུ་མཐུད་སྤེལ་བའི་ཁྲོད། གཞིས་ཀ་རྩེའི་གྲོང་ཁྱེར་གྱི་ས་གནས་ཞིག་གི་ནང་དུ། རྒྱ་བོད་མི་རིགས་འདྲེས་མའི་གཉེན་སྒྲིག་གི་གྲངས་ཚད་དེ་ས་གནས་བོད་མིའི་སྤྱི་ཚོགས་ཀྱི་བརྒྱ་ཆ་བཅུ་ལ་སོན་ཡོད་པར་འགྲེལ་བརྗོད་གནང་འདུག

དེའང་ཉེ་ལམ་རྒྱ་གར་གྱི་གསར་འགོད་པའི་རུ་ཁག་ཅིག་བོད་ནང་དུ་ཆེད་སྐྱོད་གནང་བཞིན་པའི་ཁྲོད། དེ་རིང་ asianage གསར་ཁང་གིས་ལྷ་ས་ནས་བཏང་བའི་གནང་ཚུལ་ཞིག་གི་ནང་བོད་ནང་དུ་རྒྱ་རིགས་དང་བོད་རིགས་བསྲེས་སྦྱོར་གྱིས་གཉེན་སྒྲིག་བྱེད་བཞིན་པའི་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཡོངས་གྲགས་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་དེ་ལྟ་བུའི་མི་རིགས་བསྲེས་སྦྱོར་གྱི་གཉེན་སྒྲིག་དེ་ནི་མི་རིགས་མཐུན་སྒྲིལ་གྱི་མ་དཔེ་ལྟ་བུར་ཡིན་ཚུལ་བརྗོད་ཡོད་པ་མ་ཟད།  རྒྱ་བོད་མི་རིགས་འདྲེས་མའི་གཉེན་སྒྲིག་བྱེད་མཁན་ལ་སྲིད་གཞུང་གིས་དངུལ་དངོས་ཀྱི་རོགས་རམ་གནང་བཞིན་པ་ཡོད་པ་ལུང་འདྲེན་གནང་འདུག

ཐེངས་འདིའི་རྒྱ་གར་གྱི་གསར་འགོད་པ་རྣམས་བོད་ཁུལ་གྱི་གཞིས་ཀ་རྩེ་གྲོང་ཁྱེར་དུ་སོང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  གཞིས་ཀ་རྩེ་ཡི་ས་ཁུལ་ Sangzhuzi རུ་དུད་ཁྱིམ་ལྔ་བརྒྱ་ཡོད་པའི་ཁྲོད་དུ།    ས་གནས་ཀྱི་དུད་ཁྱིམ་བཞི་བཅུ་ཙམ་གྱི་མི་གྲངས་ ༡༦༠༠ ལྷག་ཅིག་རྒྱ་བོད་འདྲེས་མའི་གཉེན་སྒྲིག་བྱེད་མཁན་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང་།   དེ་ནི་ས་ཁུལ་དེ་ཡི་ཁྱོན་ཡོངས་ཀྱི་དུད་ཁྱིམ་གྱི་བརྒྱ་ཆ་བཅུ་ཟིན་པར་ཡོད་མངོན་གསལ་གནང་འདུག སྐབས་དེར་ས་གནས་དཔོན་རིགས་ཁག་གཅིག་གིས་གསར་འགོད་པ་རྣམས་ལ་རྒྱ་གཞུང་གིས་མི་རིགས་བསྲེས་སྦྱོར་གྱི་གཉེན་སྒྲིོག་བྱེད་མཁན་དག་ལ་རོགས་དངུལ་སྤྲོད་ཀྱི་ཡོད་པ་ར་སྤྲོད་བྱས་འདུག

གཞི་རྩའི་སྤྱི་ལོ་ ༢༠༡༤ ལོར། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྐབས་དེའི་འགོ་གཙོ།  Chen Quanguo ལྷ་སར་མི་རིགས་དབར་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་བཞུགས་མོལ་ཚོགས་འདུ་ཞེས་པ་ཞིག་བསྐོང་ཚོགས་བྱས་ཏེ་ སྤྱི་ཚོགས་ཡོངས་སུ་མི་རིགས་དབར་གཉེན་སྒྲིག་ལ་སྐུལ་མ་གཏང་བ་དང་འབྲེལ།། སྲིད་བྱུས་དེའི་ཐོག་ནས་ཕྲུག་གུ་སློབ་ཞུགས་ལ་ལྟ་སྐྱོང་དང་།  ལས་ཀར་ཞུགས་པ།  ཏང་ནང་ཞུགས་པ། དམག་ནང་ཞུགས་པ། ལས་གཏོད་འདེགས་སྐྱོར་སོགས་གཟིགས་སྐྱོང་ལྔ་ཟེར་བའི་བྱ་ཐབས་བཏོན་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་གི་སྲིད་བྱུས་དེར་བཙན་བྱོལ་བོད་མི་ཙམ་མ་ཟད་གཞིས་བཞུགས་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཀྱང་སྐྱོན་བརྗོད་ཤུགས་ཆེར་བྱས་པ་དང་འབྲེལ།  སྲིད་བྱུས་དེ་ནི་རྒྱ་ནག་གིས་བོད་དུ་མི་སེར་སྤེལ་ཡུལ་ལག་བསྟར་གྱི་སྲིད་བྱུས་གཞན་ཞིག་ཡིན་པ་དང་། ཁོང་ལྟ་བུ་མཚོན་ན་བཟའ་ཟླ་རྒྱ་རིགས་ཞིག་ཡིན་པའི་ཆ་ནས། སྤྱིར་བོད་རིགས་དང་རྒྱ་རིགས་འདྲེས་མའི་གཉེན་སྒྲིག་བྱས་པ་དེར་མ་འགྲིག་པའི་ཆ་གང་ཡང་མེད་ནའང། གཞུང་ཞིག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་སྲིད་བྱུས་དེ་ཆེད་དུ་སྤེལ་བ་ནི་ནོར་འཁྲུལ་ཞིག་རང་བཞིན་ཞིག་ཡིན་པ་མ་ཟད།  དེ་ནི་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།