མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
Search
VOICE OF TIBET
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Pulses PRO
Tibetan Royal Year of 2153 | Year of the Fire Horse
中文
Facebook
RSS
Soundcloud
X
Youtube
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་།
Voice Of Tibet
text
འཚོལ་བཤེར།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
མདུན་ངོས།
ངོ་སྤྲོད།
༸གོང་ས་མཆོག
བོད།
བཙན་བྱོལ།
རྒྱ་ནག
རྒྱལ་སྤྱི།
རྒྱང་སྲིང་འོད་ཚད།
སྒྲ་མཛོད།
བརྙན་མཛོད།
འབྲེལ་ལམ།
འཚོལ་བཤེར།
ཡུ་གུར།
ཨ་རིས་ཡུ་གུར་ངལ་རྩོལ་དང་འབྲེལ་བའི་རྒྱ་ནག་གི་ཁེ་ལས་འཕར་མ་ ༤༣ གྱི་ཐོན་རྫས་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་འདུག
གསར་འགྱུར།
Voice of Tibet
-
03/08/2026
ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གིས་ཉེ་ལམ་རེས་གཟའ་ཕུར་བུའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་བརྒྱུད། ཡུ་གུར་བ་དང་གཞན་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གྱིས་ངལ་རྩོལ་དང་འབྲེལ་བའི་རྒྱ་ནག་གི་ཁེ་ལས་འཕར་མ་ ༤༣ གྱི་ཐོན་རྫས་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་འདུག་པ་དང་། ཁེ་ལས་བཟོ་གྲྭ་དེ་དག་གིས་གློག་ཆས་དང་། ཟས་རིགས། ལྕགས་རིགས་བཅས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གིས་ལོ་མང་རིང་ཡུལ་དེའི་ནང་གི་གྲངས་ཉུང་མི་རིགས་མང་དག་ཅིག་བཙན་པོའི་དབང་ཤེད་ཀྱིས་ངལ་རྩོལ་དུ་བཅུག་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་བའི་གནས་ཚུལ་རིམ་པ་ཐོན་པ་ལ་བརྟེན་ནས། འདས་པའི་ཕྱི་ལོ་ ༢༠༢༡ ལོར་ཨ་རིས་ Uyghur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་དང་བསྟུན། ཕྱི་ལོ་ ༢༠༢༢ ལོར་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་མ་ཐག་ནས་ད་བར་ངལ་རྩོལ་གྱི་བྱ་འགུལ་དེ་རིགས་ནང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཁེ་ལས་བཟོ་གྲྭ་ ༡༨༧ ཙམ་གྱི་ཐོན་རྫས་ཨ་རིའི་ནང་དུ་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་ཡོད་ཀྱང་། རྒྱ་ནག་གིས་ཉེས་འཛུགས་དེ་དག་ངོས་ལེན་བྱེད་ཀྱི་མེད་ལ། ད་དུང་ཨ་རིས་བྱ་སྤྱོད་དེ་ནི་གཞི་རྩ་མེད་པ་ཞིག་དང་། དེ་ནི་རྒྱ་ནག་གི་ཁེ་ལས་བཟོ་གྲྭ་ཁག་ལ་རྐང་བཙུགས་དམེགས་དབེན་དུ་བཟུང་བ་ཞིག་རེད་ཅེས་ཨ་རིར་ཕར་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། ཐེངས་འདིར་ཨ་རིས་རྒྱ་ནག་གི་ཁེ་ལས་ཀྱི་ཐོན་རྫས་ནང་འདྲེན་བཀག་སྡོམ་བྱས་པའི་ཐོ་གཞུང་ནང་། SDIC Xinjiang Lithium དང་། Hunan Aihua Group, Chacha Food, Tianshan Aluminum Group, Shandong Gold Mining སོགས་ཚུད་ཡོད་པ་མ་ཟད། TBEA Co., ལྟ་བུའི་ཁེ་ལས་ཀྱི་ཡན་ལག་ཕྱི་ལོ་ ༢༠༢༢ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གསར་འཛུགས་བྱས་ཡོད་ལ། ཉི་གློག་དང་རླུང་གློག་སོགས་བཟོ་བསྐྲུན་བྱེད་མཁན་གྱི་ཁེ་ལས་དེས་ད་དུང་ཕྱི་ལོ་ ༢༠༢༤ ལོར་བོད་ཆབ་མདོ་ཁུལ་དུའང་ཡན་ལག་ལས་ཁུངས་བཙུགས་ཡོད་པ་དང་། དེ་བཞིན་ Baiyin Nonferrous Group Co., Ltd. ཞེས་པའི་ཁེ་ལས་དེས་ཕྱི་ལོ་ ༢༠༢༥ ལོར་བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྔོན་ཞིང་ཆེན་ནང་བཙུགས་པའི་བཟོ་ལས་གླིང་དང་གཞན་ཡང་བོད་དུ་རྟེན་གཞི་བྱས་པའི་ཚོང་གཉེར་ཁང་གཞན་ཁག་གཅིག་དང་ལྷན་དུ་མཉམ་ལས་ཀྱི་གན་རྒྱ་སོགས་བཞག་ཡོད་པ་རེད་འདུག དེ་འབྲེལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ John Moolenaar ལགས་ཀྱིས། ཐེངས་འདིར་ཊམ་སྲིད་གཞུང་གི་བྱ་སྤྱོད་འདིས་ཨ་རིའི་དཔལ་འབྱོར་གྱི་ནུས་ཤུགས་ཆེ་རུ་བཏང་སྟེ་བྲན་གཡོག་ངལ་རྩོལ་ལ་བརྟེན་ནས་བཟོས་པའི་ཐོན་རྫས་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་གསུངས་འདུག སྤྱིར་ཨ་རིའི་རྒྱལ་ནང་བདེ་སྲུང་ལྷན་ཁང་གིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་བརྒྱུད་དེ་རྒྱ་ནག་གི་ཁེ་ལས་བཟོ་གྲྭ་དེ་དག་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་འོག་ཐོན་རྫས་ནང་འདྲེན་བཀག་སྡོམ་གྱི་ཐོ་གཞུང་ནང་བཅུག་པ་དེ། ཊམ་སྲིད་གཞུང་གི་འཛིན་སྐྱོང་འོག་ཐེངས་དང་པོ་ཆགས་ཀྱི་ཡོད་ལ། དེ་ཡང་ད་བར་གྱི་བཀག་སྡོམ་ཁེ་ལས་ཀྱི་གྲངས་འབོར་ལོ་གཅིག་གི་ནང་དུ་མང་ཤོས་དེ་ཆགས་ཡོད་པ་རེད་འདུག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རེས་གཟའ་པ་སངས་ཉིན་ཉེས་འཛུགས་དེ་དག་རྫུན་གཏམ་ཡིན་པ་དང་། རྒྱ་ནག་ཁྲིམས་ལུགས་ཀྱིས་བཙན་ཤེད་ཀྱི་ངལ་རྩོལ་བཀག་འགོག་བྱེད་ཀྱི་ཡོད་ལ། ཤིན་ཅང་ཞེས་ཤར་ཏུར་ཀིས་ཐན་གྱི་མི་རྣམས་ལ་རང་ཉིད་ལས་ཀ་གང་བྱེད་མིན་གྱི་འདེམས་ཀ་རང་དབང་ཡོད་པ་བཤད་འདུག མ་ཟད། རྒྱ་ནག་ཚོང་དོན་ལྷན་ཁང་གིས་རེས་གཟའ་སྤེན་པའི་ཉིན་ཨ་རིའི་བྱ་སྤྱོད་དེ་ནི་རྒྱུ་མཚན་ར་འཕྲོད་མེད་པའི་ཕྱོགས་གཅིག་གི་ཉེས་ཆད་ཅིག་ཡིན་པར་སྐྱོན་བརྗོད་བྱས་འདུག་པ་དང་། བཀག་སྡོམ་དེ་ཡང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་དོན་དཔོན་རིགས་ཚོས་དྲྭ་ལམ་བརྒྱུད་གྲོས་མོལ་བྱས་ཟིན་པའི་ཉིན་གཅིག་རྗེས་སུ་བྱུང་བ་ཞིག་ཡིན་པ་བཤད་འདུག་པ་མ་ཟད། གང་ལྟར་རྒྱ་ནག་ངོས་ནས་རང་གི་ཁེ་ལས་བཟོ་གྲྭ་ཁག་སྲུང་སྐྱོབ་བྱ་རྒྱུར་དགོས་ངེས་ཀྱི་ཐབས་ཤེས་ལག་བསྟར་བྱེད་ཀྱི་ཡིན་ཞེས་བཤད་འདུག
ཀ་ཛ་ཀི་སི་ཐན་ཁྲིམས་ཁང་གིས་རྒྱ་ནག་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ལ་ངོ་རྒོལ་བྱས་རྐྱེན་ཀ་ཛཀ་མི་སེར་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།
གསར་འགྱུར།
Voice of Tibet
-
17/04/2026
ཉེ་ཆར་རྒྱ་ནག་དང་ཡུ་རོབ་དབར་གྱི་རྒྱལ་ཁབ་ཀ་ཛ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་འམ་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་ལ་ངོ་རྒོལ་གནང་མཁན་ཀ་ཛཀ་མི་སེར་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་འབྲེལ། ཀ་ཛ་ཀི་སི་ཐན་ནང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཤུགས་རྐྱེན་མངོན་གསལ་གནང་འདུག རྩ་བའི་སྔ་ལོའི་ཕྱི་ཟླ་ ༡༡ ནང་དུ་ཀ་ཛ་ཀི་སི་ཐན་ནང་གི་ Nagyz Atajurt དྭང་བླངས་ཞབས་ཞུ་ཚོགས་པའི་ལས་འགུལ་བ་ཁག་གཅིག་གིས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ཀ་ཛཀ་མི་སེར་ Alimnur Turganbay ལགས་གློད་བཀྲོལ་གཏང་དགོས་པའི་ཞུ་འབོད་དང་འབྲེལ། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་འགྲོ་བ་མིའི་རིགས་ལ་རྒོལ་རྡུང་མཚོན་པའི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། སྐབས་དེར་ལས་འགུལ་ཁྲོད་རྒྱ་ནག་གི་རྒྱལ་དར་དང་སྲིད་འཛིན་ཞི་ཅིན་ཕིང་གིས་འདྲ་པར་མེར་བསྲེགས་བཏང་བ་སོགས་བྱས་རྐྱེན། ལས་འགུལ་གྱི་ཉིན་གཅིག་རྗེས་སུ་ཀ་ཛཀ་རྒྱལ་ས་ Almaty ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་འགུལ་ཁང་གིས་ཀ་ཛཀ་གཞུང་ལ་དེ་དོན་ལག་ལེན་བསྟར་དགོས་པའི་གནོན་ཤུགས་སྤྲད་པ་དང་འབྲེལ། ས་གནས་གཞུང་གིས་ལས་འགུལ་བ་རྣམས་ལ་ཞིབ་བཤེར་བྱས་འགོ་བཙུགས་ཡོད་པ་རེད་འདུག ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༡༣ ཉིན་ཀ་ཛ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་སྔ་ལོའི་ལས་འགུལ་ནང་དུ་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཁྱོན་མི་གྲངས་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཁྲོད། མི་གྲངས་ ༡༡ ལ་སྤྱི་ཚོགས་བརྟན་ལྷིང་དཀྲུགས་པའི་ནག་ཉེས་བཙུགས་ཏེ་མི་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། མི་གྲངས་ ༨ ཀྱི་རང་དབང་ཚོད་འཛིན་གྱི་ཁྲིམས་ཐག་བཅད་པ་མ་ཟད། མི་གྲངས་ ༡༩ ཚང་མར་ལོ་ ༣ རིང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་སྤེལ་མི་ཆོག་པའི་ཉེས་ཆད་བཀལ་ཡོད་པ་རེད་འདུག རྩ་བའི་ལས་འགུལ་བའི་ཁྲོད་ལ་བུད་མེད་ ༢ ཀྱི་ཐོག་ལ་ཞིབ་བཤེར་བྱས་ཡོད་ཀྱང་། ཁོང་གཉིས་ལ་བྱིས་པ་ཆུང་ཆུང་གསོ་སྐྱོང་བྱ་རྒྱུ་ཡོད་པ་དང་འབྲེལ་ནས་ཉེས་ཆད་དམིགས་བསལ་བཀལ་མིན་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསུངས་པར་གཞིགས་ན། རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་སེམས་འཚབ་དང་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ཀ་ཛཀ་གཞུང་གིས་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱི་ཁ་བཀག་ཆེད་ཡུན་ནས་སྤྱི་ཚོགས་བརྟན་ལྷིང་དཀྲུགས་པ་ཞེས་པའི་ཉེས་དོན་ལ་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད་ཀྱང་། ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ངོ་རྒོལ་གནང་མཁན་མི་གྲངས་དེ་ལྟར་མང་པོ་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཐག་བཅད་པ་ད་ལན་ཐེངས་དང་པོ་ཡིན་པ་མངོན་གསལ་གནང་འདུག གཞི་རྩའི་ཀ་ཛ་ཀི་སི་ཐན་དང་རྒྱ་ནག་གཉིས་དབར་སྤྱི་ལེ་ ༡༧༠༠ ལྷག་གི་ས་མཚམས་ས་ཁུལ་ཡོད་པ་མ་ཟད། ཀ་ཛཀ་ནང་དུ་ཤིན་ཅང་གི་བཙན་བྱོལ་བ་མང་དག་ཅིག་བཅའ་སྡོད་གནང་གི་ཡོད་པ་ལྟར། སྤྱི་ལོ་ ༢༠༡༦ ནས་བཟུང་སྟེ་རྒྱ་ནག་གིས་ཤིན་ཅང་ནང་དུ་ཀ་ཛ་ཀི་སི་ཐན་དང་འབྲེལ་བ་ཡོད་པའི་ཀ་ཛཀ་དང་ཡུ་གུར་མི་སྣ་རྣམས་ལ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གནད་དོན་འོག་འཛིན་བཟུང་བཀག་ཉར་དང་སུན་གཙེར་བཟོ་བཞིན་ཡོད་པ་མ་ཟད། ཀ་ཛཀ་གཞུང་འཛིན་གྱི་ངོས་ནས་ཀྱང་དེ་སྔ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ལས་འགུལ་བ་འཛིན་བཟུང་གིས་དུས་ཐུང་བཙོན་འཇུག་སོགས་བྱས་མྱོང་ཡོད་ཀྱང་། ད་ལན་ Nagyz Atajurt ལས་འགུལ་བ་དེ་ལྟར་མང་པོར་ཁྲིམས་ཐག་ལྗིད་པོ་དེ་ལྟར་བྱས་པ་དེས་ཡུལ་དེའི་ནང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་བཟོད་བསྲན་མེད་པའི་བརྡ་ལན་ནན་པོ་ཞིག་བཏང་ཡོད་པ་རེད་འདུག ལྷག་པར་དུ་ད་ལན་གྱི་གནད་དོན་དེ་ནས་ཀ་ཛཀ་གཞུང་གི་ངོས་ནས་རྒྱ་ནག་གི་ལྷན་དུ་འབྲེལ་ལམ་བཟང་པོ་ཡོང་སླད་སོ་སོའི་མི་སེར་གྱི་རང་དབང་ལ་དོ་ཕོག་གཏོང་རྒྱུར་སྣང་དག་མེད་པ་གསལ་པོ་བཟོས་ཡོད་པ་རེད་འདུག དེའི་བར་ན་ཉེ་ཆར་རྒྱ་ནག་ནས་ Germany ནང་དུ་བྲོས་བྱོལ་ལ་སླེབས་ཏེ་སྐྱབས་བཅོལ་ཞུས་པའི་རྒྱ་རིགས་ཉེན་རྟོག་པ་ཟུར་པ་ Zhang Yabo ཞུ་བ་ཞིག་གིས། ཁ་སང་ Der Spiegel ཞེས་པའི་འཇར་མན་གསར་ཁང་གི་བཅར་འདྲིར་དང་ལེན་ཁྲོད། ཁོ་པ་དེ་སྔོན་ལོ་དགུའི་རིང་ཤིན་ཅང་ནང་དུ་ཉེན་རྟོག་པ་དང་བཙོན་ཁང་སྐོར་སྲུང་བའི་ལས་དོན་གཉེར་བཞིན་པའི་སྐབས་སུ། ཡུ་གུར་མང་ཚོགས་ཐོག་ལྟ་སྲུང་དམ་དྲག་དང་འཛིན་བཟུང་བཙོན་འཇུག དེ་བཞིན་ཡུ་གུར་བ་རྣམས་ལ་ཁ་ཆེའི་ལྷ་ཁང་ནང་དུ་བཞུགས་རྒྱུར་དམ་དྲག་དང་ཉིན་ལྟར་ཁ་པར་སྔོག་བཤེར་སོགས་བྱས་མྱོང་ཡོད་པའི་ཁྲོད། ས་ཁུལ་དེའི་ནང་རྒྱ་ནག་གཞུང་གིས་མི་སེར་ཡོངས་རྫོགས་ལ་དོགས་པ་བྱས་པ་དང་། དོགས་པ་ཡོད་པ་ཡོངས་རྫོགས་འཇིགས་སྐུལ་བར་ངོས་འཛིན་བྱས་པའི་སྲིད་བྱུས་དངོས་སུ་ལག་བསྟར་གྱི་ཆ་ཤས་ཡིན་པ་མངོན་གསལ་གནང་ཡོད་འདུག དེ་དོན་དེ་རིང་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་ལས་གྲུབ་པའི་མཐུན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། འཛམ་གླིང་རྒྱལ་ཁབ་ ༢༩ ཡི་གྲོས་ཚོགས་འཐུས་མི་ ༧༤ ཡིས་སྐུ་ཞབས་ Zhang Yabo ལགས་ཀྱིས་དངོས་ཡོད་གནས་ཚུལ་ཕྱི་གསལ་གནང་བར་རྒྱབ་སྐྱོར་ཡོད་པ་དང་། སྐུ་ཞབས་ Zhang ལགས་ཀྱིས་བཀའ་མོལ་གསུངས་པ་དེས་རྒྱ་ནག་གིས་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་མཚམས་འཇོག་བྱས་ཟིན་པའི་འཁྱོག་བཤད་མངོན་གསལ་གནང་སྟེ། ས་ཁུལ་དེར་ད་ལྟའང་དྲག་གནོན་མཚམས་ཆད་མེད་པ་མ་ཟད། སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ཕྱི་གསལ་གནང་ཡོད་པ་གསུངས་འདུག བསྒྲགས་གཏམ་ནང་ད་དུང་སྐུ་ཞབས་ Zhang ལགས་ཀྱིས་དངོས་ཡོད་གནས་ཚུལ་ཀྱི་དཔང་རྟགས་ར་སྤྲོད་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་གཞི་རྒྱ་ཆེ་བའི་ལྟ་སྲུང་དམ་དྲག་ཀྱིས་ཐོག་ནས་མང་ཚོགས་ལ་བཙན་སྐུལ་དང་གང་བྱུང་འཛིན་བཟུང་བཀག་ཉར། དེ་བཞིན་འཆར་གཞི་ལྡན་པའི་ཐོག་ནས་བཙན་དབང་གིས་ངལ་རྩོལ་རྒྱུག་བཅུག་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་དང་། གནད་དོན་དེ་ནི་ཤིན་ཅང་ནང་དུ་དྲག་གནོན་མཚམས་ཆད་ཚུལ་བརྗོད་དེ་ས་ཁུལ་དེའི་ནང་ཚོང་ལས་རྒྱ་བསྐྱེད་གཏང་དགོས་པ་བཤད་མཁན་རྣམས་ལ་བརྡ་ལན་ནན་པོ་ཞིག་ཡིན་པ་གསུངས་ཏེ། ཡུ་རོབ་མཐུན་ཚོགས་དང་ཨིན་ཡུལ། USA, Albania, Canada, Columbia, Czech སྤྱི་མཐུན་རྒྱལ་ཁབ་ Estonia, France, Germany, Ireland, ཉི་ཧོང་ Kosovo, Latvia, Lithuania, Netherlands, New Zealand, Norway, Philipines, Poland, North Macedonia, Panama, Romania, Solomon Islands, Sweden, Switzerland, Ukraine, Taiwan, Uruguay བཅས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་ད་རེས་ཀྱི་གནད་དོན་དེ་ནས་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཚད་མཐོའི་མགོ་སྐོར་བསླུ་བྲིད་གཏང་རྒྱུའི་བྱ་འགུལ་སྤེལ་བཞིན་པ་མངོན་གསལ་བྱུང་ཡོད་སྐོར་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བཙན་དབང་ངལ་རྩོལ་གྱི་གནད་དོན་དང་འབྲེལ་བའི་ཚོང་འབྲེལ་བྱེད་རྒྱུ་མིན་པའི་ཁྲིམས་སྒྲིག་ལག་བསྟར་ནན་པོ་གནང་དགོས་པ་དང་། ཁྲིམས་སྒྲིག་དེ་ལས་འགལ་འཛོལ་འགྲོ་མཁན་རྣམས་ལ་ཉེས་ཆད་འགེལ་དགོས་པའི་དགོས་འདུན་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཡུ་གུར་བཙན་དབང་ངལ་རྩོལ་གྱི་ཚོང་ལས་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པའི་རྒྱ་ནག་གཞུང་ལ་བརྡ་ལན་བསྐྱར་ནན་གནང་གི་ཡོད་པ་གསུངས་འདུག
ཡུ་གུར་གྱི་དམངས་གཞས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
གསར་འགྱུར།
Voice of Tibet
-
02/01/2026
ཡུ་གུར་གྱི་དམངས་གཞས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
རྒྱ་གཞུང་གིས་ཡུ་གུར་བ་ཚོར་བཙན་གྱིས་རྒྱ་ནག་དུ་ཕྱིར་ལོག་ཡོང་སླད་ཕྱི་བསྐྱོད་ལག་ཁྱེར་གྱི་ཐོག་ནས་སྲིད་བྱུས་གསར་པ་ལག་བསྟར་བྱེད་བཞིན་པ།
གསར་འགྱུར།
Voice of Tibet
-
07/08/2025
རྒྱ་གཞུང་གིས་ཡུ་གུར་བ་ཚོར་བཙན་གྱིས་རྒྱ་ནག་དུ་ཕྱིར་ལོག་ཡོང་སླད་ཕྱི་བསྐྱོད་ལག་ཁྱེར་གྱི་ཐོག་ནས་སྲིད་བྱུས་གསར་པ་ལག་བསྟར་བྱེད་བཞིན་པ།
རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
གསར་འགྱུར།
Voice of Tibet
-
27/06/2024
རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
རྒྱ་གཞུང་གིས་ཤར་ཏུར་ཀིས་ཏན་གྱི་ལོ་རྒྱུས་དང་ཆོས་རིག་མིང་ཐོག་ཡོད་པའི་ས་ཁུལ་ཁག་གི་མིང་བྱང་བཙན་བསྒྱུར།
གསར་འགྱུར།
Voice of Tibet
-
19/06/2024
རྒྱ་གཞུང་གིས་ཤར་ཏུར་ཀིས་ཏན་གྱི་ལོ་རྒྱུས་དང་ཆོས་རིག་མིང་ཐོག་ཡོད་པའི་ས་ཁུལ་ཁག་གི་མིང་བྱང་བཙན་བསྒྱུར།
ཨ་རིའི་གྲོས་ཚོགས་སུ་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ཁྲིམས་འཆར་ཆེད་འདོན།
གསར་འགྱུར།
Voice of Tibet
-
07/06/2024
ཨ་རིའི་གྲོས་ཚོགས་སུ་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ཁྲིམས་འཆར་ཆེད་འདོན།
ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
གསར་འགྱུར།
Voice of Tibet
-
29/05/2024
ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཤིག་ཡིན་པ་ཐེར་འདོན།
གསར་འགྱུར།
Voice of Tibet
-
19/04/2024
རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
1
2
3
...
9
Page 1 of 9
Latest news
སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།
06/11/2026
འབྲོག་པའི་རྩྭ་སའི་སྟེང་དུ་ཉི་གློག་གི་འཛུགས་སྐྲུན་བྱས་རྐྱེན་སྲོལ་རྒྱུན་འབྲོག་པའི་རྩྭ་ས་དང་འཚོ་གནས་ལ་ཉེན་ཁ་བཟོ་གི་ཡོད་པའི་ཉེན་བརྡ།
06/11/2026
དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག
06/11/2026
ས་ཆའི་རྩོད་གཞི་དང་གླ་ཆ་མ་སྤྲད་པའི་རྐྱེན་གྱིས་རྒྱ་ནག་ནང་འདས་པའི་ཟླ་་བ་གསུམ་རིང་ངོ་རྒོལ་ ༩༤༨ ཙམ་བྱུང་ཡོད་པ་མངོན་གསལ།
06/11/2026
ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
06/11/2026