Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་དེ་རིང་བཞུགས་སྒར་དུ་ཕེབས་འབྱོར་གནང་བ།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

ཉེ་ཆར་ཨ་རི་གྲོས་ཚོགས་འོག་མས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཆེས་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་མ་ཟད། སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་ཡུལ་དེའི་གྲོས་ཚོགས་འཐུས་མི་བདུན་དང་ལས་ཟུར་ བཅས་ཁྱོན་ཚོགས་མི་བདུན་ཙམ་ཡོད་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷརྨ་ལར་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་རྒྱུ་རེད་འདུག

ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རི་གྲོས་ཚོགས་འོག་མས་ Resolve Tibet Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཆེས་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། ད་ལྟའི་ཆར་སྲིད་འཛིན་མཆོག་གིས་མཚན་རྟགས་འགོད་རྒྱུ་མ་གཏོགས་ལྷག་མེད་པའི་གནས་སྟངས་ཁྲོད་སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ Michael McCaul ལགས་ཀྱིས་སྣེ་ཁྲིད་བའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའང་མཇལ་འཕྲད་གནང་རྒྱུ་རེད་འདུག

ཐེངས་འདིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཁོངས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Gregory Meeks ལགས།  ལྕམ་སྐུ་ Mariannette Miller-Meeks ལགས་དང་ Nicole Malliotakis ལགས། དེ་བཞིན་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ Ami Bera ལགས་བཅས་གྲོས་ཚོགས་འཐུས་མི་བདུན་དང་ཁོང་རྣམ་པའི་སྐུ་འཁོར་ལྷན་རྒྱས། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་ཚོགས་མི་སུམ་བཅུ་མ་ཟིན་ཙམ་ཡོད་པ་རེད་འདུག

མ་ཟད་ཟླ་བ་འདིའི་ཚེས་ ༡༣ ཉིན་ National Endowment for Democracy ཞེས་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་ལོ་ལྟར་མང་གཙོ་དང་རང་དབང་གོང་འཕེལ་ཐད་རླབས་ཆེན་གྱི་ཕྱག་ལས་གནང་མཁན་ཚོགས་སྒེར་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་སྲོལ་ཡོད་པ་བཞིན། ལོ་འདིའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ Democracy Service Award ཞེས་མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་གནང་ཡོད།

གནད་དོན་དེ་དག་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ཉིན་རྒྱབ་ཚུད་ཚོད་ ༡ མ་ཟིན་ཙམ་ལ་བཞུགས་སྒར་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་འདི་གའི་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པ་ཞིག་གོང་གི་སྒྲ་སྒམ་ནས་གསན་རོགས་གནང་།

རྩ་བའི་སྲིད་སྐྱོང་མཆོག་ད་རེས་ཨ་རི་རྒྱལ་ས་ཝ་ཤིན་ཊོན་དུ་ NED འམ་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་འདི་ལོའི་ Democracy Service Award ཞེས་མང་གཙོ་གོང་འཕེལ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས ་དེ་བཞེས་ཕྱིར་ཆེད་ཕེབས་གནང་བ་ཞིག་ཡིན་པ་དང་། སྐབས་དེར་ཨ་རིའི་ནང་རྟེན་གཞི་བྱས་པའི་ Tibet Action Institute འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་སྐུ་ཚབ་བཀྲས་མཐོང་ལྷ་སྒྲོན་ལགས་དང་འབུམ་རམ་པ་རྒྱལ་ལོ་ལགས་གཉིས་ལའང་ Democracy Award ཞེས་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།