Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཤར་ཏུར་ཀིས་ཏན་གྱི་ལོ་རྒྱུས་དང་ཆོས་རིག་མིང་ཐོག་ཡོད་པའི་ས་ཁུལ་ཁག་གི་མིང་བྱང་བཙན་བསྒྱུར།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

རྒྱ་ནག་གཞུང་གིས་ཤར་ཏུར་ཀིས་ཏན་གྱི་ལོ་རྒྱུས་དང་། ཆོས། རིག་གཞུང་སོགས་དང་འབྲེལ་བའི་གྲོང་སྡེ་དང་ས་ཁུལ་གྱི་མིང་བྱང་རྣམས་འཆར་གཞི་དང་ལྡན་པའི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་འབྲེལ་བ་ཡོད་པའི་མིང་བྱང་ཐོག་བཙན་བསྒྱུར་བྱས་ཡོད་པ་མངོན་གསལ་གནང་འདུག

[File: Greg Baker/AFP]

དེ་ཡང་ཁ་སང་ཕྱི་ཚེས་ ༡༨ ཉིན་ Human Right Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་འདོན་སྤེལ་གནང་བའི་ནང་། ཚོགས་པ་དེས་ནོར་ཝེ་ནང་དུ་རྟེན་གཞི་བྱས་པའི་ Uyghur Hjelp ཞེས་ཡུ་གུར་རོགས་སྐྱོར་ཚོགས་པ་དང་མཉམ་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༠༩ ནས་ ༢༠༢༣ བར་ National Bureau of Statistics of China རྒྱ་ནག་རྒྱལ་ཡོངས་མི་འབོར་ཞིབ་བཤེར་ལས་ཁུངས་ཀྱི་དྲ་ཚིགས་ཐོག་བཀོད་པའི་མིང་བསྒྱུར་བྱས་པའི་ཁོངས་སུ། ཤར་ཏུར་ཀིས་ཏན་ནང་དུ་གྲོང་གསེབ་ ༢༥༠༠༠ ནས་ ༣༦༠༠ ཙམ་གྱི་སྔོན་གྱི་མིང་ནོར་བའམ་གྲངས་ཀའི་འགྱུར་བ་བཏང་ཡོད་པ་དེ་ལྟར་ཡང་། གྲོང་གསེབ་ ༦༣༠ ཙམ་གྱི་ཆོས་ལུགས་དང་རིག་གཞུང་། དེ་བཞིན་ལོ་རྒྱུས་ཀྱི་མིང་བྱང་རྣམས་བཙན་བསྒྱུར་བྱས་པ་ར་སྤྲོད་ཐུབ་སྟེ། མིང་བསྒྱུར་ཡོངས་གྲགས་གསུམ་ནི་བདེ་སྐྱིད་དང་། ཆིག་སྒྲིལ། འཆམ་མཐུན་བཅས་ཡིན་པ་མངོན་གསལ་གནང་འདུག

Photo: Human Right Watch

མིང་བསྒྱུར་དེ་དག་གི་ཁྲོད་ Kashgar ས་ཁུལ་དུ་ཡོད་པའི་ Qutpidin Mazar གྲོང་གསེབ་ལྟ་བུ་ཆ་མཚོན་ན་དུས་རབས་ ༡༣ ནང་གི་ Persia པར་ཤིཡའི་མཁས་པ་དང་སྙན་ངག་པ་ Qutb al-Din al-Shirazi གི་མཚན་གནས་རྗེས་དྲན་གྱི་མིང་བཏགས་པ་ཞིག་ཡིན་པ་ད་ལྟའི་ཆར་ Rose Flower Village ཞེས་མིང་བསྒྱུར་བྱེད་འདུག་པ་དང་། དེ་བཞིན་ Akto ཟེར་བའི་རྫོང་ནང་དུ་ཡོད་པའི་ Aq Meschit Village ཁ་ཆེའི་ལྟ་ཁང་དཀར་པོའི་གྲོང་གསེབ་དེ་ཆིག་སྒྲིལ་གྲོང་གསེབ་ཞེས་མིང་བསྒྱུར་བྱས་ཡོད་པ་སོགས་ཐེར་འདོན་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐོག་གི་འགན་འཛིན་ལས་ཚབ་ Maya Wang ལགས་ཀྱིས། རྒྱ་གཞུང་དཔོན་རིགས་ཚོས་ཤར་ཏུས་ཀིས་ཏན་ནང་གི་གྲོང་གསེབ་བརྒྱ་ཕྲག་མང་པོའི་མིང་བསྒྱུར་བྱས་པ་དེས་ཡུ་གུར་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱི་མཚོན་དོན་རྣམས་རྩ་མེད་བཟོ་རྒྱའི་ཆ་ཤས་ཤིག་ཡིན་པ་མངོན་རྒྱུ་ཡོད་པའི་སྐྱོན་བརྗོད་གནང་འདུག

Photo: Human Right Watch

ནོར་ཝེ་ནང་དུ་རྟེན་གཞི་བྱས་པའི་ Uyghur Hjelp ཞེས་ཡུ་གུར་རོགས་སྐྱོར་ཚོགས་པས་མིང་བསྒྱུར་བྱས་པའི་གྲོས་གསེབ་དེ་དག་ནང་གནས་སྡོད་བྱེད་མྱོང་མཁན་ཡུ་གུར་བའི་མི་སྣ་ ༡༡ ལ་བཅར་འདྲི་ཞུས་འདུག་པ་དང་། གནད་དོན་དེའི་བརྒྱུད་ནས་ཁོང་རྣམ་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་ར་སྤྲོད་བྱུང་བའི་ཁྲོད། ཡུ་གུར་བའི་སྐྱེས་མ་གཅིག་གིས། ཁོ་མོ་རྒྱ་གཞུང་གིས་སློབ་གསོ་བསྐྱར་སྦྱོང་ཟེར་བའི་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་རང་གནས་སུ་ཕྱིར་ལོག་གནང་སྐབས། ཁོ་མོའི་གྲོང་གསེབ་ཀྱི་མིང་དེ་འཛིན་བྱང་ཉོ་སའི་ཁ་བྱང་ནང་གསལ་གྱི་མེད་པའི་ངལ་བ་འཕྲད་ཡོད་པ་དང་ཆབས་ཅིག ཡུ་གུར་བ་གཞན་ཞིག་གིས། ད་ལྟའི་ཆར་མིང་བསྒྱུར་བྱས་ནས་མེད་པ་བཟོས་པའི་རང་ཉིད་ཀྱི་གྲོང་གསེབ་དེའི་སྐོར་ལ་སྙན་ངག་དང་སྐྱོ་གླུ་བླངས་ཡོད་པའང་འགྲེལ་བརྗོད་གནང་འདུག

Photo: Human Right Watch

ཡུ་གུར་རོགས་སྐྱོར་ཚོགས་པ་ཐོག་མ་གསར་འཛུགས་གནང་མཁན་ Abduweli Ayup གིས་ཤར་ཏུར་ཀིས་ཏན་ནང་གི་གནས་སྟངས་ཐད་རྒྱལ་སྤྱིའི་སྲིད་གཞུང་རྣམས་ནས་རྒྱ་ནག་གལ་གནོན་ཤུགས་སྤྲོད་དགོས་པ་དང་། ལྷག་པར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་པ་དེར་འགན་ལན་ཐུབ་པ་བཟོ་ཆེད་འབད་བརྩོན་རྒྱ་གང་ཆེ་གནང་བའི་འབོད་སྐུལ་ཞུས་འདུག

གཞི་རྩའི་བཙན་བསྒྱུར་བྱས་པའི་མིང་བྱང་དེ་དག་ཕལ་མོ་ཆེ་ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་བསྒྱུར་ཚད་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།