Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཉེར་ལྔའི་དུས་སྟོན་སྲུང་བརྩི།

Tibetan News Headlines

  • Dalai Lama congratulates president Murmu on her 66th birthday
  • China places stringent restrictions on access to sacred Tibetan religious site in Golok
  • Tibetans worldwide hold prayer vigils for Dalai Lama’s successful knee surgery
  • Xi’s visit to Tibetan areas in Qinghai shows continuation of his Sinicization policy
  • Australian Tibetan protestor hospitalized after attack by China supporter during Li Qiang’s visit
  • US approves new $360 million arms sale to Taiwan for drones, related equipment

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༠

  • ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Murmu མཆོག་གི་སྐྱེས་སྐར་ཉིན་འཚམས་འདྲི་སྩལ་བ། མགོ་ལོག་ཁུལ་གྱི་གནས་ཆེན་གཉན་པོ་གཡུ་རྩེ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས།
  • བོད་མི་ཚོས་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་འདུག
  • ཞི་ཅིན་ཕིང་གི་མཚོ་སྔོན་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱེད་བཞིན་པའི་རྣམ་པ་རེད།
  • ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
  • ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ།

དེ་རིང་ Buddha Purnima ཞེས་འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ Bharat Tibbat Sahyog Manch ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་སོང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོ་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་བར་བོད་མིར་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་སྦྲགས། དེ་རིང་གི་དུས་ཚིགས་དང་བསྟུན་འཕགས་བོད་གཉིས་ཀྱི་དབར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་འབྲེལ་ལམ་དམ་ཟབ་ཡོད་པའི་དེ་བྱུང་ལུང་འདྲེན་མཛད་པར་མ་ཟད། རྒྱ་གར་གཞུང་གིས་ད་བར་བཙན་བྱོལ་ནང་གི་བོད་མི་ཚོར་དེང་དུས་ཀྱི་ཤེས་ཡོན་དང་བོད་ཀྱི་ཐུན་མིན་ཆོས་རིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་མི་ཉམས་རྒྱུན་འཛིན་གནང་བར་ཉེར་མཁོའི་མཐུན་རྐྱེན་གང་ལེགས་གནང་བར་བརྟེན་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་པའི་ནང་སྲིད་དང་ཤེས་རིག་སོགས་དང་འབྲེལ་ཡོད་ལས་ཁུངས་ཁག་གི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་།

༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་ནས་དཔལ་ནཱ་ལནྡཱའི་ལྟ་གྲུབ་ཐོག་རིག་པས་དཔྱད་ནས་སློབ་གཉེར་མཛད་པ་དེས་ཐུགས་ཕན་ཞེ་དྲག་གསོས་པོ་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག དུས་ད་ལྟའང་མགོན་པོ་༸གང་ཉིད་མཆོག་གིས་སྔ་དྲོ་༸སྐུ་བཞེངས་མཛད་མ་ཐག་སངས་རྒྱས་ཀྱི་ཆོས་ཀྱི་བསླབ་བྱའི་ཐོག་ནས་གཞན་ཕན་གང་ཐུབ་མཛད་བཞིན་ཡོད་ཅེས་དང་གདན་ས་ཁག་གཙོས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཉམས་བཞེས་གནང་མཁན་ཚོར་ཡི་རངས་མཛད་པར་མ་ཟད་ཚང་མས་དེ་ལྟར་མུ་མཐུད་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།

མཛད་སྒོ་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Indresh Kumar ལགས་ཀྱིས་ཉེ་ལམ་༸གོང་ས་མཆོག་གི་མཚན་སྙན་ལ་དོ་ཕོག་བཟོ་ཐབས་བྱེད་མཁན་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེར་གནང་བ་དང་འབྲེལ་ནས་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དང་བོད་མིར་རང་བཙན་ནམ་རང་སྐྱོང་གི་ཁེ་དབང་རག་ཐབས་སླད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་འབྲེལ་ལམ་དམ་ཟབ་གནང་སྟེ་བོད་རྒྱའི་དཀའ་རྙོད་སེལ་ཐབས་གནང་དགོས་པ་སོགས་ཀྱི་གཞེན་སྐུལ་ནན་པོ་གནང་ཡོད།

སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Pankaj Goyal ལགས་ཀྱིས་དེ་སྔ་ལོ་ངོ་ ༢༤ སྔོན་ལ་༸གོང་ས་མཆོག་གིས་ཐུགས་རྗེའི་སྦྱིན་རླབས་དང་སྐུ་ཞབས་ Indresh Kumar ལགས་ཀྱིས་གཙོས་པའི་མི་སྣ་འདས་གསོན་མང་པོས་སྐུ་ངལ་འཛེམས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་བོན་བཏབ་པ་དེ་ད་ཆ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་པའི་ལྗོན་ཤིང་ལྟ་བུར་གྱུར་ཡོད་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ལོ་འཁོར་མོའི་རིང་ལ་རྒྱ་གར་གྱི་ས་ཁུལ་འདྲ་མིན་ཁག་ཏུ་ལས་རིམ་ཆེ་ཁག་ ༡༠ དང་གསར་འགོད་ལྷན་ཚོགས་སོགས་གོ་སྒྲིག་གནང་བའི་ཐོག་ནས་རྒྱ་ནག་ལ་བརྡ་ལན་ནན་པོ་སྤྲོད་རྒྱུ་ཡིན་ཞེས་དང་། རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ ༡༠༠ ཙམ་གྱི་ནང་རྒྱ་གར་གྱི་གཞོན་སྐྱེས་དང་ཤེས་ལྡན་མི་སྣ་དབར་བགྲོ་གླེང་གི་ལམ་ནས་བོད་དོན་གོ་རྟོགས་སྤེལ་རྒྱུ་ཡིན་པ་སོགས་གསུངས་སོང་།

དེ་རིང་གི་མཛད་སྒོ་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱ་གར་གྱི་ས་ཕྱོགས་འདྲ་མིན་ཁག་གཅིག་གི་ཚོགས་མི་མང་དག་ཅིག་གི་གཙོས་ཇམྨུ་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jugal Kishore Sharma ལགས། དྷ་ས་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kishan Kapoor ལགས་བཅས་ཆེད་ཕེབས་གནང་འདུག་པར་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཆབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་མང་ཚོགས་བཅས་ལྷན་འཛོམས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཆབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་པ་གསར་འཛུགས་གནང་བ་ནས་བཟུང་དུས་ད་ལྟར་བར་བོད་མི་དང་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཞེ་དྲག་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།