Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་བོད་མི་གཙོས་ཞི་རྒོལ་བའི་ཐོག་དྲག་རྒོལ་བྱས་པར་སེམས་འཚབ་བཏོན་གནང་འདུག

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

ཁ་སང་སྤྱི་ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་ཨོ་གླིང་གི་རྒྱལ་ས་ Canberra ནང་རྒྱ་ནག་གི་སྲིད་བློན་ Li Qiang གི་སྐོར་བསྐྱོད་ལ་བོད་མི་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་གི་རྒྱབ་སྐྱོར་བ་ཕོན་ཆེན་སླེབས་པ་རྣམས་ཀྱིས་ཞི་བའི་ལས་འགུལ་བའི་ཐོག་དྲག་རྒོལ་གྱི་གནད་དོན་བྱུང་ཡོད་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སེམས་འཚབ་བཏོན་གནང་འདུག

Tibetans harrased by Chinese Protester

དེ་ཡང་ཁ་སང་ཕྱི་དྲོ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རྒྱ་ནག་གི་སྲིད་བློན་ Canberra ཁུལ་དུ་སྐོར་བསྐྱོད་དང་བསྟུན། ཨོ་གླིང་གྲོས་ཚོགས་ཀྱི་མདུན་སར་འདུ་འཛོམས་གནང་བའི་བོད་མི་གཙོས་པའི་ཡུ་གུར་བ་དང་ཧོང་ཀོང་གི་ལས་འགུལ་བ་ཚོས་ཁྲིམས་མཐུན་ཐོག་ཞི་བའི་ལས་འགུལ་སྤེལ་སྐབས། རྒྱ་ནག་གི་སྲིད་བློན་ལ་དགའ་བསུ་ཆེད་དུ་སླེབས་པའི་རྒྱ་མི་སྟོང་ཕྲག་ལྷག་གི་ཁོངས་ནས་ཁག་གཅིག་གིས་བོད་མི་གཙོས་པའི་ཞི་རྒོལ་བ་ཚོའི་ལག་ནས་རྒྱལ་དར་འཕྲོག་པ་དང་འབུད་རྒྱག་བཏང་བ་སོགས་དྲག་རྒོལ་བྱས་པ་མ་ཟད། ས་གནས་ཉེན་རྟོག་པས་དེར་བཀག་སྡོམ་མ་བྱས་པར་ཞི་རྒོལ་བ་ཚོར་དོན་མེད་རྡུང་རྡེག་ཕོག་པའི་གནད་དོན་བྱུང་ཡོད་པ་མངོན་གསལ་དང་སྦྲགས། རྒྱལ་སྤྱི་ཉེས་ཡངས་ཚོགས་པས་ངོས་ནས་སེམས་འཚབ་དང་འབྲེལ། ད་རེས་ཚོགས་པའི་ས་གནས་ལས་བྱེད་པ་རྣམས་ཀྱི་མཐོང་ཐོས་བྱུང་བའི་དྲག་རྒོལ་གྱི་གནད་དོན་དེ་ལྟ་བུ་ནི་ཨོ་གླིང་ནང་དུ་ཞི་བའི་ལས་འགུལ་གྱི་ཐོབ་ཐང་ལ་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་སྡུག་རྩུབ་འོག་མྱོང་བཞིན་པའི་མི་རིགས་དེ་དག་གིས་ཕྱིའི་རྒྱལ་ཁབ་ནང་དུའང་རྒྱ་ནག་རྒྱབ་སྐྱོར་བའི་སྡིགས་ར་དང་དྲག་རྒོལ་འོག་ལས་འགུལ་སྤེལ་མ་ཐུབ་པ་འདི་སེམས་འཚབ་ཀྱི་གནད་དོན་ཡིན་པ་གསུངས་འདུག

Tibetans harrased by Chinese Protester

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ད་དུང་། ཉེ་ཆར་ཚོགས་པའི་ངོས་ནས་ཕྱིའི་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག་གི་ནང་དུ་སློབ་གཉེར་བྱེད་བཞིན་པའི་ཧོང་ཀོང་དང་རྒྱ་རིགས་སློབ་ཕྲུག་རྣམས་ཀྱི་གནས་སྟངས་ཐོག་ཞིབ་འཇུག་ཀྱི་སྙན་ཐོ་འདོན་སྤེལ་གནང་བ་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་རང་གི་མི་སེར་ཕྱི་རྒྱལ་ཁབ་ཁག་ཏུ་ཆབ་སྲིད་ཀྱི་གནད་དོན་ནང་མཉམ་ཞུགས་བྱ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པས་རྒྱལ་སྤྱིའི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་མཁན་གྱི་རྒྱ་རིགས་དང་ཧོང་ཀོང་སློབ་ཕྲུག་རྣམས་དུས་རྟག་ཏུ་འཇིགས་སྐུལ་དོགས་སྲུང་འོག་གནས་བཞིན་ཡོད་པ་མངོན་གསལ་བྱུང་ཡོད་པ་དང་། དཀའ་ངལ་དེ་དག་ཨོ་གླིང་ནང་བཅའ་སྡོད་བོད་མི་དང་ཡུ་གུར་སྤྱི་ཚོགས་ཀྱི་མི་མང་རྣམས་ལ་ཡང་འཕྲད་བཞིན་ཡོད་སྟབས། ཁ་སང་ལས་འགུལ་ཐོག་བོད་དང་ཤར་ཏུར་ཀི་སི་ཐན་ཁུལ་དུ་ནང་མི་ཡོད་པ་མང་པོས་ངོ་གདོང་བཀབ་ནས་ངོ་རྒོལ་ནང་མཉམ་ཞུགས་གནང་ཡོད་པ་མངོན་གསལ་གྱིས། ཨོ་གླིང་སྲིད་གཞུང་དང་ཉེན་རྟོག་པས་ཞི་བའི་ལས་འགུལ་བ་དེ་དག་གི་ཐོབ་ཐང་དང་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པའི་ནན་སྐུལ་གནང་འདུག

Tibetans harrased by Chinese Protester
Source: AAP Lukas Coch

ལྷག་པར་དུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཞི་བའི་ངོ་རྒོལ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་འོག་ཉེན་རྟོག་པ་རྣམས་ལ་ཞི་བའི་ལས་འགུལ་བ་རྣམས་ཀྱི་རང་དབང་དང་ཐོབ་ཐང་ལ་གུས་བརྩི་དང་སྲུང་སྐྱོབ་ཀྱི་འགན་དབང་ཡོད་པའི་ཁྲོད། མང་ཚོགས་རྣམས་ཉེན་ཁ་མེད་པའི་ཐོག་ནས་ཞི་བའི་ལས་འགུལ་སྤེལ་རྒྱུའི་མཐུན་འགྱུར་སྦྱར་དགོས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་ནང་ངོ་རྒོལ་གནང་མཁན་དང་རྒོལ་ལན་བྱས་མཁན་གཉིས་དབྱེ་བ་ཕྱེ་སྟེ་མང་ཚོགས་ལྷིང་འཇགས་ངང་ངོ་རྒོལ་བྱ་བཅུག་དགོས་པ་སོགས་ཀྱི་ལམ་སྟོན་ཡོད་པ་དེ་ལྟར་ཡང་། ཁ་སང་ཨོ་གླིང་ཉེན་རྟོག་པས་ངོ་རྒོལ་བ་དང་རྒོལ་ལན་པ་རྣམས་ལོགས་སུ་དབྱེ་ཐུབ་མེད་པའི་རྐྱེན་གྱིས་དྲག་རྒོལ་གྱི་གནད་དོན་དེ་དག་བྱུང་ཡོད་སྐོར་གསུངས་ཏེ། ཨོ་གླིང་ཉེན་རྟོག་པས་ངོ་རྒོལ་བ་ཡོངས་ཀྱི་བདེ་འཇགས་གྱི་འགན་ལེན་བྱ་དགོས་པ་གསུངས་འདུག

Canberra tibetan protest

ཁ་སང་རྒྱ་ནག་གི་སྲིད་བློན་ Li Qiang ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་དུ་བསྐྱོད་སྐབས་ས་གནས་བོད་མི་ ༥༠༠ ལྷག་གི་དབུས་པའི་རྒྱ་ནག་གི་རྡུག་རྩུབ་མྱོང་བཞིན་པའི་ཡུ་གུར་བ་དང་ཧོང་། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བསྐད་བོད་ཀྱི་ལས་འགུལ་སྤེལ་བ་དང་འབྲེལ་ནས་དི་ག་རླུང་འཕྲིན་ཁང་གིས་ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པའི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་དང་། ཨོ་སི་ཊོ་ལི་ཡའི་ཉེས་ཡངས་ཚོགས་པའི་སྐུ་ཚབ་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས། དེ་བཞིན་ཆབ་སྲིད་བཙོན་ཟུར་ཟླ་སྒྲོན་ལགས་དང་ཨོ་སི་ཊོ་ལོ་ཡའི་ V-tag དྭངས་བོད་དོན་ཞུ་གཏུགས་རུ་ཁག་གི་ཚོགས་མི་སྐལ་བཟང་སྒྲོལ་དཀར་ལགས་སུ་བཀའ་འདྲི་ཞུས་པའི་སྐབས་སུའང་ཁོང་རྣམས་ཀྱིས་ཁ་སང་རྒྱ་ནག་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་མི་དང་ལས་འགུལ་བ་གཞན་ཐོག་དྲག་རྒོལ་བྱས་ཡོད་པའི་སྐོར་གསུངས་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།