Tibetan Royal Year of 2151 | Year of the Wood Dragon

འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་མཆོག་དང་མཇལ་མོལ་ཞུས་འདུག

Tibetan News Headlines

  • US lawmakers pledges support for Taiwan with bipartisan visit
  • Rising Waters Transform the Tibetan Plateau Into an Unpredictable Future
  • ‘TAR’ assures better efficiency of processing documents for foreign visitors entering the region
  • ALALAMO: Sad Song Of Whirled Tears by recently arrested Tibetan singer Gegjom Dorjee

རེས་གཟའ་མིག་དམར། ༢༠༢༤།༠༥།༢༨

  • ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་དུ་ཕེབས་འབྱོར་བྱུང་འདུག
  • བོད་མཐོ་སྒང་གི་ཆུ་ཚད་འཕར་བཞིན་པས་འབྱུང་འགྱུར་ཁོར་ཡུག་གི་གནས་སྟངས་ལ་སྔོན་དཔགས་མི་ཐུབ་པ་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་བསླེབ་རྒྱུའི་ལས་དོན་ལས་སླ་རུ་གཏང་འཆར་ཡོད་པ་བརྗོད་འདུག
  • ཨ་ལ་ལ་མོའི་ལེ་ཚན། གླུ་བ་བགེགས་འཇོམས་རྡོ་རྗེ་ལགས་ཀྱིས་བླངས་པའི་སྐྱོ་གླུ་མཆི་མ་དགུ་འཁྱིལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་ཕྱིར་ཁ་སང་ཁུལ་དེར་ཆིབས་བསྒྱུར་མཛད་ཡོད་པ་དང་བསྟུན། དེ་རིང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang-Golay མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་གསོལ་མགྲོན་ཁང་དུ་ཆེད་བཅར་གྱིས་མགོན་པོ་༸གང་ཉིད་མཆོག་དང་མཇལ་མོལ་ཞུས་འདུག

སྤྱི་ཁྱབ་བློན་ཆེན་མཆོག་གིས་སྐུ་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཐོག་དེ་རིང་རྒྱལ་ས་ལྡི་ལིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་སྒོ་སྐབས་བྱུང་ཞེས་དང་། དེ་བཞིན་མཇལ་ཁའི་སྐབས་འདི་ལོའི་ཕྱི་ཟླ་ ༡༠ ནང་མགོན་པོ་༸གོང་ཉིད་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་མཛད་སོང་ཞེས་བཀོད་འདུག

སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་དུང་འབྲས་ལྗོངས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་རྗེས་སུ་དྲན་པའི་ཐོག་ནས་ཞི་བདེ་བག་ཕེབས་དང་ཤེས་རབ། དེ་བཞིན་དད་གུས་སོགས་ཀྱི་བྱིན་རླབས་འཇུག་རྒྱུའི་སྨོན་ལམ་ཡོད་ཅེས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།