Tibetan Royal Year of 2151 | Year of the Wood Dragon

སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཕྱག་ལས་གནང་མྱོང་མཁན་གཞིས་བཞུགས་བོད་རིགས་སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཉེ་ཆར་ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོ་ཕྱག་ཚོད་ ༡༡ ཐོག་རང་ཁྱིམ་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

མི་ལོ་ལྔ་བཅུ་ཙམ་རིང་ལ་བོད་ཀྱི་རིག་གནས་སློབ་གསོའི་བྱ་གཞག་ཁོ་ནའི་ཐོག་ལྷག་བསམ་རྣམ་དག་དང་འབད་པ་ལྷོད་མེད་ཀྱིས་སློབ་མ་མང་པོ་གསོ་སྐྱོང་གནང་མཁན་བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་སྐུ་ཞབས་རྡོ་དགོན་གསང་བདག་རྡོ་རྗེས་ལགས་དགུང་ལོ་ ༧༥ ཐོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པ་དང་འབྲེལ། བོད་གཞིས་བྱེས་གཉིས་སུ་ཡོད་པའི་ཁོང་གི་སློབ་མ་ཟུར་པ་དང་། ཁོང་གི་བརྩམས་ཆོས་བཀླགས་མྱོང་མཁན་གྱི་བོད་མི་མང་དག་ཅིག་གིས་ངོ་དེབ་སོགས་སྤྱི་ཚོགས་དྲྭ་ལམ་ཐོག་སློབ་དཔོན་ཆེན་མོ་ཁོང་སྐུ་གྲོངས་པར་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་འབྲེལ། ཁོང་གི་མཛད་རྗེས་ཁག་དྲན་གསོ་གནང་བའི་སྙན་ངག་སོགས་སྤེལ་བཞིན་འདུག

རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༤༥ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༡ ལོར་ལྷ་ས་ན་རོང་ཤག་གི་སློབ་གྲྭར་ཕེབས་པའི་རྗེས་སུ་ ༡༩༥༧ ནས་ ༥༩ བར་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་ཁང་དུ་ཞབས་ཞུ་ཞུས་མྱོང་ཡོད་པ་དང་། དེའི་རྗེས་སྙེ་མོ་ཁུལ་དུ་སློབ་ཆུང་དགེ་རྒན་གནང་སྟེ། ཕྱི་ལོ་ ༡༩༨༠ ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོར་ལས་སྒྱུར་བྱུང་སྟེ་སྙན་ངག་དང༌། སུམ་རྟགས། མངོན་བརྗོད། བརྡ་རྙིང༌། རྩོམ་རིག གཞུང་ཡིག ཡིག་སྐུར་རྣམ་གཞག རོལ་མོའི་བསྟན་བཅོས། བོད་ཀྱི་ཡུལ་སྲོལ། བོད་ཀྱི་ཡིག་གཟུགས་བཅས་ཆེད་ལས་མི་འདྲ་བ་ཁག་མང་པོ་ཞིག་སློབ་ཁྲིད་གནང་སྟེ་སློབ་མ་རྣམས་ཀྱི་དགའ་བསུ་དང་དགེ་རྒན་རྣམས་ཀྱིས་གདེང་འཇོག་བཟང་པོ་ཐོབ་པ་དང་འབྲེལ། ཕྱི་ལོ་ ༢༠༠༠ ལོར་ཁོང་ལ་དགེ་རྒན་ཆེ་མོའི་གོ་མིང་ཐོབ་ཅིང༌། བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན། རིག་གཞུང་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་སློབ་གསོའི་རུ་ཁག་གི་སྣེ་ཁྲིད་པ། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ་སོགས་ཀྱི་ཕྱག་ལས་གནང་མྱོང་འདུག   ཕྱི་ལོ་ ༢༠༠༦ ལོར་ཁོང་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་གྱི་མཚན་གནས་ཐོབ་པ་སོགས། ཁྱོན་མི་ལོ་ལྔ་བཅུ་ཙམ་གྱི་རིང་ལ་སློབ་གསོའི་བྱ་བཞག་ཁོ་ནའི་ཐོག་ལྷག་བསམ་རྣམ་དག་དང་འབད་པ་ལྷོད་མེད་ཀྱིས་སློབ་མ་མང་པོ་གསོ་སྐྱོང་གནང་ཡོད་ཅིང་། ཁོང་གི་སློབ་མ་དེ་དག་ཀྱང་རང་རང་གི་ལས་གནས་ཐོག་གཙོ་ཤུགས་ཀྱི་ནུས་པ་འདོན་བཞིན་ཡོད་ལ་སློབ་མ་མི་ཉུང་བ་ཞིག་ལ་མཐོ་རིམ་ཆེད་ལས་ཀྱི་གོ་མིང་ཡང་ཐོབ་ཡོད།

སློབ་ཁྲིད་ཀྱི་ཞར་ཞོར་དུ་ཞིབ་འཇུག་གི་ལས་ཀར་རྒྱུན་འཁྱོངས་མཛད་ནས་སྙན་ངག་གི་སློབ་དེབ་《མིག་ཡིད་རྣ་བའི་དགའ་སྟོན།》དང་།《བོད་ཀྱི་སྤྱི་སྐད་སློབ་དེབ།》བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་《ཞེ་སའི་ལག་དེབ་བློ་གསར་དགའ་སྟོན།》《བོད་ཀྱི་ཡུལ་སྲོལ་རྣམ་བཤད།》བཅས་དང་།《བྱིས་སྒྲུང་གྲགས་ཅན་ལྔ།》ཞེས་པའི་བསྒྱུར་རྩོམ་ཞིག་བཅས་བརྩམས་དེབ་ཁག་ཅིག་དཔེ་སྐྲུན་གནང་ཡོད་པ་དང་། དཔྱད་རྩོམ་ཡང་མི་ཉུང་བ་ཞིག་བརྩམས་སྤེལ་གནང་ཡོད་ལ། བཅད་ལྷུག་སྤེལ་གསུམ་གྱི་སྒྱུ་རྩལ་གྱི་བརྩམས་ཆོས་ཡང་མང་པོ་ཞིག་རྩོམ་སྤེལ་མཛད་དེ་དུས་དེབ་ཁག་ནང་འཁོད་པ་རྣམས་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། ཁོང་གི་བརྩམས་ཆོས་གསར་ཤོས་དེ་ནི་ 《མཛའ་བཅུག་གི་མི་ཚེ།》ཞེས་པའི་ཕྱག་དེབ་དེ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།