༸གོང་ས་མཆོག་གི་རྒྱ་གར་ནང་གི་མཛད་འཆར་ཁག་གཅིག་ཐུགས་གཏན་ཁེལ་བ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་ལྷོ་ཕྱོགས་སྦེལ་ཀོབ་བོད་མའི་གཞིས་ཆགས། དེ་བཞིན་གནས་མཆོག་རྡོ་རྗེ་གདན་བཅས་སུ་ཆིབས་བསྒྱུར་བཀྲིན་མཛད་དེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་གཅིག་མཛད་གཏན་ཁེལ་འདུག

དེའང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༧ ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ བར་གྱི་མཛད་འཆར་ཁག་གཅིག་ཡོང་གྲགས་གནང་ཡོད་པ་དང་། བཞུགས་སྒར་ཕྱི་ཕྱོགས་ཀྱི་མཛད་འཆར་ཐོག་མར་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་བཀྲ་ཤིས་ལྗོངས་ཁམས་པ་སྒར་གྱི་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་གསར་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་རྒྱུ་རེད་འདུག

དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༢ ནས་ ༤ ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་བཀའ་ཆོས་སྩལ་རྒྱུ་ཡིན་པ་རེད།

དེ་རྗེས་ཕྱི་ཟླ་ ༡༠ ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་གྱིས་ཐོག་མར་ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་རིང་མངའ་སྡེ་དེའི་དད་ལྡན་རྗེས་འབྲང་པ་རྣམས་ལ་གཙོ་བོར་དམིགས་ཏེ། ཚེས་ ༡༡ ཉིན་གྱི་སྔ་དྲོ་སྒང་ཏོག་གི་དཔལ་འབྱོར་རྩེད་ཐང་དུ་༸རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་རྒྱུ་དང་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༥ ཉིན་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་གསང་ཆེན་དཔལ་ལྡན་སྲད་རྒྱད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

ཕྱོགས་མཚུངས་སུ་ཕྱི་ཟླ་ ༡༡ ཚེས་ ༢༦ ནས་ཕྱི་ཟླ་ ༡༢ ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་དང་ཧུན་སུར་གཉིས་སུ་བཀའ་ཆོས་དང་བཀའ་དབང་། བརྟན་བཞུགས་སོགས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་དོན་ལྟར། ཕྱི་ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་སྨད་གྲྭ་ཚང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ་རྒྱུ་དང་དེ་རྗེས་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་སེར་བྱེས་གྲྭ་ཚང་དུ་སྒྲོལ་དཀར་གྱི་ཚེ་དབང་བཀྲིན་སྩལ་རྒྱུ་ཡིན་པར་མ་ཟད། ཕྱི་ཚེས་ ༩ ཉིན་གདན་ས་བཀྲ་ཤིས་ལྷུན་པོར་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།

ཕྱི་ཚེས་ ༡༣ ཉིན་༸དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གསང་བ་འདུས་པའི་རིམ་ལྔ་ཁྲིད་བསྡུས་པའི་བཀའ་ཁྲིད་མཛད་རྒྱུ་བཅས་རྒྱལ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ཀྱི་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༡ ཉིན་གྲངས་གཉིས་རིང་གི་སྔ་དྲོ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་བཀའ་ཁྲིད་དང་དེ་བཞིན་ཚེས་ ༣༡ ཉིན་གྱི་སྔ་དྲོ་༸རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། ལྷག་དོན་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་༸སྐུ་པར་ཁག་གི་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026