TAG
བཙན་བྱོལ།
༸གོང་ས་མཆོག་གིས་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭ་དབུ་འབྱེད་དང་བརྟན་བཞུགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་པ།
བོད་མིའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་རྒྱུད་སྟོད་གྲྭ་ཚང་དུ་ཆིབས་བསྒྱུར་བཀྲིན་དང་འབྲེལ་གྲྭ་ཚང་དེ་ཉིད་ཀྱི་ཆོས་རྭ་གསར་པ་དབུ་འབྱེད་བཀའ་དྲིན་བསྐྱངས་པ་མ་ཟད། ༸རྒྱལ་བའི་གོ་སྟོན་དང་བསྟུན་གྲ་ཚང་དེ་ཉིད་ཀྱི་མཁན་བླ་འདུས་སྤྱི་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟེན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
https://youtu.be/J4354jashgY?si=XN_JG5RY7f-xovAz
དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ པ་ཡས་མས་སུ་གྲ་ཚང་གི་ཆོས་རྭ་གསར་པའི་མདུན་ཐང་དུ་ཞབས་སོར་འཁོད་སྐབས་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་ནས་ལག་ཏུ་མཇལ་དར་དང་མེ་ཏོག་སྤོས་སོགས་བསྣམས་ནས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། མཁན་རིན་པོ་ཆེ་ནས་མཇལ་དར་སྒྲོན་འབུལ་དང་ལས་སྣེ་རྣམས་ནས་སྤོས་སྣེས་དྲངས་ཏེ་༸གང་ཉིད་ལ་ཕེབས་བསུ་ཞུས་ཏེ། ཆོས་རྭ་གསར་པ་དབུ་འབྱེད་ཀྱི་དར་ཚོན་ཡོལ་བ་གཅོད་འབྲེག་དང་། དེ་ནས་ཆོས་རྭའི་འདུ་ཁང་ནང་དུ་ཆིབས་བསྒྱུར་མཛད་སོང་།
ཆོས་རྭ་དབུ་འབྱེད་དང་བརྟན་བཞུགས་ཀྱི་མཛད་སྒོ་དེའི་ཐོག་སྐྱབས་རྗེ་ཡོང་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་ངག་དབང་སྦྱོར་ལྡན་རིན་པོ་ཆེ་མཆོག །སློབ་དཔོན་ཆེན་མོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ Sudhir Sharma ལགས་མ་ཟད། རྒྱུད་སྟོད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་ཁང་སེར་རིན་པོ་ཆེ་མཆོག་དང༌། སྐྱབས་རྗེ་བླ་ཡང་སྟེང་རིན་པོ་ཆེ་མཆོག་གི་དབུས་འདུས་དམངས་དང་མང་ཚོགས་བཅས་སྟོང་ཕྲག་བརྒལ་བ་ནས་མཉམ་ཞུགས་གནང་སོང་།
ལྷག་པར་དུ་དེ་རིང་གི་སྐལ་བཟང་གི་དུས་ཚིགས་དེའི་ཐོག རྒྱུད་སྟོད་གྲྭ་ཚང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་ལ་གྲྭ་ཚང་དེ་ཉིད་ཀྱི་མཁན་ཆེན་རྡོ་རྗེ་འཆང་ཆེན་མོའི་མཚན་གནས་འབུལ་བཞེས་མཛད་པ་དང་། མཚན་གནས་གཟེངས་བསྟོད་དུ། མཁན་རིན་པོ་ཆེ་དང༌། བླ་མ་དབུ་མཛད།...
སྲིད་སྐྱོང་མཆོག་ནས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་ཀྱིས་རྒྱ་ནག་གི་བྱ་འགུལ་ལ་གདོང་ལེན་དགོས་པའི་འབོད་སྐུལ།
སྲིད་སྐྱོང་མཆོག་ནས་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་གནང་སྟེ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག །དེ་བཞིན་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ནག་གི་འཁྱོག་བཤད་ལ་རྒོལ་ལན་བཅས་དོན་ཚན་གསུམ་གྱི་ཐོག་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཉེ་ལམ་ཟླ་འདིའི་ཕྱི་ཚེས་ ༢༣ ནས་དབུ་འཛུགས་ཀྱིས་ཁ་སང་ཕྱི་ཚེས་ ༢༦ བར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཁེ་ན་ཌར་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད། སྲིད་སྐྱོང་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་ཀྱིས། ཁེ་ན་ཌའི་གཞུང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་བཞིན་པ་དེར་གདོང་ལེན་གནང་དགོས་པ་དང་། བོད་མི་རིགས་ཀྱི་སྐད་དང་ཆོས་རིག་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་དང་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་གྱི་ལས་འགུལ་རྒྱ་སྐྱེད་གཏོང་ཕྱིར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཟིན་པར་རྒོལ་ལན་གནང་དགོས་པ། མ་ཟད་བོད་དེ་སྔ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ལོ་རྒྱུས་ཀྱི་བྱུང་རབས་ཐོག་རྫུན་གཏམ་འཁྱོག་བཤད་སྤེལ་བཞིན་པ་ལ་རྒོལ་ལན་དགོས་པ་བཅས་གཙོ་བོ་དོན་ཚན་གསུམ་གྱི་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག
སྲིད་སྐྱོང་མཆོག་གིས་ད་དུང་། བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ནམ་ཡང་བྱུང་མྱོང་མེད་པ་ནན་བརྗོད་གནང་བ་དང་སྦྲགས། བོད་ཀྱི་དངོས་ཡོད་ལོ་རྒྱུས་འདིའི་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་པ་དེས་རྒྱ་ནག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པར་གནོན་ཤུགས་སྤྲོད་ཐུབ་ཀྱི་ཡོད་པ་གསུངས་འདུག
སྤྱིར་ཐེངས་འདིའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཁེ་ན་ཌར་གཞུང་འབྲེལ་མཚམས་གཟིགས་དེ་བཞིན་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས་ཀྱིས་རྐང་འགན་བཞེས་པའི་ཐོག་གོ་སྒྲིག་ཞུས་པ་ཞིག་དང་། སྲིད་སྐྱོང་མཆོག་ཡུལ་དེའི་ནང་འཚམས་གཟིགས་གནང་བཞིན་པའི་སྐབས་སུ། སྐུ་ཞབས་ཁོང་གིས་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་། ...
ཨ་རིའི་ས་གནས་བོད་མི་རུ་ཁག་ཅིག་ནས་ཁུལ་དེའི་ཉམ་ཐག་ཡུལ་མི་ཚོའི་ཆེད་དུ་མ་དངུལ་བསྡུ་རུབ་ཀྱི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་འདུག
ཨ་རིའི་ Massachusetts མཱེ་ས་ཆུ་སེཊ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་སྣེ་ཁྲིད་འོག་གི་བོད་མི་རུ་ཁག་ཅིག་ནས་ 17th Annual March for the Food Bank ཞེས་ཁུལ་དེའི་ནང་གི་ཉམ་ཐག་ཚོའི་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་ཕྱིར་དུ་མ་དངུལ་བསྡུ་རུབ་ཀྱི་གོམ་བགྲོད་ལས་འགུལ་ཐེངས་ ༡༧ པའི་ནང་མཉམ་ཞུགས་གནང་འདུག་པ་དང་། ཉིན་གྲངས་གཉིས་རིང་སྤྱི་ལེ་ ༧༤ ལྷག་གི་གོམ་བགྲོད་ལས་འགུལ་དེ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱང་ཡོད་པ་རེད་འདུག
རྩ་བའི་ The March for the Food...
བོད་ཀྱི་གནད་དོན་མ་སེལ་བར་དུ་ཨེ་ཤི་ཡའི་བརྟན་ལྷིང་སྤྱི་དང་ཆུའི་བདེ་འཇགས་ལ་འགོག་རྐྱེན་མུ་མཐུད་གནས་རྒྱུ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཁེ་ན་ཌའི་ Halifax རྒྱལ་སྤྱིའི་གླེང་སྟེགས་ཐེངས་ ༡༨ པའི་ཐོག་མཉམ་ཞུགས་དང་འབྲེལ་གསུང་བཤད་གནང་བའི་ཁྲོད། བོད་ཀྱི་གནད་དོན་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་མཚམས་ཀྱི་གནད་དོན་ཙམ་མ་ཡིན་པར། འཛམ་གླིང་སྤྱིའི་བདེ་འཇགས་དང་། བྱེ་བྲག་ཏུ་ཁོར་ཡུག་གི་བརྟན་ལྷིང་། ཆུའི་བདེ་འཇགས། དེ་བཞིན་མང་གཙོ་དང་རང་དབང་གི་འཐབ་རྩོད་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དེར་གདོང་ལེན་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་གལ་ཆེ་བ་དང་འབྲེལ། ཇི་སྲིད་བོད་ཀྱི་གནད་དོན་དེ་མ་སེལ་བར་དུ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་བརྟན་ལྷིང་དང་། ཆུའི་བདེ་འཇགས་ལ་འགོག་རྐྱེན་མུ་མཐུད་གནས་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་ཉེ་ལམ་ཟླ་བ་འདིའི་ཚེས་ཕྱི་ཚེས་ ༢༠ ནས་ ༢༢ དབར་ཁེ་ན་ཌའི་ Novo Scotia གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Halifax International...
རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ།
ཟླ་བ་འདིའི་ཚེས་ ༢༣ ནས་དེ་རིང་ཚེས་ ༢༥ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་དང་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག །རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་ ༤ པ་འཚོགས་འདུག
དེ་ཡང་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཉིན་དང་པོའི་ཕྱག་ཚོད་ ༩།༣༠ ཐོག་བགྲོ་གླེང་གི་དབུ་འབྱེད་མཛད་སྒོ་འཚོགས་འདུག་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་དང་། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག །སེར་བྱེས་ཁྲིམས་བདག་དགེ་བསྐོས། དེ་བཞིན་ཕྱག་མཛོད་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་རིས་མེད་ཀྱི་མཁས་དབང་རྣམ་པ་དང་། ཐའེ་ལེནྜ་ནས་ཕེབས་པའི་དགེ་སློང་རྣམ་པ་དང་། གྲྭ་ཚང་གི་དཔེ་ཁྲིད་རྒན་ལགས་རྣམ་པ། དགེ་བཤེས་དང་སློབ་གཉེར་བ་སོགས་ལྷན་ཞུགས་གནང་འདུག
དབུ་འབྱེད་མཛད་སྒོའི་ཐོག་རིས་མེད་མཐུན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་འགྱུར་མེད་རྡོ་རྗེ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་གིས་གཙོ་བོ་ཆོས་བརྒྱུད་ཚང་མས་མཐུན་སྒྲིལ་གནང་ཐུབ་ན་མི་རིགས་ནང་ཁུལ་ལ་རང་བཞིན་གྱི་མཐུན་ལམ་ཡོང་རྒྱུ་སྨོས་མེད་ཡིན་ལ། ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་དགོས་གལ་ཆེ་བའི་གསུང་བཤད་གནང་བ་དང་། དེ་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝཱ་ཎ་མཐོ་སློབ་ཀྱི་རྒྱ་གཞུང་སློབ་དཔོན་དགེ་བཤེས་དབང་གྲགས་ལགས་ནས་རིས་མེད་མཐུན་ཚོགས་ཀྱི་ངོ་སྤྲོད་དང་བགྲོ་གླེང་གོ་སྒྲིག་གི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་བ་དང་འབྲེལ། ད་བར་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ནས་རྒྱལ་ཡོངས་ནང་ཆོས་བགྲོ་གླེང་ཐེངས་ ༣...
ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ངོ་སྤྲོད་ལ་དམིགས་པའི་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་ཞིག་དབུ་འབྱེད་གནང་འདུག
https://youtu.be/DeROkL9jEcI?si=SXrUSFh2bNIDbGiO
ཁ་ཉིན་ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་རླུང་རྟ་མགྲོན་ཁང་དུ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། རླུང་རྟ་མགྲོན་ཁང་གི་སྦྱིན་བདག་བཅས་ལྷན་འཛོམས་ཐོག་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་འདུག་ཅིང་། དེ་ནི་གཙོ་བོ་ཉེ་བའི་ལོ་ཤས་ནང་རྒྱ་གར་རྒྱལ་ཡོངས་སུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་བཞིན་ཡོད་པ་དང་དེའི་ནང་ནས་བོད་མིའི་གཞིས་ཆགས་ཁག་གི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་དག་ཅིག་སླེབས་ཡོད་པའི་ཁྲོད་ཀོ་ལེ་གྷལ་དོན་ལྡན་གླིང་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་གནས་སྟངས་ལ་གཟིགས་རྟོག་གནང་ཕྱིར་བོད་མིའི་མཁས་ལས་མི་སྣ་ཆེད་འབོད་ཀྱིས་སྒྲུབ་དོན་བརྙན་ཞིག་འདོན་སྤེལ་གནང་ཡོད་པར་གཞི་བཞག་གིས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པ་ཞེས་པ་ཞིག་ཆེད་འཛུགས་གནང་ཡོད་སྟབས། ཚན་པ་འདིས་ད་རེས་ཀོ་ལེ་གྷལ་གཞིས་ཆགས་ནང་གི་བོད་མི་སྒེར་བདག་མགྲོན་ཁང་ཞིག་དང་ཟུང་འབྲེལ་གྱིས་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་ཞིག་སྤེལ་བའི་བརྒྱུད་གཞི་ཆགས་སྲ་བརྟན་གནས་རྒྱུ་ཙམ་མ་ཟད། གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་དང་གཞི་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་ཡོང་ཐབས། ལྷག་པར་དུ་ཡུལ་སྐོར་སྤྲོ་འཆམ་པའི་ཁྲོད་བོད་མིའི་ཆོས་དང་རིག་གཞུང་དར་སྤེལ་གཏོང་རྒྱུ་བཅས་ཀྱི་དམིགས་ཚད་བཟུང་ཡོད་པ་རེད་འདུག
འདི་གའི་གསར་འགོད་པས་ལས་གཞི་དེ་དང་འབྲེལ་ནས་ཀོ་ལེ་གྷལ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད།
རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་འདིའི་ཆེད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པས་སྤུས་ཚུད་ལྡན་པའི་རྐང་འཁོར་ཆེ་ཆུང་འདྲ་མིན་བཅུ་ཙམ་མཁོ་སྤྲོད་གནང་འདུག་ཅིང་། དེ་ལ་རླུང་རྟ་མགྲོན་ཁང་གི་སྦྱིན་བདག་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་འགན་ཁུར་བཞེས་པའི་ཐོག་གཞིས་ཆགས་ཀྱི་མཛེས་ལྗོངས་ལྡན་པའི་ལམ་ཕྲན་དང་གྲོང་གསེབ་ཀྱི་ཡུལ་ལྗོངས། རིག་གཞུང་གི་མཛེས་སྡུག་བཅས་རྐང་འཁོར་བཞོན་ནས་ཉམས་སུ་མྱོང་ཐུབ་པའི་ཆེད་ཞོགས་པའི་རྐང་འཁོར་སྐྱོད་ལམ་ལ་སྤྱི་ལེ་ ༡༡ བཞག་ཡོད་པ་དང་དེ་བཞིན་ཕྱི་དྲོའི་རྐང་འཁོར་སྐྱོད་ལམ་ལ་སྤྱི་ལེ་ ༦ བཞག་ཡོད་པ་མ་ཟད། གཞིས་ཆགས་ནང་གི་བོད་མི་གཞོན་སྐྱེས་རྣམས་ལ་རྐང་འཁོར་ལམ་སྟོན་པའི་ལས་ཀའི་གོ་སྐབས་བསྐྲུན་པའི་བརྒྱུད་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གཞིས་ཆགས་ཀྱི་མཛེས་སྡུག་ལྡན་པའི་ས་ཚིགས་ཁག་ཅིག་ལ་འཁྲིད་རྒྱུ་དང་དེ་མིན་རང་གི་འགྲོས་དང་བསྟུན་ནས་ཉིན་གཅིག་གི་རིང་ལ་རྐང་འཁོར་གླ་གཡར་ཆོག་པའི་མཐུན་རྐྱེན་ཡང་བསྐྲུན་ཡོད་པ་རེད་འདུག
རྩ་བའི་ཀོ་ལེ་གྷལ་དོན་ལྡན་གླིང་གཞི་ཆགས་ནང་དབུ་འབྱེད་གནང་བའི་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་འདི་བཞིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པས་བོད་མིའི་གཞིས་ཆགས་ཁག་ ༤༨ ཡོད་པའི་ནང་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་སླེབས་སའི་གཞིས་ཆགས་ཁག་གསུམ་སྟེ་ཀོ་ལེ་གྷལ་དོན་ལྡན་གླིང་དང་ལ་དྭགས་བསོད་ནམས་གླིང་། དེ་བཞིན་སྦེལ་ཀོབ་བཅས་གསུམ་འདེམས་སྒྲུག་གིས་དེ་དག་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བཟོ་སྐྲུན་བྱེད་ཐུབ་ཚེ་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་དང་བོད་མིའི་ཆོས་དང་རིག་གཞུང་དར་སྤེལ་ཡོང་བར་ཕན་ཐོགས་ཡོད་པར་གཟིགས་ནས་གནང་བ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ལས་གཞི་འདི་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་མ་གཏོགས་གཞན་གཞིས་ཆགས་གཉིས་ནང་དེ་སྔོན་ཨ་རིའི་རོགས་ཚོགས་ཀྱི་རོགས་དངུལ་གནས་སྐབས་བཀག་འགོག་བྱས་པའི་རྐྱེན་གྱིས་སྤེལ་མ་ཐུབ་པར་ལྷག་ཡོད་འདུག
ལོ་རྒྱུས་ཐོག་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པ་རེད་ཅེས་གསུངས་འདུག
རྒྱ་ནག་གི་ཡིག་ཆ་ནང་ལའང་བོད་དེ་བཞིན་རྒྱ་ནག་གི་མངའ་འོག་ཏུ་ཚུད་མྱོང་བའི་དཔང་རྟགས་གང་ཡང་མེད་པ་རེད་ཅེས་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བྱང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་ཁྲོད། ཁ་སང་ཚེས་ ༡༨ དགོང་མོར་བྱང་ཀེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་མིང་མང་རྣམས་ལ་གཏམ་བཤད་དང་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་སྐོང་འཚོགས་གནང་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་ལགས་དང་། ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། དེ་བཞིན་བྱང་ཀེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་མཚོ་ལགས་དང་མི་མང་བཅས་མཉམ་ཞུགས་གནང་འདུག
གཏམ་བཤད་དང་སྦྲགས་སྲིད་སྐྱོང་མཆོག་གིས་འབུམ་རམས་པ་སློབ་དཔོན་ Hon-Shiang Lau ལགས་ཀྱི་བྲིས་པའི་བོད་འདི་ནམ་ཡང་བོད་ཀྱི་ཆ་ཤས་མ་རེད་ཅེས་པའི་དཔེ་དེབ་ངོ་སྤྲོད་གནང་བའི་བརྒྱུད། བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པ་དེ་ནི་ཁ་སྟོང་པ་ཙམ་མ་ཡིན་པར་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་པ་མ་ཟད། རྒྱ་ནག་གི་ཡིག་ཆ་ཁག་ལ་གཞི་བཅོལ་ནས་བོད་འདི་ས་ཆའི་བདག་དབང་དང་ཁྲལ་བསྡུ་བཅས་གང་གི་ཐོག་ནས་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པ་གསལ་སྟོན་གནང་འདུག
མ་ཟད་སྲིད་སྐྱོང་མཆོག་གི་དེང་སྐབས་རྒྱ་ནག་གིས་ཕྱོགས་ནས་གསེར་བུམ་དཀྲུག་པའི་ལམ་ལུགས་བརྒྱུད་ནས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ལ་ཐེ་བྱུས་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གི་ཡིག་ཆ་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་གནང་བའི་བརྒྱུད་གསེར་བུམ་དཀྲུག་དོན་གྱི་སྐོར་གང་ཡང་གསལ་གྱི་མེད་པ་དང་བོད་ཀྱི་བླ་སྤྲུལ་ཡང་སྲིད་བྱེད་ཕྱོགས་ཐད་གསེར་བུམ་དཀྲུག་པའི་ལམ་ལུགས་ཡོད་པའི་དཔང་རྟགས་གང་ཡང་མེད་པ་རེད་ཅེས་ནན་བརྗོད་དང་སྦྲགས། བོད་པའི་གཞོན་སྐྱེས་དང་ལོ་རྒྱུས་ལ་དོ་སྣང་ཡོད་པ་རྣམས་ནས་ངེས་པར་དུ་གནད་དོན་དེ་དག་ཤེས་དགོས་ངེས་ཡིན་པ་གསུངས་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་ལྟ་བ་ལངས་ཕྱོགས་མི་འདྲ་བ་ཡོད་ནའང་། ལྟ་བ་དེ་དག་གི་བརྒྱུད་ནས་ནང་འཁྲུག་རྒྱག་པ་ལས་རྒྱ་ནག་ལ་ཕར་ཁ་ཕྱོགས་ནས་འཐབ་རྩོད་གནང་དགོས་གལ་ཡིན་པ་མ་ཟད། ལྟ་བ་ལངས་ཕྱོགས་ལ་བརྟེན་ནས་ནང་འཁྲུག་རྒྱག་པ་ཡིན་ན་བོད་པའི་སྤྱི་ཚོགས་ཀྱི་ནུས་པ་ཡོད་པ་དེ་རིམ་པའི་ཉམས་རྒྱུད་དུ་འགྲོ་སྲིད་པ་དང་འཆམ་མཐུན་གྱི་རྨང་གཞི་ལ་དོ་ཕོག་གཏོང་སྲིད་པ་རེད་ཅེས་ནན་བརྗོད་དང་སྦྲགས། བོད་མི་ཚང་མས་དམིགས་ཡུལ་གཅིག་གི་ཐོག་ལ་གོམ་པ་མདུན་སྤོ་གནང་དགོས་པ་གསུངས་འདུག
ལས་རིམ་ལྟར་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་དང་སྦྲགས། སང་ཉིན་ནས་བཟུང་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་མ་ཟད། སྐབས་དེར་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་ས་གནས་ཀྱི་བོད་མི་རྣམས་དང་ལྷན་ཐུག་འཕྲད་གནང་རྒྱུ་ཡིན་པ་དང་། རིམ་པའི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མི་གཞིས་ཆགས་གཙོས་པའི་ས་གནས་ཁག་གཅིག་ལ་ཆེད་ཕེབས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༢༠ བར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད་འདུག
ཧི་མ་ཅལ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཁག་ཅིག་ནས་༸གོང་ས་མཆོག་ལ་མཇལ་བཅར།
ཁ་སང་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ཧི་མ་ཅལ་མངའ་སྡེའི་ཀོང་རེ་སི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཁག་ཅིག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་འབྲེལ། རྒྱ་གར་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རྒྱུན་རིང་ཤོས་གནང་མྱོང་མཁན་དང་ད་ལྟ་ཀོང་རེ་སིའི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་ Sonia Gandhi སཱོ་ནི་ཡ་གཱན་དྷི་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དཔར་ཕུད་ཞིག་ཕུལ་འདུག
དེ་ཡང་ ANI བརྒྱུད་ལམ་གྱིས་ཁ་སང་ཕྱི་ཚེས་ ༡༦ ཉིན་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཁ་སང་ All India Congress Committee in-charge for Himachal Pradesh རྒྱ་གར་རྒྱལ་ཡོངས་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཧི་མ་ཅལ་མངའ་སྡེའི་འགན་འཛིན་...
ཁེ་ན་ཌ་དང་འཇར་མ་ནི་གྲོས་ཚོགས་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་བརྒྱུད་བོད་ནང་མི་རིགས་རྩ་མེད་གཏོང་བཞིན་པ་ཐེར་འདོན།
ཁེ་ན་ཌ་དང་འཇར་མ་ནི་གྲོས་ཚོགས་འཐུས་མི་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ནི་དོན་དངོས་ལ་མི་རིགས་རྩ་མེད་དུ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་མངོན་གསལ་དང་སྦྲགས། སེམས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་འདུག
དེ་ཡང་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་། ཁ་སང་ཚེས་ ༡༦ ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱི་འགྲོ་བ་མའི་ཐོབ་ཐང་ཚན་པའི་ངོས་ནས་ཉན་ཞིབ་ཀྱི་ལས་རིམ་ཞིག་འཚོགས་གནང་བ་དང་འབྲེལ། སྐབས་དེར་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། བོད་ཀྱི་སྤྱི་ཚོགས་རིག་པའི་མཁས་དབང་འབུམ་རམས་པ་རྒྱལ་ལོ་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་བཅས་ནས་མཉམ་ཞུགས་གནང་འདུག
ཉན་ཞིབ་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལག་བསྟར་འགོ་འཛུགས་བྱས་པ་ནས་བཟུང་། ཕྱི་ཟླ་ ༨ ནས་ ༩ པའི་བར་ཉུང་མཐར་བོད་ནང་སློབ་གྲྭ་གསུམ་གཏན་འཇགས་ཀྱིས་སྒོ་བརྒྱབ་བཅུག་ཡོད་པ་མངོན་གསལ་དང་འབྲེལ། ཁྲིམས་ཡིག་དེ་ནི་མི་རིགས་མཐུན་སྒྲིལ་བྱེད་རྒྱུ་ལས་ལྡོག་ཏེ་མི་རིགས་རྩ་མེད་གཏོང་གི་ཡོད་པ་དང་། བོད་གཙོས་པའི་ཡུ་གུར་མི་རིགས། དེ་བཞིན་ནང་སོག་བཅས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རྩ་མེད་དུ་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་ནན་བརྗོད་གནང་བ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་རྒྱ་ནག་རྒྱལ་ཡོངས་ནང་གི་སློབ་གྲྭ་དང་སྤྱི་ཚོགས་ནང་རྒྱ་སྐད་ཁོ་ནའི་བརྒྱུད་ནས་སློབ་སྦྱོང་སྦྱངས་དགོས་པ་དང་། མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཐོག་ལ་སློབ་སྦྱོང་སྦྱང་རྒྱུའི་རང་དབང་ཡོངས་རྫོགས་མེད་པ་རེད་ཅེས་ནན་བརྗོད་གནང་འདུག
དེ་བཞིན་བུ་ཆུང་ཚེ་རིང་ལགས་ཀྱིས་ད་ལྟའི་ཆར་བོད་ནང་གི་བྱིས་པ་རྣམས་ལ་ཆུང་དུས་ནས་རྒྱ་ནག་དམར་ཤོག་གི་བསམ་བློ་དང་ལྟ་བ་སོགས་སློབ་ཁྲིད་བྱེད་བཅུག་ནས་མ་འོངས་པར་རིག་གནས་གསར་བརྗེ་སྐབས་ཀྱི་དུས་ཚོད་སླར་ཡང་ཡོང་སྲིད་པའི་ཉེན་ཁ་ཡོད་པ་སེམས་འཚབ་དང་སྦྲགས། ཁྲིམས་ཡིག་དེའི་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ནང་བཞུགས་པའི་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་ཉེན་ཁ་ཡོིང་སྲིད་པ་མ་ཟད། ཁེ་ན་ཌའི་མི་སེར་ཡིན་པ་བོད་པ་རྣམས་ལའང་ཁྲིམས་ཡིག་དེའི་བརྒྱུད་ནས་ཉེན་ཁ་ཡོད་པ་དང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་སྲིད་པའི་ཉེན་ཁ་ཡོད་པ་ནན་བརྗོད་གནང་འདུག
ཕྱོགས་མཚུངས་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་Volker Turk...




