Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དབར་གྱི་མཇལ་འཕྲད་ལ་རྒོལ་ལན་བསློགས་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་ནག་གི་ཉེན་བརྡར་ལྟོས་མེད་ཉེ་ལམ་ཟླ་ ༤ ཚེས་ ༦ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Kevin McCarthy མཆོག་གིས་ California ནང་ཐེ་ཝན་གྱི་སྲིད་འཛིན་ Tsai Ing-wen མཆོག་དང་མཇལ་འཕྲད་གནང་རྗེས་རྒྱ་ནག་གཞུང་གིས་དབུ་ཁྲིད་རྣམས་གཉིས་དབར་གྱི་མཇལ་འཕྲད་དེ་ནི་ཨ་རིའི་ངོས་ནས་རྒྱ་ནག་གི་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པར་ངོས་འཛིན་གྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་པ་ཆབས་ཅིག ཨ་རིར་གནས་སྡོད་ཐེ་ཝན་གྱི་གཞུང་ཚབ་གཙོས་ འབྲེལ་ཡོད་མི་སྣ་ཁག་གཅིག་གི་འགྲོ་སྐྱོད་ལ་བཀག་སྡོམ་དང་། ལྷག་པར་ཨ་རིའི་ཚོགས་སྡེ་ཁག་གཅིག་ལ་ཉེས་ཆད་བསྐྱེལ་བར་མ་ཟད་ཐེ་ཝན་མཚོ་གླིང་གི་ཉེ་འགྲམ་དུ་དམག་གི་གནམ་གྲུ་སོགས་ཆེད་གཏོང་གིས་ལན་འདེབས་བྱས་འདུག

The Guardian གསར་ཤོག་ཐོག་གནས་ཚུལ་ཐོན་པར་གཞིགས་ན། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་རྗེས་རྒྱ་ནག་གིས་ཐེ་ཝན་ལས་དོན་ལྷན་ཁང་ནས་ཨ་རི་ནང་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ Hsiao Bi Khim གཙོས་མཇལ་འཕྲད་གོ་སྒྲིག་གནང་མཁན་ཨ་རིའི་ The Hudson Institute གི་འགན་འཛིན་དང་གཙོ་འཛིན། དེ་བཞིན་མཇལ་འཕྲད་གནང་ཡུལ་ Ronald Reagan Library འམ་ཨ་རིའི་སྲིད་འཛིན་ཟུར་པ་ Reagan མཆོག་གི་དཔེ་མཛོད་ཁང་ཀྱི་ད་ལྟའི་འགན་འཛིན་དང་འགན་འཛིན་ཟུར་པ་བཅས་གཙོས་དེ་དག་གི་ནང་མི་ལ་རྒྱ་ནག་དང་ཧོང་ཀོང་། དེ་བཞིན་ Macau བཅས་ལ་བསྐྱོད་རྒྱུར་བཀག་སྡོམ་བྱས་འདུག་པར་མ་ཟད། རྒྱ་ནག་གི་སྐམ་ས་ནང་གི་ཚོགས་སྒེར་ཅི་འདྲ་ཞིག་ནས་མི་སྣ་དེ་དག་དང་འབྲེལ་ལམ་མི་ཆོག་པའི་ཆད་པ་བཅས་འདུག

རྒྱ་གཞུང་གིས་ཐེ་ཝན་གྱི་ཚོགས་པ་ The Prospect Foundation གྱི་འབྲེལ་ཡོད་མི་སྣ་ཁག་གཅིག་ལའང་རྒྱ་ནག་ལ་ཁ་གཏད་དང་ཐེ་ཝན་རྒྱ་ནག་ནས་ཁ་བྲལ་གཏོང་བའི་བསམ་བློ་ཡོད་མཁན་ཁ་བྲལ་བ་རེད་བཅས་ཉེས་འཛུགས་ཀྱིས་གསལ་བསྒྲགས་སྤེལ་འདུག་ལ། རྒྱ་གཞུང་གིས་མཚོ་འགྲམ་ཁག་ལ་ཐེ་ཝན་གྱི་དངོས་ཟོག་དང་གྲུ་གཟིངས་སོགས་ལ་སྔོག་གཤེར་ནན་པོ་བྱས་པ་སོགས་ཀྱི་གནས་ཚུལ་ཡང་ཐོན་འདུག

གཞན་ཡང་། The Print གསར་ཤོག་གིས་རེས་གཟའ་པ་སངས་ཉིན་རྒྱ་ནག་གིས་རང་ཉིད་ཀྱི་སྟོབས་ཤུགས་ངོམ་ཐབས་སུ་ཐེ་ཝན་མཚོ་གླིང་ཁྲོད་ལ་ Shandong ཞེས་པའི་གནམ་དམག་འོར་འདྲེན་བྱེད་མཁན་གྱི་དམག་གྲུ་ཆེད་གཏོང་གིས་དམག་གི་སྦྱོང་བརྡར་ལས་གཞི་སྤེལ་འདུག དེའི་ཁྲོད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་དང་དཔལ་འབྱོར། དེ་བཞིན་དྲག་དཔུང་བརྒྱུད་ནས་གནོན་ཤུགས་སྤྲད་པའི་ལས་དོན་རྣམས་འཕྲལ་མར་མཚམས་འཇོག་དགོས་པའི་སྐུལ་མ་གནང་བ་དང་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་དཀའ་རྙོག་དེ་ཞི་བའི་ཐོག་ནས་སེལ་དགོས་གལ་ཡིན་པ་གསུངས་འདུག

རྩ་བའི་སྔ་ལོའི་ཕྱི་ཟླ་ ༨ ནང་ཨ་རིའི་གྲོས་ཚོགས་འོག་མའི་སྐབས་དེའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རུ་ཁག་གཅིག་ཐེ་ཝན་དུ་ཕེབས་སྐབས་རྒྱ་ནག་གི་ངོས་ནས་ཁུལ་དེའི་མཚོ་གླིང་ཡོངས་སུ་བསྐོར་ཏེ་དམག་སྦྱོང་བརྒྱུད་ཉེན་བརྡ་དྲག་པོ་བཏང་མྱོང་ཡོད་པར་མ་ཟད་ རྒྱ་ནག་གཞུང་གིས་ Tsai IngWen ནི་ཐེ་ཝན་དེ་ཉིད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་བསམ་བློ་ཡོད་མཁན་གྱི་ཁ་བྲལ་བ་ཞིག་ཡིན་པ་དང་། ཨ་རི་དང་ཐེ་ཝན་གཉིས་ཀྱི་བྱ་སྤྱོད་དེ་ནི་མཐའ་གཅིག་ཏུ་ནོར་བ་ཞིག་ཡིན་པར་ངོས་འཛིན་གྱིས་ད་ལྟ་རྒྱ་ནག་དང་ཐེ་ཝན་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།