Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་ཁུལ་དུ་སླར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཐོག་གདོང་ཐུག་བྱུང་འདུག

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

རྒྱ་གར་དང་རྒྱ་ནག་གི་ས་མཚམས་དམག་མིའི་དབར་ལ་དྭགས་ཀྱི་སྤང་གོང་མཚོར་སླར་གདོང་ཐུག་བྱུང་འདུག།རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་རྒྱ་གར་དང་རྒྱ་ནག་དབར་ཀི་ལོ་མི་ཊར་ ༡༤༠༠ ལྷག་ཡོད་པའི་ས་མཚམས་ཁུལ་དུ་ཕྱི་ལོ་ ༡༩༦༠ ལོ་ནས་རྩོད་རྙོག་བྱུང་ཡོད་པ་མ་ཟད་ཉེ་བའི་ཆར་རྒྱལ་ཁབ་གཉིས་ཀྱི་ས་མཚམས་དམག་མིའི་དབར་གདོང་ཐུག་རིམ་པར་བྱུང་ཐོག་བདེ་སྲུང་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱལ་ཁབ་གཉིས་པོའི་ས་མཚམས་ཀྱི་རྩོད་རྙོག་དེའི་རྐྱེན་པས་དམག་འཁྲུག་ཀྱང་བྱུང་སྲིད་པར་ཚོད་དཔག་གནང་གི་ཡོད་པ་རེད།

རྒྱལ་ཁབ་གཉིས་དབར་ཉེ་བའི་ཆར་ས་མཚམས་རྩོད་རྙོག་དེ་ཐོག་མར་འབྲས་ལྗོངས་ཀྱི་རྣ་ཐོས་ལ་ནས་ཐོག་མར་བྱུང་ཡོད་པ་དང་། ལྷག་པར་ཕྱི་ཟླ་ ༦ པའི་ནང་འབྲུག་གི་ས་མཚམས་འབྲོག་ལམ་ཁུལ་དུ་རྒྱ་དམག་གིས་གཞུང་ལམ་བཟོ་བཞིན་ཡོད་པ་ཤེས་རྟོགས་བྱུང་རྗེས་རྒྱལ་ཁབ་གཉིས་བར་རྩོད་རྙོག་དེ་ཆེ་རུ་ཕྱིན་ཡོད་པ་རེད། ཁ་སང་ཚེས་ ༡༥ སྟེ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་ལ་དྭགས་ཀྱི་ས་མཚམས་སྤང་གོང་མཚོའི་ཁུལ་ནས་སླར་རྒྱ་ནག་གི་དམག་མིས་བཙན་འཛུལ་བྱེད་ཐབས་བྱས་ཡོད་པ་རེད། རྒྱ་གར་གྱི་ NDTV བརྙན་འཕྲིན་ལས་ཁང་གི་གནས་ཚུལ་སྤེལ་གསལ་རྒྱ་ནག་གི་ས་མཚམས་དམག་མི་མི་གྲངས་ ༡༥ རྒྱ་གར་ནང་འཛུལ་ཡོད་སྟབས། རྒྱ་གར་ཕྱོགས་ནས་ཉེན་བརྡ་ཇི་ཙམ་བཏང་ཡང་དེར་ལྟོས་མེད་ཀྱིས་ཕྱིར་འཐེན་བྱས་མེད་པ་རེད།

གསར་ཁང་དེས་འགྲེལ་བརྗོད་གནང་པར་རྒྱ་གར་ཕྱོགས་ནས་སྐབས་དེར་འདི་ནི་ང་ཚོའི་ས་མཚམས་རེད། ཁྱེད་ཚོ་ཕྱིར་ལོག་བྱེད་རོགས་ཞེས་པའི་ཡིག་བྱང་སྟོན་ནས་འབོད་སྐུལ་བྱས་ཡོད་ཀྱང་རྒྱ་དམག་གིས་དེེ་ཉན་འཇོག་མ་བྱེད་པར་བརྟེན་ཕྱོགས་གཉིས་དབར་ཚོུད་གཉིས་རིང་རྡོ་འཕེན་རེས་བྱས་ཡོད་པ་དང་། སྐབས་དེར་གོ་མཚོན་དངོས་སུ་བེད་སྤྱོད་བྱེད་དགོས་འཁེལ་མེད་ནའང་གདོང་ཐུག་ཡུན་རིང་བྱས་མཐར་ཕྱོགས་གཉིས་ཀྱི་དམག་དཔོན་ཕན་ཚུན་སྐད་ཆ་ཤོད་རེས་ཀྱི་ཐོག་ནས་ཞི་འགྲིག་ཐུབ་འདུག འོན་ཀྱང་ རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་གཞི་རྩའི་ས་མཚམས་ཀྱི་དམིགས་བསལ་སྐུ་ཚབ་ཆེད་འཛུགས་གནང་པའི་བརྒྱུད་ཕྱི་ལོ་ ༡༩༦༢ ལོར་དཀའ་ངལ་དེ་སེལ་ཐབས་ཞུས་ཡོད་ཀྱང་སེལ་ཐུབ་མེད་པ་མ་ཟད་དབར་ཕྱི་ལོ་ ༡༩༦༠ ཐམ་པའི་ལོ་ནས་འཕྲད་བཞིན་དཀའ་ངལ་དེ་ཆེ་རུ་འགྲོ་བའི་རྣམ་པ་ཞིག་མངོན་གསལ་ཆགས་ཡོད་པ་རེད།

རྒྱ་དཀར་ནག་ཕྱོགས་གཉིས་དབར་དེ་ལྟ་བུའི་རྩོད་རྙོག་མུ་མཐུད་འགྲོ་བཞིན་པའི་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་རྒྱ་གར་གྱི་བརྒྱུད་ལམ་ཁ ག་གཅིག་ནས་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་དོན། རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་རྩོད་རྙོག་དེ་ཕན་ཚུན་དབར་མཛའ་མཐུན་གྱི་འདུ་ཤེས་འཛིན་ཐོག་དཀའ་ངལ་དེ་སེལ་དགོས་པ་མ་གཏོགས་དམག་འཐབ་ཀྱི་ལམ་ནས་སེལ་ཐུབ་ཐབས་མེད་སྐོར་བཀའ་གནང་པ་མ་ཟད། དེང་གི་རྒྱ་ནག་རྒྱལ་ཁབ་འདི་ནི་ནང་པའི་ཆོས་བརྒྱུད་པ་ཕོན་ཆེ་ཤོས་གནས་སའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང།  ནང་པའི་ཆོས་བརྒྱུད་པ་དེ་དག་གི་གཙོ་བོ་རྒྱ་གར་གྱི་དཔལ་ནཱལེནྡྲའི་ཆོས་བརྒྱུད་རྗེས་འབྲང་ཆགས་ཀྱི་ཡོད་པས་རྒྱ་གར་གྱི་ངོས་ནས་རྒྱ་རིགས་ནང་པ་ཚོ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་སོགས་ལ་གནས་མཇལ་ལ་བསྐྱོད་རྒྱུའི་ཆ་རྐྱེན་བསྐྲུན་ནས་ཕྱོགས་གཉིས་པོའི་དབར་མཛའ་གྲོགས་ཀྱི་འདུ་ཤེས་གོང་འཕེལ་གནང་དགོས་ཀྱི་རེད་ཅེས་བཀའ་ནན་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།