Tibetan Royal Year of 2151 | Year of the Wood Dragon

བོད་མི་བྲོས་བྱོལ་བར་རོགས་བྱས་པའི་དོགས་གཞིའི་འོག་བལ་པོའི་མི་སེར་གཉིས་འཛིན་བཟུང་།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

བོད་ནང་གི་སྤྱི་བདེ་མི་སྣས་བོད་མི་བྲོས་བྱོལ་བར་རོགས་བྱས་པའི་དོགས་གཞིའི་འོག་བལ་པོའི་མི་སེར་གཉིས་འཛིན་བཟུང་བྱས་པ་དང་། ད་ཆ་གནས་ཚུལ་དེ་བྱུང་ནས་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་ཕྱིན་ཟིན་ཡང་བལ་ཡུལ་གཞུང་ལ་འདིའི་སྐོར་ཤེས་རྟོགས་མེད་པ་བརྗོད་འདུག

Nepal China

བལ་ཡུལ་གྱི་ Kathmandu Post གསར་ཤོག་ཐོག་གནས་ཚུལ་ཐོན་པར་གཞིགས་ན། བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ Rajendra Bajgain ལགས་ཀྱིས་ཉེ་ལམ་ཕྱི་ཚེས་ ༡༡ ཉིན་ཡུལ་དེའི་གྲོས་ཚོགས་ནང་གནད་དོན་དེ་སྙན་སེང་ཞུས་པ་དང་འབྲེལ། བོད་ནང་གི་སྤྱི་བདེ་མི་སྣས་རབ་རྒྱས་བླ་མ་དང་ཀརྨ་ཆོས་ལྡན་ཞུ་བའི་བལ་པོའི་མི་སེར་གཉིས་འཛིན་བཟུང་བྱས་ཏེ་ད་ཆ་ཟླ་བ་གཅིག་དང་ཕྱེད་ཀ་འཁོར་ཡང་ཁོང་གཉིས་གར་ཡོད་སོགས་ཀྱི་གནས་སྟངས་རྩ་བ་ནས་ཤེས་རྟོགས་མེད་པར་ལུས་ཡོད་པ་འགྲེལ་བརྗོད་ཀྱིས་བལ་ཡུལ་གཞུང་དང་ལྷག་པར་ཕྱི་སྲིད་ལས་ཁུངས་ངོས་ནས་གནད་དོན་དེའི་ཐོག་འགན་ཁུར་ལན་འདེབས་དགོས་པའི་ཞུ་སྐུལ་གནང་འདུག

Bajgain ལགས་ཀྱིས་ད་དུང་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་གྱི་གོང་དུ་རབ་རྒྱས་བླ་མ་དང་ཀརྨ་ཆོས་ལྡན་གཉིས་ལ་བོད་ནང་ཡོད་པའི་རྒྱ་ནག་གི་ས་གནས་སྲིད་གཞུང་གིས་འཛིན་བཟུང་འོག་ཡོད་པའི་བོད་མི་ཁག་གཅིག་གི་སར་ནས་ཁ་པར་འབྱོར་ཡོད་པ་དང་། ཁོང་རྣམ་པ་གཉིས་ས་གནས་སུ་ཡོང་དགོས་ཚུལ་བརྗོད་ཡོད་ཅིང་། ཁོང་གཉིས་ས་གནས་སུ་བསྐྱོད་མ་ཐག་བོད་ནང་གི་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་པ་འགྲེལ་བརྗོད་གནང་འདུག

Rajendra Bajgain

Bajgain ལགས་ཀྱིས་བོད་ནང་གི་སྤྱི་བདེ་མི་སྣས་བལ་པོའི་མི་སེར་ཁོང་གཉིས་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་གང་བྱུང་འཛིན་བཟུང་བྱས་དགོས་དོན་གཙོ་བོ་ནི་ཁོང་གཉིས་ཀྱིས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་རྣམས་ལ་རོགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་ཀྱིས། རྒྱ་ནག་ནི་ང་ཚོའི་ས་ཐག་ཉེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པར་སོང་ང་ཚོའི་ངོས་ནས་རྒྱ་ནག་ལ་གུས་བཀུར་ཆེན་པོ་ཞུ་བཞིན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ནང་ཞི་བདེ་རྒྱུན་གནས་བྱེད་ཐབས་མ་གཏོགས་རྒྱ་ནག་ལ་རྒྱབ་འགལ་གྱི་ལས་ཀ་བྱེད་ཀྱི་མེད་པ་ནན་བརྗོད་བྱས་འདུག

ཁོང་གིས་གཞན་ཡང་བལ་ཡུལ་གཞུང་གིས་གནས་ཚུལ་དེའི་སྐོར་གང་ཡང་ཤེས་རྟོགས་མེད་པ་དེ་ཧང་གསང་བའི་རྣམ་པ་ཆེད་འདོན་དང་སྦྲགས། ད་ལྟའི་འཆར་བོད་ནང་འཛིན་བཟུང་བྱས་པའི་བལ་པོའི་མི་སེར་ཁོང་གཉིས་ཤི་གསོན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་ལྷག་སྟབས། བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ནས་ངེས་པར་དུ་གནས་ཚུལ་དེའི་ཐོག་རྟོགས་ཞིབ་མཐིལ་ཕྱིན་བྱ་དགོས་པའི་ཞུ་སྐུལ་གནང་འདུག

གཞི་རྩའི་འདས་པའི་ལོ་དུས་མང་པོའི་ནང་། བལ་ཡུལ་ཤར་གྭངས་ལ་བརྒྱུད་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ལོ་ལྟར་སྟོང་ཕྲག་ཁ་ཤས་ཡོད་ཀྱང་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་རྒྱ་ནག་གིས་ས་མཚམས་སུ་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་སྟེ། ཉེ་བའི་ལོ་ཤས་ནང་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཆེས་ཇེ་ཉུང་དུ་ཕྱིན་པ་མ་ཟད། བལ་ཡུལ་གཞུང་གིས་བོད་མི་བྲོས་བྱོལ་བ་མི་ཉུང་བ་ཞིག་རྒྱ་ནག་ལ་རྩིས་སྤྲོད་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།