Tibetan Royal Year of 2151 | Year of the Wood Dragon

བོད་མི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒོལ་བརྡུང་བཏང་བ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

བོད་མི་སྐད་ཡིག་ལས་འགུལ་བ་གྲགས་ཅན་ཆབ་སྲིད་བཙོན་ཟུར་བཀྲིས་དབང་ཕྱུག་ལགས་སུ་གདོང་རས་ནག་པོ་སྤྲས་པའི་མི་ཁ་ཤས་ཀྱིས་རུབ་བརྡུང་བཏང་ནས་སྨན་ཁང་དུ་འགྲོ་དགོས་བྱུང་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པས་འདོན་སྤེལ་གནང་བའི་གནས་ཚུལ་ནང་གསལ་ལྟར་ན། ཟླ་བ་འདིའི་ཚེས་ ༡༩ ཉིན་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་མགོ་ལོག་དར་ལག་རྫོང་དུ་བསྐྱོད་དེ་ཁུལ་དེའི་ནང་གི་འབྲིང་རིམ་མི་རིགས་སློབ་གྲྭའི་ཉེ་འགྲམ་དུ་སྙན་ཐུང་ཞིག་བླངས་ཏེ་འདོ་ཡིན་ཞེས་པའི་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་སྤེལ་རྗེས། མཚན་མོ་ཕྱག་ཚོད་ ༨ པ་ཙམ་ལ་གདོང་རས་ནག་པོ་སྤྲས་པའི་མི་ཁ་ཤས་ཀྱིས་ཁོང་བཞུགས་སའི་མགྲོན་ཁང་དུ་བཙན་འཛུལ་གྱིས་ཁོང་ལ་སྐར་མ་བཅུ་ཙམ་རིང་རུབ་བརྡུང་དྲག་པོ་བཏང་ནས་སྨན་ཁང་དུ་འགྲོ་དགོས་བྱུང་འདུག

སྐབས་དེར་བཀྲིས་དབང་ཕྱུག་ལགས་ཀྱིས་མི་དེ་དག་ལ་དོན་མེད་རུབ་བརྡུང་གཏོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་སྦྲགས་མགྲོན་ཁང་སྦྱིན་བདག་བརྒྱུད་ཉེན་རྟོགས་པར་སྙན་གསེང་ཞུས་ཐུབ་པ་བྱུང་ཡོད་ཀྱང་། ཕྱག་ཚོད་ ༩ པ་ཙམ་ལ་ཉེན་རྟོགས་པ་རྣམས་སླེབས་ཏེ་རུབ་བརྡུང་བྱེད་མཁན་གྱི་མི་རྣམས་འཛིན་བཟུང་བྱེད་རྒྱུ་ལས་ལྡོག་ཏེ། འདྲི་རྩད་སླད་ཡིན་ཁུལ་ཟེར་ནས་བཀྲིས་དབང་ཕྱུག་ལགས་ཉེན་རྟོགས་ཁང་དུ་ཁྲིད་དེ་མཚན་དཀྱིལ་གྱི་ཕྱག་ཚོད་ ༡༡.༣༠ བར་བཀག་ཉར་བྱས་པ་མ་ཟད། ཁོང་གི་ལག་ཐོག་ཁ་པར་སྔོག་བཤེར་བྱས་ཏེ་པར་ལེན་གནང་པ་རྣམས་བཙན་དབང་གིས་ནག་བསུབ་བཏང་དུ་བཅུག་འདུག

བཀྲིས་དབང་ཕྱུག་ལགས་ཉེན་རྟོགས་ཁང་ནས་ཐོན་རྗེས་མགྲོན་ཁང་ནང་བཞུགས་མ་བཅུག་པར་མཐར་དར་ལག་རྫོང་སྨན་ཁང་དུ་བསྐྱོད་དེ་མགོ་ལ་སྨད་སྐྱོན་ཕོག་མེད་བརྟག་དཔྱད་བྱེད་རྒྱུའི་རེ་འདུན་ཞུས་ཀྱང་། སྨན་པས་བརྟག་དཔྱད་ཀྱི་ཡོ་ཆས་འཕྲོ་བརླག་ཕྱིན་ཡོད་ལུགས་བཤད་དེ་སྨན་བཅོས་གང་ཡང་བྱས་མེད་པ་རེད་འདུག

རྩ་བའི་ཡུལ་ཤུལ་ནང་རྒྱུན་དུ་ཚོང་ལས་གཉེར་མཁན་བོད་མི་བཀྲིས་དབང་ཕྱུག་ལགས་ནས་རང་ཉིད་ཀྱི་ཚ་མོས་གཙོས་པའི་བོད་ས་ཁྱོན་ཡོངས་ཀྱི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་མེད་པ་གཟིགས་ཏེ་བོད་ཀྱི་སྐད་ཡིག་བདག་དབང་རྩོད་ལེན་སླད་ས་གནས་སྲིད་གཞུང་དང་། རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ནས་ཁྲིམས་ཁང་དང་དབུས་བརྙན་འཕྲིན་ལས་ཁང་བཅས་ལ་ཞུ་གཏུག་ལན་མང་གནང་བ་མ་ཟད་གནད་དོན་དེ་དང་འབྲེལ་ཨ་རིའི་ནིའུ་ཡོག་དུས་བབ་ཀྱི་དམིགས་བསལ་བཅར་དྲིའི་ལས་རིམ་ཞིག་གི་ཐོག་ལྷན་ཞུགས་གནང་རྗེས་རྒྱ་ནག་གཞུང་གིས་ ༢༠༡༦ ལོ་འགོར་ཁོང་འཛིན་བཟུང་གིས་ལོ་གཉིས་ཙམ་བཀག་ཉར་རྗེས་ལོ་དེའི་ཕྱི་ཟླ་དང་པོ་ནང་ཁོང་གི་གྱོད་གཞིའི་ཐོག་ཞིབ་དཔྱོད་དང་ཕྱི་ཟླ་ ༥ པའི་ནང་ཁོང་ལ་རྒྱལ་ཁབ་ཁ་བྲལ་བརྒྱུད་སྐུལ་གྱི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོར་བཙོན་གྲོལ་ཐོབ་པའི་རྗེས་སུའང་བཀྲིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོབ་ཐང་ཐོག་འཐབ་རྩོད་མུ་མཐུད་གནང་བའི་ཁྲོད། སྔ་ལོ་ཁོང་གི་ས་གནས་སྲིད་གཞུང་ལ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བར་ཡུལ་ཤུལ་སྤྱི་བདེ་ལས་ཁུངས་ཀྱིས་ཁོང་ལ་འདྲི་རྩད་ཆེད་བསྐོང་པའི་གནས་ཚུལ་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།