Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༧ པ་སྲུང་བརྩི།

Tibetan News Headlines

  • Tibetan spiritual leader heads to America for a knee treatment
  • Former Sikyong Lobsang Sangay speaks on Reincarnation and Geopolitics in Delhi
  • State oracle Nechung issues prayer recitation notice for Dalai Lama’s upcoming knee treatment
  • China’s suppression of Tibetan protests over hydropower discussed at side-event of UN human rights council
  • US Congressional delegation calls on PM Narendra Modi after visit to Dharamshala

རེས་གཟའ་པ་སངས། ༢༠༢༤།༠༦།༢༡

  • ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།
  • རྒྱ་གར་གཞུང་ངོས་ནས་སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་གནང་རྒྱུ་མེད་པར་ཨ་རིས་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་དགོས།
  • གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།
  • རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག
  • བཞུགས་སྒར་ནས་ཕྱིར་ཐོན་རྗེས་ཨ་རིའི་སྐུ་ཚབ་རུ་ཁག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མཇལ་འཕྲད་གནང་འདུག

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་རྒྱ་གར་རང་ལ་བཙན་ཐོབ་ནས་མི་ལོ་ ༧༧ འཁོར་བ་དང་བསྟུན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུས་སོང་།

དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་ཁག་གཅིག ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་མདུན་ཐང་དུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་བ་དང་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ། དེ་བཞིན་མངར་ཟས་འགོད་འགྲེམས་གནང་སྟེ་ཉིན་མོ་འདི་སྲུང་བརྩི་ཞུས་སོང་།

གསར་འགོད་པས་དེ་རིང་གི་ཉིན་མོ་དང་འབྲེལ་ནས་སྲིད་སྐྱོང་མཆོག་ལ་རྒྱ་གར་གཞུང་མང་གཉིས་ལ་བརྡ་ལན་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་བོད་མི་དང་བོད་དོན་ཐོག་རྒྱ་གར་གཞུང་མང་གཉིས་ནི་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀའ་དྲིན་རྗེས་དྲན་ཞུས་པ་དང་འབྲེལ། མ་འོངས་པར་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་མུ་མཐུད་ནས་རྒྱབ་སྐྱོར་སྔར་བཞིན་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་སོང་།

དེ་བཞིན་རྒྱ་གར་གྱི་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བོད་ཀྱི་གནད་དོན་ཐོག་ཐུགས་རེ་གང་ཡོད་པ་དང་དེ་རིང་གི་ཉིན་མོ་དང་བསྟུན་ནས་རྒྱ་ནག་ལ་བརྡ་ལན་གང་གནང་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་ཐོག་མུ་མཐུད་ནས་ཐུགས་རེ་གནང་གི་ཡོད་པ་དང་ཐུགས་རེ་དེའི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་ནས་གནས་ཡོད་ཅེས་གསུངས་པ་དང་ཆབས་ཅིག ལྷག་དོན་རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་ད་བར་བོད་ནང་ལ་ལག་བསྟར་བྱེད་བཞིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་དེ་དག་མུ་མཐུད་ནས་སྤེལ་ཚེ་རང་གཞན་སུ་ལའང་ཁེ་ཕན་མེད་སྟབས། རྒྱ་ནག་ནང་དུ་བཅོས་བསྒྱུར་དགོས་པ་དང་། བཅོས་བསྒྱུར་དེའང་རྒྱ་ནག་དང་བོད། ཡུ་གུར། ནང་སོག་ཙམ་མིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཁེ་ཕན་ཡོང་ཐུབ་པའི་བཅོས་བསྒྱུར་དགོས་ངེས་ཡིན་པ་ལྟར། རྒྱ་ནག་གི་འགོ་ཁྲིད་ཚོར་ངེས་པ་རྙེད་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པར་གསུངས་སོང་།

དེ་རིང་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་གྱི་ས་ཕྱོགས་གང་སར་གཞུང་འབྲེལ་མཛད་སྒོ་སོགས་དགའ་སྤྲོའི་རྣམ་པའི་ཐོག་རྒྱ་གར་ལ་རང་བཙན་ཐོབ་ནས་མི་ལོ་ ༧༧ འཁོར་བའི་དུས་སྟོན་དེ་སྲུང་བརྩི་གནང་བཞིན་པ་དང་འབྲེལ། དེ་རིང་བོད་མིའི་སྒྲིག་འཛུགས་ཙམ་མིན་པར་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་དང་བཀའ་དྲིན་རྗེས་དྲན་གྱི་གནང་སྒོ་འདྲ་མིན་བརྒྱུད་དེ་སྲུང་བརྩི་ཞུ་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།