Tibetan Royal Year of 2151 | Year of the Wood Dragon

ཤེས་རིག་སློབ་ཡོན་གསར་པའི་ནང་རྩེ་ཕུད་བྱ་དགའ་བཞེས་མཁན་སློབ་ཕྲུག་ལྔ་བྱུང་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

འདི་ལོའི་འཛིན་རིམ་ ༡༢ ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥ ཡན་བཞེས་མཁན་བོད་ཕྲུག་སློབ་མ་ལྔ་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་སློབ་ཡོན་གསར་པའི་ནང་རྩེ་ཕུད་བྱ་དགའ་ཐོབ་ཀྱི་ཡོད་པ་རེད། 

འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་བརྒྱ་ཆ་ ༩༦་༤ དང་བཅས་བོད་པའི་སློབ་ཕྲུག་ཁོངས་ནས་ཨང་དང་པོ་བཞེས་མཁན་སྦེལ་སྐོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་སྐལ་བཟང་ལགས་དང་ཨང་གཉིས་པ་བརྒྱ་ཆ་ ༩༦ ལོན་པ་དྷ་སྟེང་བོད་ཁྱིམ་གྱི་བསྟན་འཛིན་འཛོམས་སྐྱིད་ལགས། བསྟན་འཛིན་ཡར་འཕེལ་ལགས། ཨང་གསུམ་པ་བརྒྱ་ཆ་ ༩༥་༤ ལོན་པ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བདེ་སྐྱིད་ལགས། དེ་བཞིན་ལྔ་པ་བརྒྱ་ཆ་ ༩༥་༢ ལོན་པ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཉི་མ་མཚམས་གཅོད་ལགས་བཅས་ལ་རྩེ་ཕུད་ཀྱི་བྱ་དགའ་ Laptop འམ་པང་ཐོག་ཀམ་པུ་ཊར་རེ་དང་ལག་འཁྱེར་བཅས་ཐོབ་ཀྱི་འདུག

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་སློབ་མ་སྒེར་གྱི་ཆ་སྙོམས་བརྒྱ་ཆ་ ༩༥ ལྷག་བཞེས་མཁན་ཚོར་སྲིད་སྐྱོང་གི་སློབ་ཡོན་གནང་སྲོལ་ཡོད་ཀྱང་འདི་ལོ་ནས་སྲིད་སྐྱོང་གི་སློབ་ཡོན་ཚབ་ཏུ་ཕུལ་བྱུང་སློབ་ཡོན་དང་ཕུལ་བྱུང་བྱ་དགའ་ཞེས་གནང་གཏན་ཁེལ་ཡོད་པ་དང་། དེ་སྔ་ཕུལ་བྱུང་སློབ་ཡོན་ཧིན་སྒོར་ཆིག་འབུམ་གནང་གི་ཡོད་པ་དང་འདི་ལོ་ནས་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀར་སྤར་ཆ་གནང་འདུག

གཞི་རྩའི་ CBSE རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཟླ་ ༥ ཚེས་ ༡༢ ཉིན་ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་འཛིན་རིམ་བཅུ་གཉིས་དང་བཅུ་པ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་དབུ་འཛུགས་གནང་ཡོད་པ་དང་། ཁ་སང་ཤེས་རིག་ལས་ཁུངས་ཀྱིས་ཕྱོགས་སྒྲིག་གནང་བའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་གསལ་ལྟར་ན། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་བོད་སློབ་ ༡༣ གྱི་སློབ་མ་ ༡༠༥༥ ནས་མཉམ་ཞུགས་གནང་ཡོད་པ་དང་། དེ་དག་ཁྲོད་སློབ་མ་ ༡༠༣༨ ཡིག་རྒྱུགས་གཙང་འཕྲོད་ཐོག་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༨.༣༩ དང་ཆ་སྙོམས་བརྒྱ་ཆ་ ༧༣.༣༡ ཆགས་ཀྱི་འདུག

དེ་བཞིན་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་པ་སློབ་གྲྭ་བཞི་བྱུང་ཡོད་པ་མངོན་གསལ་གནང་ཡོད། ཕྱི་ལོ་ ༢༠༢༢ དང་ ༢༠༢༣ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཁྲོད་དུ་བོད་སློབ་ཁག་ ༢༣

འབྲེལ་ཡོད་གསར་གནས།

གསར་གནས།