Tibetan Royal Year of 2151 | Year of the Wood Dragon

མཚོ་ལྷོ་ཁུལ་གྱི་བོད་རིགས་སློབ་མ་གཉིས་ལ་ཁྲིམས་ཆད་བཏང་བ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་རིགས་སློབ་མ་བྱམས་པ་ཚེ་རིང་ལགས་དང་གདུག་དཀར་ཚེ་རིང་གཉིས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་དང་བྱམས་པ་ཚེ་རིང་ལགས་ལ་ལོ་གཅིག་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུགཕྱི་ཟླ་ ༢ ཚེས་ ༢༣ ཉིན་རྒྱ་ནག་གི་ Weiquan  Wang ཞེས་པའི་དྲྭ་གནས་སུ་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནས་ཡིན་པའི་བོད་རིགས་སློབ་མ་བྱམས་པ་ཚེ་རིང་ལགས་དང་གདུག་དཀར་ཚེ་རིང་ལགས་གཉིས་ཀྱིས་འདས་ལོ་ ༢༠༢༠ ལོར་གསེར་ཆེན་རྫོང་དུ་སྤེལ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་ཁྲིམས་འགལ་གྱིས་སྤོ་ལོ་རུ་ཁག་གི་དར་ཆ་དང་ལས་རྟགས་བཟོས་པར་མ་ཟད་འབྲེལ་ཡོད་པར་རིས་རྣམས་སྐད་འཕྲིན་གཙོས་པའི་སྤྱི་ཚོགས་དྲྭ་རྒྱར་ཁྱབ་སྤེལ་གནང་ཡོད་ཚུལ་བསྙད་དེ་ཕྱི་ཟླ་ ༨ ཚེས་ ༣ ཉིན་མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་གཉིས་ཀྱི་ལག་ཐོག་ཁ་པར་བཙན་འཕྲོག་གིས་བྱམས་པ་ཚེ་རིང་ལགས་སུ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་གཅིག་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།