ཀ་ཛ་ཀི་སི་ཐན་ཁྲིམས་ཁང་གིས་རྒྱ་ནག་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ལ་ངོ་རྒོལ་བྱས་རྐྱེན་ཀ་ཛཀ་མི་སེར་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཉེ་ཆར་རྒྱ་ནག་དང་ཡུ་རོབ་དབར་གྱི་རྒྱལ་ཁབ་ཀ་ཛ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་འམ་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་ལ་ངོ་རྒོལ་གནང་མཁན་ཀ་ཛཀ་མི་སེར་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་འབྲེལ། ཀ་ཛ་ཀི་སི་ཐན་ནང་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ཤུགས་རྐྱེན་མངོན་གསལ་གནང་འདུག

རྩ་བའི་སྔ་ལོའི་ཕྱི་ཟླ་ ༡༡ ནང་དུ་ཀ་ཛ་ཀི་སི་ཐན་ནང་གི་ Nagyz Atajurt དྭང་བླངས་ཞབས་ཞུ་ཚོགས་པའི་ལས་འགུལ་བ་ཁག་གཅིག་གིས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ཀ་ཛཀ་མི་སེར་ Alimnur Turganbay ལགས་གློད་བཀྲོལ་གཏང་དགོས་པའི་ཞུ་འབོད་དང་འབྲེལ། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་འགྲོ་བ་མིའི་རིགས་ལ་རྒོལ་རྡུང་མཚོན་པའི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། སྐབས་དེར་ལས་འགུལ་ཁྲོད་རྒྱ་ནག་གི་རྒྱལ་དར་དང་སྲིད་འཛིན་ཞི་ཅིན་ཕིང་གིས་འདྲ་པར་མེར་བསྲེགས་བཏང་བ་སོགས་བྱས་རྐྱེན། ལས་འགུལ་གྱི་ཉིན་གཅིག་རྗེས་སུ་ཀ་ཛཀ་རྒྱལ་ས་ Almaty ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་འགུལ་ཁང་གིས་ཀ་ཛཀ་གཞུང་ལ་དེ་དོན་ལག་ལེན་བསྟར་དགོས་པའི་གནོན་ཤུགས་སྤྲད་པ་དང་འབྲེལ། ས་གནས་གཞུང་གིས་ལས་འགུལ་བ་རྣམས་ལ་ཞིབ་བཤེར་བྱས་འགོ་བཙུགས་ཡོད་པ་རེད་འདུག

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༡༣ ཉིན་ཀ་ཛ་ཀི་སི་ཐན་ཁྲིམས་ཁང་ཞིག་གིས་སྔ་ལོའི་ལས་འགུལ་ནང་དུ་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཁྱོན་མི་གྲངས་ ༡༩ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཁྲོད། མི་གྲངས་ ༡༡ ལ་སྤྱི་ཚོགས་བརྟན་ལྷིང་དཀྲུགས་པའི་ནག་ཉེས་བཙུགས་ཏེ་མི་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། མི་གྲངས་ ༨ ཀྱི་རང་དབང་ཚོད་འཛིན་གྱི་ཁྲིམས་ཐག་བཅད་པ་མ་ཟད། མི་གྲངས་ ༡༩ ཚང་མར་ལོ་ ༣ རིང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་སྤེལ་མི་ཆོག་པའི་ཉེས་ཆད་བཀལ་ཡོད་པ་རེད་འདུག རྩ་བའི་ལས་འགུལ་བའི་ཁྲོད་ལ་བུད་མེད་ ༢ ཀྱི་ཐོག་ལ་ཞིབ་བཤེར་བྱས་ཡོད་ཀྱང་། ཁོང་གཉིས་ལ་བྱིས་པ་ཆུང་ཆུང་གསོ་སྐྱོང་བྱ་རྒྱུ་ཡོད་པ་དང་འབྲེལ་ནས་ཉེས་ཆད་དམིགས་བསལ་བཀལ་མིན་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསུངས་པར་གཞིགས་ན། རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་སེམས་འཚབ་དང་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ཀ་ཛཀ་གཞུང་གིས་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱི་ཁ་བཀག་ཆེད་ཡུན་ནས་སྤྱི་ཚོགས་བརྟན་ལྷིང་དཀྲུགས་པ་ཞེས་པའི་ཉེས་དོན་ལ་བེད་སྤྱོད་ལོག་པ་གཏོང་བཞིན་ཡོད་ཀྱང་། ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ངོ་རྒོལ་གནང་མཁན་མི་གྲངས་དེ་ལྟར་མང་པོ་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཐག་བཅད་པ་ད་ལན་ཐེངས་དང་པོ་ཡིན་པ་མངོན་གསལ་གནང་འདུག

གཞི་རྩའི་ཀ་ཛ་ཀི་སི་ཐན་དང་རྒྱ་ནག་གཉིས་དབར་སྤྱི་ལེ་ ༡༧༠༠ ལྷག་གི་ས་མཚམས་ས་ཁུལ་ཡོད་པ་མ་ཟད། ཀ་ཛཀ་ནང་དུ་ཤིན་ཅང་གི་བཙན་བྱོལ་བ་མང་དག་ཅིག་བཅའ་སྡོད་གནང་གི་ཡོད་པ་ལྟར། སྤྱི་ལོ་ ༢༠༡༦ ནས་བཟུང་སྟེ་རྒྱ་ནག་གིས་ཤིན་ཅང་ནང་དུ་ཀ་ཛ་ཀི་སི་ཐན་དང་འབྲེལ་བ་ཡོད་པའི་ཀ་ཛཀ་དང་ཡུ་གུར་མི་སྣ་རྣམས་ལ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གནད་དོན་འོག་འཛིན་བཟུང་བཀག་ཉར་དང་སུན་གཙེར་བཟོ་བཞིན་ཡོད་པ་མ་ཟད། ཀ་ཛཀ་གཞུང་འཛིན་གྱི་ངོས་ནས་ཀྱང་དེ་སྔ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ལས་འགུལ་བ་འཛིན་བཟུང་གིས་དུས་ཐུང་བཙོན་འཇུག་སོགས་བྱས་མྱོང་ཡོད་ཀྱང་། ད་ལན་ Nagyz Atajurt ལས་འགུལ་བ་དེ་ལྟར་མང་པོར་ཁྲིམས་ཐག་ལྗིད་པོ་དེ་ལྟར་བྱས་པ་དེས་ཡུལ་དེའི་ནང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་བཟོད་བསྲན་མེད་པའི་བརྡ་ལན་ནན་པོ་ཞིག་བཏང་ཡོད་པ་རེད་འདུག ལྷག་པར་དུ་ད་ལན་གྱི་གནད་དོན་དེ་ནས་ཀ་ཛཀ་གཞུང་གི་ངོས་ནས་རྒྱ་ནག་གི་ལྷན་དུ་འབྲེལ་ལམ་བཟང་པོ་ཡོང་སླད་སོ་སོའི་མི་སེར་གྱི་རང་དབང་ལ་དོ་ཕོག་གཏོང་རྒྱུར་སྣང་དག་མེད་པ་གསལ་པོ་བཟོས་ཡོད་པ་རེད་འདུག

པར་དབང་། IPAC

དེའི་བར་ན་ཉེ་ཆར་རྒྱ་ནག་ནས་ Germany ནང་དུ་བྲོས་བྱོལ་ལ་སླེབས་ཏེ་སྐྱབས་བཅོལ་ཞུས་པའི་རྒྱ་རིགས་ཉེན་རྟོག་པ་ཟུར་པ་ Zhang Yabo ཞུ་བ་ཞིག་གིས། ཁ་སང་ Der Spiegel ཞེས་པའི་འཇར་མན་གསར་ཁང་གི་བཅར་འདྲིར་དང་ལེན་ཁྲོད། ཁོ་པ་དེ་སྔོན་ལོ་དགུའི་རིང་ཤིན་ཅང་ནང་དུ་ཉེན་རྟོག་པ་དང་བཙོན་ཁང་སྐོར་སྲུང་བའི་ལས་དོན་གཉེར་བཞིན་པའི་སྐབས་སུ། ཡུ་གུར་མང་ཚོགས་ཐོག་ལྟ་སྲུང་དམ་དྲག་དང་འཛིན་བཟུང་བཙོན་འཇུག དེ་བཞིན་ཡུ་གུར་བ་རྣམས་ལ་ཁ་ཆེའི་ལྷ་ཁང་ནང་དུ་བཞུགས་རྒྱུར་དམ་དྲག་དང་ཉིན་ལྟར་ཁ་པར་སྔོག་བཤེར་སོགས་བྱས་མྱོང་ཡོད་པའི་ཁྲོད། ས་ཁུལ་དེའི་ནང་རྒྱ་ནག་གཞུང་གིས་མི་སེར་ཡོངས་རྫོགས་ལ་དོགས་པ་བྱས་པ་དང་། དོགས་པ་ཡོད་པ་ཡོངས་རྫོགས་འཇིགས་སྐུལ་བར་ངོས་འཛིན་བྱས་པའི་སྲིད་བྱུས་དངོས་སུ་ལག་བསྟར་གྱི་ཆ་ཤས་ཡིན་པ་མངོན་གསལ་གནང་ཡོད་འདུག

དེ་དོན་དེ་རིང་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་ལས་གྲུབ་པའི་མཐུན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། འཛམ་གླིང་རྒྱལ་ཁབ་ ༢༩ ཡི་གྲོས་ཚོགས་འཐུས་མི་ ༧༤ ཡིས་སྐུ་ཞབས་ Zhang Yabo ལགས་ཀྱིས་དངོས་ཡོད་གནས་ཚུལ་ཕྱི་གསལ་གནང་བར་རྒྱབ་སྐྱོར་ཡོད་པ་དང་། སྐུ་ཞབས་ Zhang ལགས་ཀྱིས་བཀའ་མོལ་གསུངས་པ་དེས་རྒྱ་ནག་གིས་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་མཚམས་འཇོག་བྱས་ཟིན་པའི་འཁྱོག་བཤད་མངོན་གསལ་གནང་སྟེ། ས་ཁུལ་དེར་ད་ལྟའང་དྲག་གནོན་མཚམས་ཆད་མེད་པ་མ་ཟད། སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ཕྱི་གསལ་གནང་ཡོད་པ་གསུངས་འདུག

བསྒྲགས་གཏམ་ནང་ད་དུང་སྐུ་ཞབས་ Zhang ལགས་ཀྱིས་དངོས་ཡོད་གནས་ཚུལ་ཀྱི་དཔང་རྟགས་ར་སྤྲོད་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་གཞི་རྒྱ་ཆེ་བའི་ལྟ་སྲུང་དམ་དྲག་ཀྱིས་ཐོག་ནས་མང་ཚོགས་ལ་བཙན་སྐུལ་དང་གང་བྱུང་འཛིན་བཟུང་བཀག་ཉར། དེ་བཞིན་འཆར་གཞི་ལྡན་པའི་ཐོག་ནས་བཙན་དབང་གིས་ངལ་རྩོལ་རྒྱུག་བཅུག་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་དང་། གནད་དོན་དེ་ནི་ཤིན་ཅང་ནང་དུ་དྲག་གནོན་མཚམས་ཆད་ཚུལ་བརྗོད་དེ་ས་ཁུལ་དེའི་ནང་ཚོང་ལས་རྒྱ་བསྐྱེད་གཏང་དགོས་པ་བཤད་མཁན་རྣམས་ལ་བརྡ་ལན་ནན་པོ་ཞིག་ཡིན་པ་གསུངས་ཏེ། ཡུ་རོབ་མཐུན་ཚོགས་དང་ཨིན་ཡུལ། USA, Albania, Canada, Columbia, Czech སྤྱི་མཐུན་རྒྱལ་ཁབ་ Estonia, France, Germany, Ireland, ཉི་ཧོང་ Kosovo, Latvia, Lithuania, Netherlands, New Zealand, Norway, Philipines, Poland, North Macedonia, Panama, Romania, Solomon Islands, Sweden, Switzerland, Ukraine, Taiwan, Uruguay བཅས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་ད་རེས་ཀྱི་གནད་དོན་དེ་ནས་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཚད་མཐོའི་མགོ་སྐོར་བསླུ་བྲིད་གཏང་རྒྱུའི་བྱ་འགུལ་སྤེལ་བཞིན་པ་མངོན་གསལ་བྱུང་ཡོད་སྐོར་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བཙན་དབང་ངལ་རྩོལ་གྱི་གནད་དོན་དང་འབྲེལ་བའི་ཚོང་འབྲེལ་བྱེད་རྒྱུ་མིན་པའི་ཁྲིམས་སྒྲིག་ལག་བསྟར་ནན་པོ་གནང་དགོས་པ་དང་། ཁྲིམས་སྒྲིག་དེ་ལས་འགལ་འཛོལ་འགྲོ་མཁན་རྣམས་ལ་ཉེས་ཆད་འགེལ་དགོས་པའི་དགོས་འདུན་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཡུ་གུར་བཙན་དབང་ངལ་རྩོལ་གྱི་ཚོང་ལས་དང་འབྲེལ་ཐག་གཅོད་རྒྱུ་ཡིན་པའི་རྒྱ་ནག་གཞུང་ལ་བརྡ་ལན་བསྐྱར་ནན་གནང་གི་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026