Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་ཆེ་བསྟོད་ཀྱིས་སྟོན་པའི་རིང་བསྲེལ་འབུལ་བཞེས་མཛད་པ།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཤྲཱི་ལངྐའི་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་སྤྱིའི་བདེ་རྩ་དང་ལྷག་དོན་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་སླད་རླབས་ཆེན་མཛད་འཁུར་བཞེས་བཞིན་པར་ཆེ་བསྟོད་ཞུས་པ་དང་སྦྲགས་ཏེ་སྟོན་པ་ཐུབ་པ་དབང་པོའི་རིང་བསྲེལ་ཞིག་འབུལ་བཞེས་མཛད་སོང་།

HHDL Buddha Relics SriLanka

དེ་ཡང་སྔ་དྲོ་ཕྱག་ཚོུད་ ༨་༣༠ ཡོལ་ཙམ་ལ་ཤྲཱི་ལངྐའི་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་གནས་བརྟན་ Waskaduwe Mahindawansa Mahanayake Thero ལགས་ཀྱིས་སྣེ་ཁྲིད་པའི་མི་གྲངས་ ༡༦ ལས་གྲུབ་པའི་དགོན་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཤྲཱི་ལངྐ་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་བྱུང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག དེ་བཞིན་དྷ་ས་ས་གནས་འགོ་འཛིན་དང་སེར་སྐྱ་མི་མང་སློབ་ཕྲུག་རྣམས་ཀྱིས་ཕྱག་ཏུ་དཀར་གཙང་གི་མཇལ་དར་བསྣམས་ཏེ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་བར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།

HHDL Buddha Relics SriLanka

Raja Guru Shri Subuti Mahavihara ཞེས་ཤྲཱི་ལངྐའི་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་རྟེན་གཙོ་སེར་སྐྱའི་གྲོང་ནས་རྙེད་པའི་སྟོན་པ་ཐུབ་པ་དབང་པོའི་རིང་བསྲེལ་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གདན་ཞུས་གནང་སྐབས་མགོན་པོ་༸གང་ཉིད་མཆོག་༸སྐུ་དངོས་སུ་ཕོ་བྲང་གི་གཟིམ་སྒོ་འགྲམ་དུ་ཆིབས་བསྒྱུར་མཛད་དེ་སྟོན་པ་ཐུབ་པའི་དབང་པོའི་རིང་བསྲེལ་ལ་ཐུགས་སྨོན་གསོལ་འདེབས་མཛད་པ་དང་། ཕོ་བྲང་དུ་གདན་འདྲེན་ཞུས་ནས་དུས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་བཀའ་མོལ་གནང་བའི་ཁྲོད་༸གོང་ས་མཆོག་གིས་བདག་ཅག་གི་སྟོན་པ་སངས་རྒྱས་བྱོན་པ་ནས་བཟུང་། འཛམ་གླིང་སྤྱི་དང་ལྷག་པར་དུ་དཔལ་ཎཱ་ལེན་ཌའི་ཆོས་བརྒྱུད་སངས་རྒྱས་ཀྱི་གསུང་ལ་དོ་སྣང་སླར་གསོ་བྱུང་ཡོད་པ་བཀའ་སྩལ་དང་སྦྲགས། ༸མགོན་པོ་གང་ཉིད་ནས་ད་བར་ཚན་རིག་པ་འགའ་ཞིག་ལ་མཇལ་མོལ་གནང་ཡོད་པས་དེ་དག་གིས་སངས་རྒྱས་ཀྱི་ཆོས་ནི་དད་པ་ཙམ་མིན་པར་མིའི་སེམས་ཁམས་རིག་པ་དང་འབྲེལ་བ་དམ་ཟབ་ཡོད་པར་དོ་སྣང་ཆེན་པོ་གནང་གི་ཡོད་པ་མ་ཟད། ཆོས་ལུགས་ལ་ཡིད་ཆེས་མེད་མཁན་གྱི་ཚན་རིག་པ་ཚོའི་ཁྲོད་དུ་ཡང་སངས་རྒྱས་ཀྱི་གསུང་ལ་དོ་སྣང་གནང་མཁན་མང་པོ་ཡོད་པ་ལམ་སྟོན་སྩལ་འདུག

HHDL Buddha Relics SriLanka

དེ་རིང་སྔ་དྲོའི་མཇལ་ཁ་གྲུབ་མཚམས་སུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གསར་འགོད་པའི་བཅར་འདྲིར་དང་བཞེས་ཀྱིས་ད་ལན་ཤྲཱི་ལངྐའི་དགོན་པའི་གནས་བརྟན་གཙོས་སྐུ་ཚབ་ཁག་ཅིག་ཆེད་མངགས་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་ཏེ་༸གང་ཉིད་མཆོག་ལ་སེངྒ་ལ་ནས་བསྣམས་ཕེབས་པའི་སྟོན་པ་ཐུབ་པའི་དབང་པོའི་རིང་བསྲེལ་དེ་འབུལ་བཞེས་གནང་དོན་གཙོ་བོ་ནི་༸གོང་ས་མཆོག་གིས་འཛམ་གླིང་སྤྱིའི་བདེ་རྩ་དང་ལྷག་དོན་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་སླད་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན་ཞུས་ཆེད་ཡིན་པ་གསུངས་སོང་།

HHDL Buddha Relics SriLanka

དེ་བཞིན་ཤྲཱི་ལངྐའི་ Raja Guru Shri Subuti Mahavihara དགོན་པའི་དབུ་བླ་ Waskaduwe Mahindawansa Mahanayake Thero ལགས་ཀྱི་གསུང་བསྒྱུར་བ་ལྕམ་སྐུ་ Panchamee Hevavisenthi ལགས་ཀྱིས་ང་ཚོས་དེ་རིང་༸གོང་ས་མཆོག་ལ་སྟོན་པ་ཐུབ་པ་དབང་པོའི་རིང་བསྲེལ་འཁྲུལ་བྲལ་ཞིག་འབུལ་ཐུབ་པ་བྱུང་བ་འདི་ནི་སིངྒ་ལའི་མང་ཚོགས་ཀུན་དང་སྒོས་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཧྲིལ་པོར་དུས་ཚིགས་ཁྱད་པར་བ་ཞིག་དང་། ལྷག་དོན་༸གོང་ས་མཆོག་གི་བྱམས་བརྩེ་དང་ཤེས་རབ། འགྲོ་བ་མིའི་རིགས་ཡོངས་ལ་བཅངས་པའི་སྙིང་རྗེའི་ཐུགས་བརྩེ་ལ་རྗེས་སུ་ཡི་རང་ཞུ་རྒྱུའི་མཚོན་རྟགས་ཤིག་ཀྱང་ཆགས་ཀྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནི་འཛམ་གླིང་འདིའི་ནང་ང་ཚོས་སྟོན་པའི་རིང་བསྲེལ་ངོ་མ་འདི་དག་འབུལ་བཞེས་ཐུབ་པའི་འོས་འཚམས་ཀྱི་མི་སྣ་གཅིག་པུ་དེ་རེད་ཅེས་གསུངས་སོང་།

HHDL Buddha Relics SriLanka

དེ་རིང་སྔ་དྲོ་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་གྲུབ་རྗེས་ཤྲཱི་ལངྐའི་དགོན་པའི་སྐུ་ཚབ་རྣམས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚམས་གཟིགས་གནང་ཡོད།

རྩ་བའི་ཤྲཱི་ལངྐའི་ Raja Guru Shri Subuti Mahavihara དགོན་པའི་ངོས་ནས་དེ་སྔ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཡུལ་དེར་གནས་མཇལ་སླད་ཆིབས་བསྒྱུར་མཛད་སྐབས་དགོན་པ་དེའི་རྟེན་གཙོ་སེར་སྐྱའི་གྲོང་ནས་རྙེད་པའི་སྟོན་པ་ཐུབ་པ་དབང་པོའི་རིང་བསྲེལ་འཁྲུལ་བྲལ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་ཐུགས་འདོད་ཡོད་པ་གསུངས་ཏེ་དེར་མཐུན་འགྱུར་གནང་རྒྱུ་དང་དེ་བཞིན་གནས་ཚུལ་དེ་ཉིད་མགོན་པོ་༸གང་ཉིད་མཆོག་ལ་སྙན་སེང་ཞུ་གནང་ཡོང་བར་འབོད་སྐུལ་གསོལ་འདེབས་ཞུས་དོན་ལྟར་ད་རེས་དགོན་པ་དེའི་གནས་བརྟན་གཙོས་འབྲེལ་ཡོད་སྐུ་ཚབ་རྣམས་བཞུགས་སྒར་དུ་དངོས་སུ་ཕེབས་པ་ཞིག་ཆགས་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།