Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་སྐབས་ལྔ་པའི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ལྔ་པའི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གྲོས་ཆོད་ཁག་ ༡༣ གཏན་འབེབས་བྱུང་བ་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་སུ་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པ་ཆེའི་ཁྲིམས་ཀྱི་མདུན་སར་ཐོབ་ཐང་འདྲ་མཉམ་ཞིག་གཏན་འབེབས་ཡོང་བའི་རེ་བ་ཤུགས་ཆེ་གནང་གི་ཡོད་པ་གསུངས་སོང་།

དེ་ཡང་ཚོགས་ཆེན་དེའི་ཐོག་༸དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་ཁྲི་རབས་གཉིས་པ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག་གིས་དབུས་པའི་འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེ་སྤྲུལ་སྐུ་ཀུན་དགའ་ཆོས་འཕེལ་མཆོག བལ་ཡུལ་ཇོ་ནང་དགོན་གྱི་མཁན་རིན་པོ་ཆེ་དགེ་འདུན་རྒྱ་མཚོ་མཆོག སློབ་སྟོན་པ་བླ་མ་ཡོན་ཏན་རྒྱ་མཚོ་ལགས། སློབ་སྟོན་པ་ཟུར་པ་དགེན་དམ་ཆོས་དཔལ་བཟང་ལགས། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་རྟག་བརྟན་དགེ་བཤེས་བླ་མ་སྦྱིན་པ་བཟང་པོ་ལགས། དེ་བཞིན་རྒྱལ་ཁབ་ཁག་ ༢༦ ནས་ཇོ་ནང་ཆོས་བརྒྱུད་འཛིན་མཁན་གྱི་ས་གནས་རྒྱུན་ལས་དང་། དགོན་པ། ཆོས་ཚོགས་ཁག་གི་འཐུས་མི་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༥༠ ལྷག་ལྷན་ཞུགས་གནང་འདུག

རྩ་བའི་ཟླ་བ་འདིའི་ཕྱི་ཚེས་ ༢༢ ནས་ ༢༧ བར་ཉིན་གྲངས་དྲུག་གི་རིང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་སྐབས་ ༡༧ པ་དེ་ཚོགས་ཡོད་པ་དང་། སྨོན་ལམ་ཆེན་མོ་དེའི་ཐོག་ཕྱོགས་མཐའ་ཁག་ནས་ཇོ་ནང་མཁན་བླ་དགེ་འདུན་བཅས་ལྷན་འཛོམས་བྱུང་བ་དང་སྟབས་བསྟུན། ཁུལ་དེར་དབུས་རྒྱུན་སྐབས་ལྔ་པའི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པ་དེ་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་གིས་ཚོགས་ཆེན་དེ་དང་འབྲེལ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་རྟག་བརྟན་དགེ་བཤེས་བླ་མ་སྦྱིན་པ་བཟང་པོ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཁོང་གིས་ཁ་སྔོན་ཚོགས་ཆེན་དེའི་ཐོག་གྲོས་གཞི་གྲོས་ཆོད་ཁག་ ༡༣ ཙམ་གཏན་འབེབས་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱལ་བ་ཇོ་ནང་པའི་བསྟན་འཕེལ་རྒྱས་གཙོས་པའི་ཇོ་ནང་གི་འདས་པ་དང་ད་ལྟའི་གནས་བབ་བཅས་ཀྱི་སྐོར་གླེང་སློང་བྱུང་ཡོད་ཅིང་། ལྷག་པར་དུ་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པ་ཆེའི་ནང་དུ་ཐོབ་ཐང་འདྲ་མཉམ་ཞིག་མེད་པ་མ་ཟད། ཐོག་མར་ཕྱི་ལོ་ ༡༩༩༧ ལོ་ནས་ད་བར་འདས་པའི་ལོ་ ༢༦ རིང་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་ཇོ་ནང་པ་ལ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་རོགས་ཅེས་ཞུ་སྙན་རིམ་པ་ཕུལ་ཡོད་ཀྱང་དོན་འབྲས་སོན་མེད་སྐོར་འགྲེལ་བརྗོད་དང་འབྲེལ། ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་འབུལ་ཕྱོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན་དེ་འབྲེལ་ཞུ་སྙན་ཕུལ་ཟིན་ཞིང་། འདི་ལོའི་ཕྱི་ཟླ་ ༣ ནང་གྲོས་ཚོགས་ཚོགས་དུས་སྐབས་དོན་འབྲས་སོན་པའི་རེ་བ་དང་ངང་སྒུག་གནང་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།