Tibetan Royal Year of 2152 | Year of the Wood Snake

འཛམ་གླིང་ཞི་བདེ་དང་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་བཀྲིན་རྗེས་དྲན་གྱི་མཆོད་འབུལ།

Tibetan News Headlines

  • Dalai Lama Attends Tenshug Offering by Dhomey Cholkha, Affirms Continuation of the Dalai Lama Institution Beyond His Lifetime
  • China Tightens Controls and Imposes restriction in Tibet Ahead of Dalai Lama’s 90th Birthday
  • Ahead of Dalai Lama 90th Birthday, Xi Jinping Sends Message Promoting ‘Prosperous’ Tibetan Border
  • From the Snowy Ridges to the Ocean of Wisdom’: Dalai Lama and Human Rights Exhibition Opens in Taiwan
  • Rights Group Reports Hong Kong’s Freedoms Remain Under Siege Five Years After Beijing’s Crackdown
  • Taiwan VP Says He Will Not Be Intimidated After Czech Report Claims China Planned Physical Threats

རེས་གཟའ་ཟླ་བ། ༢༠༢༥།༠༦།༣༠

  • ༸གོང་ས་མཆོག་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པར་མངའ་གསོལ་དང་སྦྲགས་ནས་གོ་སྟོན་སྲུང་བརྩི།
  • རྒྱ་ནག་གཞུང་གི་སྐུའི་གོ་སྟོན་དང་འབྲེལ་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • ཞི་ཅིན་ཕིང་གིས་མཐའ་མཚམས་ཉེ་འཁོར་གྱི་བོད་རིགས་ཚོར་ས་མཚམས་བརྟན་ལྷིང་ཐད་སྐུལ་དེད་བྱས་པ།
  • གངས་རི་ནས་རྒྱ་མཚོའི་བར། འགྲོ་བ་མིའི་ཐོབ་ཐང་དང་༸གོང་ས་ཏཱ་ལའི་བླ་མ་ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་འགྲེམས་སྟོན་གནང་བཞིན་པ།
  • རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་འོག་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་པ་མངོན་གསལ།
  • ཐའེ་ཝན་སྲིད་འཛིན་གཞོན་པས་རྒྱ་ནག་གི་འཇིགས་སྐུལ་ལ་ཞེད་སྣང་མེད་ཅེས་པའི་བརྡ་ལན།

དེ་རིང་ཟླ་ ༡ ཚེས་ ༡༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་སྨོན་ལམ་སྐབས་ཉེར་དགུ་པ་དབུ་འཛུགས་དང་འབྲེལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རི་པོ་ཆེ་དང་ཁྲི་ཟུར། སྔ་འགྱུར་རྙིང་མའི་ཁྲི་འཛིན། དེ་བཞིན་མཁན་བླ་སྤྲུལ་དགེ་འདུན་དང་མི་མང་བཅས་ནས་གནས་མཆོག་རྡོ་རྗེ་གནད་གྱི་མཆོད་རྟེན་ར་བར་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་འགྲོ་བའི་བདེ་དོན། འཛམ་གླིང་ཞི་བདེ། དེ་བཞིན་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་བཀྲིན་རྗེས་དྲན་ཞུ་ཕྱིར་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་འདུག
ད་དུང་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཆོས་བསྩལ་དང་སྩོལ་བཞིན་པ་དང་བསྟུན་དགའ་ལྡན་ཆོ་འཕྲུལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་དེ་རིང་ཉིན་རྒྱབ་ཏུ་དུས་འཁོར་དབང་ཆེན་གྱི་ཆོས་རའི་ནང་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།