Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ Hawaii མངའ་སྡེ་ནང་མེ་སྐྱོན་གྱི་གོད་ཆག་ཕོག་པར་ཐུགས་གསོ་མཛད་པ།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

༸གོང་ས་མཆོག་གིས་ཨ་རིའི་ Hawii མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Josh Green གི་མཚན་ཐོག་ཏུ་ཟླ་བ་འདིའི་ཚེས་ ༨ ཉིན་མངའ་སྡེ་ནང་གློ་བུར་དུ་མེ་སྐྱོན་གྱི་གོད་ཆག་ཚབས་ཆེན་ཕོག་པའི་རྐྱེན་གྱིས་མང་ཚོགས་དུ་མ་བོར་བརླག་དང་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཐོག་མར་ Hawaii དང་དེའི་མཚོ་གླིང་ Maui ནང་གློ་བུར་དུ་མེ་སྐྱོན་གྱི་གོད་ཆག་ཕོག་སྟབས་མི་རྒྱུ་གཉིས་ཀར་གྱོང་གུད་ཆེན་པོ་ཕོག་པར་ཐུགས་ཕམ་ཆེན་པོས་དོན་རྐྱེན་དེའི་ཁྲོད་འདས་གྲོངས་སུ་གྱུར་བའི་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་དང་རྨས་སྐྱོན་ཕོག་མཁན་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དེ་སྔོན་ Hawii མངའ་སྡེ་དང་ Maui མཚོ་གླིང་ནང་ཆིབས་བསྒྱུར་ཐེངས་འགའ་ཤས་མཛད་མྱོང་ཡོད་སྟབས་ཡུལ་དེའི་མང་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་ཆོས་ལུགས་མཐུན་འབྲེལ་སོགས་༸རྒྱལ་བའི་དགོངས་བཞེད་ལ་དགའ་མོས་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དྲན་གསོ་མཛད་པ་དང་། ལྷག་པར་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་དང་རིག་གཞུང་དག་ལ་དད་གུས་གནང་སྲོལ་ལ་ཡི་རངས་བསྔགས་བརྗོད་མཛད་འོས་ཤིག་ཡིན་པར་བཀའ་སྩལ་འདུག   

ཐེངས་འདིར་མེའི་དོན་རྐྱེན་འོག་མི་རྒྱུ་གཉིས་ཀར་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་པར་མགོན་པོ་མཆོག་ཆེས་ཐུགས་ཕམ་ཆེན་པོ་མཛད་བཞིན་པ་དང་། མང་ཚོགས་ཀྱི་ངོས་ནས་ངལ་བ་འདིར་གདོང་ལེན་གནང་ཐུབ་པར་ཐུགས་སྨོན་མཛད་པ་དང་ཆབས་ཅིག ཐེངས་འདིའི་གོད་ཆག་ཁྲོད་མངའ་སྡེའི་གཞུང་འཛིན་གཙོས་ཚོགས་སྡེ་ཁག་ནས་ས་གནས་སུ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་ཡོད་པ་མཁྱེན་རྟོགས་ཡོད་སྐོར་བཀའ་སྩལ་འདུག

རྩ་བའི་ཨ་རིའི་ Hawii མངའ་སྡེ་དང་ Maui མཚོ་གླིང་དུ་ཟླ་ ༨ ཚེས་ ༨ ཉིན་གློ་བུར་དུ་མེ་སྐྱོན་གྱི་གོད་ཆག་ཚབས་ཆེན་ཕོག་རྐྱེན་ད་བར་མི་ཆིག་སྟོང་ལྷག་བོར་བརླག་དང་མི་ ༥༥ ལྷག་འདས་གྲོངས་སུ་གྱུར་བ། ཁུལ་དེའི་མནའ་རྫས་ཁང་པ་ ༡༧༠༠ ཙམ་ལ་གནོན་སྐྱོན་ཕོག་པར་ཚོད་དཔག་གནང་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།