Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་བ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་ཡོད།ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་གཙོ་གྱུར་ཉམས་ཞིབ་པ་རྣམ་པ། རྒྱ་གར་གྱི་གཞོན་སྐྱེས་ཉམས་ཞིབ་པ་བཅས་ལྷན་ཞུགས་གནང་ཡོད་པ་མ་ཟད། འབྲས་ལྗོངས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་སྐུ་ཞབས་ Tanka Bahadur Subba ལགས། དེ་བཞིན་ཆེད་དོན་མི་སྣའི་བགྲོ་གླེང་གཏམ་བཤད་པ་ ༥ བཅས་ཆེད་འབོད་གནང་འདུགཐེངས་འདིའི་ཉམས་ཞིབ་ཚོགས་འདུའི་ཐོག་རྒྱ་གར་གྱི་ས་གནས་འདྲ་མིན་ནང་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་བཞིན་པའི་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་ ༣༠ ཆེད་ཕེབས་གནང་ཡོད།བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ལྷན་ཚོགས་བརྒྱུད་རྐང་རྒྱ་གར་གྱི་གཞོན་སྐྱེས་ཁྲོད་དུ་བོད་ཀྱི་གནད་དོན་ངོ་མ་གང་ཡིན་ངོ་སྤྲོད་གནང་ཞུ་རྒྱུ་དང་། བོད་པ་དང་རྒྱ་གར་བ་ཉམས་ཞིབ་པའི་དབར་དགོངས་ཚུལ་བརྗེ་ལེན་ཐུབ་རྒྱུ། ལྷག་དོན་བོད་པའི་ངོས་ནས་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱབ་སྤེལ་རྒྱ་གང་ཆེ་གནང་རྒྱུ་བཅས་ལ་དམིགས་བཞིན་ཡོད་པ་གསུངས་སོང་།སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མིར་ངཀའ་ངལ་དུ་མ་འཕྲད་པའི་སྐབས་སུ་རྒྱ་གར་གཞུང་གིས་རོགས་སྐྱོང་གང་ཐུབ་གནང་བར་བརྟེན་ནས་བོད་མིའི་ཆོས་རིག་དང་སྐད་ཡིག་བཅས་པ་བདག་ཉར་ཐུབ་ཡོད་པར་རྒྱ་གར་གཞུང་མང་གཉིས་དང་སྒོས་རྒྱ་གར་གྱི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ནས་བོད་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་གནང་བར་ཐུགས་རྗེ་ཆེ་ཞེས་དང་། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་འཛིན་འོག་བོད་ནང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་འགྲེལ་བརྗོད་གནང་སྟེ། ད་ལྟའི་ན་གཞོན་ཉམས་ཞིབ་པ་རྣམས་མ་འོངས་འཛམ་གླིང་གི་དབུ་ཁྲིད་ཆགས་རྒྱུ་ཡིན་སྟབས་ཁྱེད་རྣམས་ཀྱིས་རྒྱ་ནག་གིས་དུས་རྟག་ཏུ་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་པར་བདེན་དཔང་ར་སྤྲོད་གནང་སྟེ་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཟད། བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཞིག་ཡིན་པར་རྒྱལ་སྤྱིའི་ཁྲོད་མངོན་གསལ་གནང་དགོས་པའི་གཞེན་སྐུལ་གནང་སོང་།གསར་འགོད་པས་ཐེངས་འདིའི་ཚོགས་འདུ་ཐོག་ཆེད་ཕེབས་གནང་བའི་འབྲས་ལྗོངས་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་མཁས་དབང་སྐུ་ཞབས་ Tanka Bahadur Subba ལགས་སུ་ཚོགས་འདུའི་གལ་གནད་དང་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་འདི་ལྟ་བུའི་ལྷན་ཚོགས་བརྒྱུད་བོད་ཀྱི་གནད་དོན་དེ་གསོན་པོ་གནས་རྒྱུར་ཕན་ཐོགས་ཡོད་པ་མ་ཚད་པར་མ་འོངས་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པའི་ཁྲོད་ལ་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད་ཅེས་གསུངས་ཡོད།རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དེ་དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་རིང་ཚོགས་ཀྱི་ཡོད་པ་ལྟར། ཉམས་ཞིབ་པ་རྣམས་ནས་བོད་དང་ཧི་མཱ་ལ་ཡ་ཞེས་པའི་བརྗོད་གཞིའི་འོག་རྒྱ་གར་གྱི་བདེ་འཇགས་ནང་གི་བོད་ཀྱི་གལ་གནད། ཨིན་ཇི་དང་རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས། དེ་བཞིན་རྒྱ་གར་གྱི་ས་འགུལ་གྱི་ཆབ་སྲིད་ནང་བོད་ཀྱི་ཆུ་བོ་ཁག་གི་གལ་གནད། བོད་དང་ཁུ་ནུའི་འབྲེལ་ལམ། བོད་ནང་གཞིས་ཆགས་པའི་རྒྱ་ནག་གི་དམག་དཔུང་དང་དེས་རྒྱ་གར་གྱི་བདེ་འཇགས་ལ་ཤུགས་རྐྱེན། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བོད་མཐོ་སྒང་གི་གལ་གནད་སོགས། བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་གནང་བའི་གྲུབ་དོན་དག་ལ་གྲོས་བསྡུར་ཚུལ་དུ་དྲི་བ་དྲིས་ལན་གནང་གི་ཡོད་པ་རེད། པར་གྱི་བདག་དབང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།

 

འབྲེལ་ཡོད་གསར་གནས།

གསར་གནས།